རྒྱལ་ཁང་རྩེ་སྤྲུལ་སྐུ་ཆོས་འབྱོར་རྒྱ་མཚོ།་Gyalkhangtse Tulku Rinpoche

ཡོང་ཁུངས་Wikipedia

༄༅།། །རབ་བྱུང་ 10 ལྕགས་གླང་སྤྱི་ལོ་1601 ལོར་ཁྲི་ཆེན་རྒྱལ་ཁང་རྩེའི་་སྤྲུལ་སྐུ་ཆོས་འབྱོར་རྒྱ་མཚོ་འཁྲུངས། རབ་བྱུང་ 10 ས་ལུག་སྤྱི་ལོ་1619 ལོར་ཁྲི་ཆེན་རྒྱལ་ཁང་རྩེའི་སྤྲུལ་སྐུ་གཤེགས་ཞེས་དུང་དཀར་ཚིག་མཛོད་དུ་གསལ། མཁྱེན་ལྡན་རྣམ་པས་ཁུངས་ལྡན་གྱི་རྣམ་ཐར་ཁ་སྣོན་ཡོད་ན་དགའ་བསུ་དང་ལམ་སྟོན་འབུལ་བསྐུལ་ཞུ། ༈ སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགའ་ལྡན་ཆོས་བྱུང་། དཔེ་གཟུགས་ཤོགྲང་༦༩བ ༧༠ ནང་། ཁྲི་ཆེན་རྒྱལ་ཁང་རྩེ་་པ་དཔལ་འབྱོར་རྒྱ་མཚོ་དེའི་སྐྱེ་བ་ཁམས་སུ་འཁྲུངས་པ་ཆོས་འབྱོར་རྒྱ་མཚོར་གྲགས་ཞེས་གསལ། དེ་མན། ༡༣༨ ནང། ལ་མངའ་ཕག་མོ་ཆོས་སྡེའི་གདན་རབས་སུ་ཡང་ཁྲི་ཆེན་རྒྱལ་ཁང་རྩེ་་པ་དཔལ་འབྱོར་རྒྱ་མཚོ་དང་། རྒྱལ་ཁང་རྩེ་་པའི་སྐུའི་སྐྱེ་བ་ཆོས་འབྱོར་རྒྱ་མཚོ། ཅེས་སྐུ་འཕྲེང་གཉིས་ཀྱི་བསྐྱངས་པར་གསལ།