རྒྱ་སེ་མེ་ཏོག

ཡོང་ཁུངས་Wikipedia

སེ་རྒོད་རྒྱ་སེ་མེ་ཏོག Rosa rugosa རྒྱ་སེ་མེ་ཏོག་ཉི་འོད་ལ་དགའ་བ་དང་། གྲང་ངར་དང་ཐན་སྐམ་ལ་བཟོད་ཐུབ། དེ་མིན་རྒྱ་སེ་མེ་ཏོག་གིས་མཁའ་དབུགས་ཁྲོད་ཀྱི་འབུ་ཕྲ་རབ་ཚར་གཅོད་བྱེད་ཐུབ་པའི་རྐྱེན་གྱིས་མི་རྣམས་ཀྱི་ལུས་ཕུང་བདེ་ཐང་ལ་ཧ་ཅང་ཕན་པ་ཡིན། གཞན་རྒྱ་སེ་མེ་ཏོག་ཁ་ཟས་སུའང་བཀོལ་ཆོག བུད་མེད་ཀྱིས་ཁ་ཟས་སུ་བཀོལ་ན་བཞིན་མདངས་ཇེ་ལེགས་སུ་འགྲོ་ཐུབ། བརྩེ་དུང་མཚོན་བྱེད་ཀྱི་མེ་ཏོག་ཡང་ཡིན།

སྡོང་རྐང་གི་རིང་ཚད་ལ་རྨིད5-10བར་ཡོད་པ་དང་། སྡོང་པོ་སྨུག་ནག་མཁྲེགས་པར་ཡལ་ག་དང་ཡལ་ཕྲན་མང་པོ་གྱེས་ཤིང་གསར་སྐྱེས་ཡལ་ག་སྔོ་ལྗང་དྲང་ལ་མཉེན་པ་དང་། ལོ་མ་སྔོན་པོ་འཇམ་པའི་རྒྱབ་ཅུང་ཟད་སྐྱ་བ་སྙུང་ལེབ་དབྱིབས་ཀྱི་རྩེ་རིམ་བཞིན་རྣོ་བའི་མཐར་ཉག་ག་ཞིབ་པ་སོག་ལེའི་སོ་འདྲ་ཡོད་ལ་ངར་བ་ཐུང་བ་རེས་མོས་སྐྱེ་ཞིང་། མེ་ཏོག་དཀར་བ་དང་ཟིང་དཀར་གྱི་མདོག་མང་པོ་ཡོད། འབྲས་བུ་ལྗང་སྐྱ་སྤུ་དཀར་འཇམ་པོས་ཁྱབ་པ་སྨིན་ཚེ་ཁ་དོག་སེར་པོར་གྱུར་པ་སྤོ་ལོའི་དབྱིབས་ཀྱི་འབྲས་བུ་ཡིན། མེ་ཏོག་གི་དབྱིབས་ནི་དྲིལ་བུའི་དབྱིབས་དང་། མེ་ཏོག་འདབ་མ་ལྔ་ལས་གྲུབ་པ་ཡིན།

སྡེ[རྩོམ་སྒྲིག]

སེ་རྒོད་སྡེ