རྒྱལ་རྩེ།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།


རྒྱལ་རྩེ་ནི་བོད་ཀྱི་རྫོང་ཆེ་གྲས་ཞིག་རེད། གྲོང་རྡལ་དེ་ནི་གཞིས་རྩེ་ས་ཁུལ་གྱི་ཁོངས་སུ་གནས་ཡོད་ཅིང་དེ་ནི་ བོད་ཀྱི་རྫོང་ཁག་ནང་ནས་ཆེ་ཤོས་ཞིག་རེད། ས་དེའི་མཐོ་ཚད་ཆ་སྙོམས་རྒྱ་མཚོའི་ངོས་ལས་ རྨིད་༣༩༧༧ཙམ་ཡོད་པ་དང་ལྷ་སའི་ལྷོ་ནུབ་དུ་གནས་ཡོད་ཅིང་ལྷ་ས་ནས་ལམ་ཐག་ལེ་ དབར་༢༦༠ཙམ་ཡོད། རྫོང་དེ་ནི་མྱང་ཆུའི་སྟོད་རྒྱུད་དུ་གནས་ཡོད་པས་ཤེལ་དཀར་མྱང་ སྟོད་རྒྱལ་རྩེ་ཞེས་ཀྱང་འབོད། དེ་ནི་གྲོ་མོ་དང་། མཁང་དམར། གཞིས་རྩེ་བཅས་དུ་འགྲོ་བའི་ ལམ་གཙོ་བོ་ཞིག་ལ་གནས་ཡོད།


ལོ་རྒྱུས།[རྩོམ་སྒྲིག]

ས་ཁམས།[རྩོམ་སྒྲིག]

རྒྱལ་རྩེ་རྫོང་ནི་ཤར་ངོས་གནོད་སྦྱིན་གང་བཟང་ངམ་དེའི་རི་བརྒྱུད་ཁ་རོ་ལ། ལྷོ་ངོས་མྱང་ཆུ་གཙང་པོའི་ཆུ་མགོའི་མཚམས་དང་ཁང་དམར་རྫོང་། ནུབ་ངོས་པ་རྣམས་རྫོང་། བྱང་ངོས་རིན་སྤུངས་རྫོང་བཅས་དང་འབྲེལ་ཡོད། ༼རྒྱལ་རྩེ་རྫོང་ཐོག་མར་ཆགས་ཚུལ་རྒྱལ་རྩེ་རྫོང་གི་གནས་བཤད་དུ་གསལ་ཡོད་པས་དེར་གཟིགས་༽དེ་ཁུལ་དུ་རྒྱུགས་པའི་གཙང་པོ་ལ་མྱང་ཆུ་གཙང་པོ་ཞེས་ཟེར། དེའང་མྱང་ཆུ་ཞེས་པ་ནི་སློབ་དཔོན་པདྨ་འབྱུང་གནས་རྗེ་འབངས་ཉེར་ལྔ་དང་བཅས་གནོད་སྦྱིན་གང་བཟང་གི་རྩེ་མོར་བྱོན་ཏེ་ས་གཞི་བྱིན་གྱིས་བརླབས། དེའི་སྐབས་སུ་ལྷའི་དབང་པོ་བརྒྱ་སྦྱིན་གྱིས་ཤེལ་གྱི་བུམ་པ་བདུད་རྩིས་གང་བ་ཞིག་སློབ་དཔོན་ལ་ཕུལ་ཏེ་ལྷའི་བདུད་རྩིའི་བུམ་པ་ཟད་མི་ཤེས་པའི་བྱིན་གྱིས་བརླབས། རྗེ་འབངས་ཉེར་ལྔ་ལ་བདུད་རྩིའི་བུམ་པ་སྐྱེས་ཏེ། རིགས་ཀྱི་བུ། ལྷའི་བདུད་རྩིའི་རོ་མྱང་བར་བྱའོ་ཞེས་གསུངས་པས་ཡུལ་གྱི་མིང་ལ་མྱང་ཞེས་དང་། དེ་ནས་བུམ་པ་ཐོགས་ཏེ་གནོད་སྦྱིན་གང་བཟང་གི་རྩེར་བདུད་རྩི་ནས་བླུགས་ཏེ་བྱིན་གྱིས་བརླབས་པས་དེ་ལས་བཞུར་བའི་ཆུ་རྒྱུན་ལ་མྱང་ཆུ་ཞེས་ཐོགས། ཆུ་བོ་དེ་རྒྱལ་རྩེའི་ཁུལ་དུ་སླེབས་སྐབས་ཉིང་རོའི་ཆུ་བོ་སོགས་དང་འདུས་ཡོད་པ་དང་། ཡུལ་དེའི་འབྲོང་རྩེ་ཡན་ལ་མྱང་སྟོད་དང་། དེ་མན་ལ་མྱང་སྨད་ཞེས་ཟེར།

སྐྱེལ་འདྲེན།[རྩོམ་སྒྲིག]

ཡུལ་སྐོར།[རྩོམ་སྒྲིག]

པར་རིས་བར་འཁྱམས།[རྩོམ་སྒྲིག]


ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]