རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ།

ཡོང་ཁུངས་Wikipedia

རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་དོན་སྙིང་།[རྩོམ་སྒྲིག]

རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ནི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་སྤྱི་པའི་འཕྲོད་བསྟེན་ལས་ཀ་བྱེད་སྟངས་ཤིག་རེད། དེ་ནི་གནོད་སེལ་ནད་བཅོས་དང་། གནོད་འགོག་རིམས་འགོག་གི་བྱ་ཐབས་ནུས་ལྡན་ཞིག་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། ཁོར་ཡུག་གི་ཕན་འབྲས། བདེ་ཐང་གི་ཕན་འབྲས་བཅས་མཐོ་རུ་གཏོང་བའི་ཐབས་ལམ་ལེགས་ཤོས་ཀྱི་གྲས་ཤིག་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བ་ནི་རྒྱལ་བབ་དང་མཐུན་ཞིང་། མི་དམངས་ཀྱི་ཁེ་ཕན་དང་དགོས་མཁོ་གང་ལེགས་མཚོན་ཐུབ་པས། དེ་ནི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། དངོས་པོའི་དཔལ་ཡོན་འཛུགས་སྐྱོང་གི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཀྱང་ཡིན་པས། གོམས་སྲོལ་བསྒྱུར་རྒྱུ་དང་རྒྱལ་ཁབ་བསྒྱུར་བཀོད་བྱ་རྒྱུར་དོན་སྙིང་རླབས་ཆེན་ལྡན་ཡོད།

རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་རྩ་བའི་ལས་འགན།[རྩོམ་སྒྲིག]

རྩ་བའི་ལས་འགན་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་དང་གནོད་འཚེ་བཟོ་བའི་རྒྱུ་རྐྱེན་ངན་པ་མེད་པ་བཟོ་རྒྱུ། ནད་རིགས་འགོ་ལམ་མེད་པ་བཟོ་རྒྱུ། སྤྱི་ཚོགས་ཀྱི་ཁོངས་མིའི་སྤྱི་པའི་འཕྲོད་བསྟེན་གྱི་འདུ་ཤེས་དང་། བདེ་ཐང་གི་འདུ་ཤེས། རང་ངོས་འཕྲོད་སྦྱོར་གྱི་ནད་འགོག་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ཡིན།

རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་སྲོག་ཤིང་།[རྩོམ་སྒྲིག]

རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་སྲོག་ཤིང་ནི་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་རང་རྟོགས་ཀྱིས་བྱ་སྤྱོད་སྤེལ་བ་དང་། གསོ་རིག་དང་། རང་བྱུང་ཚན་རིག སྤྱི་ཚོགས་ཚན་རིག་བཅས་ཀྱི་ཤེས་བྱ་བེད་སྤྱད་ནས་ཁོར་ཡུག་གཙང་སྦྲ་མེད་པ་དང་མི་གཙང་བའི་བྱ་སྤྱོད་ལ་འཐབ་རྩོད་བྱས་ཏེ། གཙང་ཞིང་གྲལ་འགྲིག་པ་དང་། གཙང་མ། སྐྱིད་པ། བདེ་ཐང་བཅས་ཀྱི་འཚོ་བའི་ཁོར་ཡུག་བཏོད་དེ། ཤེས་དཔལ་ཡར་ཐོན་གྱི་རྒྱལ་གཅེས་མི་རིགས་ཀྱི་སྙིང་སྟོབས་གསོ་སྐྱོང་བྱས་ཏེ། མི་རིགས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད།

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]