རེན་གཙང་པོ།
Appearance
རེན་གཙང་པོ་ནི་སུའེ་ཙེར་མངའ་ཁོངས་ནས་ཐོན་པ་དང་། བྱང་ཕྱོགས་སུ་ཧྥ་རན་སི་དང་འཇར་མན་གཉིས་ཀྱི་ས་མཚམས་སུ་བཞུར་ཏེ་མཐར་ཧོ་ལན་ནས་བྱང་མཚོའི་ནང་དུ་འབབ་ཀྱི་ཡོད་ཅིང་རིང་ཚད་བསྡོམས་བོར་སྟོང་སྨིས་༡༢༣༠ཡོད། རེན་གཙང་པོ་ནི་འཇར་མན་མི་རིགས་དང་རིག་གནས་ཀྱི་འབྱུང་གནས་ཡིན། རེན་གཙང་པོའི་འཇར་མན་ཕྱོགས་སུ་གྲོང་ཁྱེར་ཆེ་ཆུང་མང་པོ་ཆགས་ཡོད་ལ། དེ་དག་གིས་འཇར་མན་གྱི་ལོ་རྒྱུས་དང་དེང་རབས་དཔལ་འབྱོར་འཚོ་བའི་ཁྲོད་དགེ་མཚན་ཆེན་པོ་ཐོན་གྱི་ཡོད། རེན་གཙང་པོ་དེ་ཡོ་རོབ་ཀྱི་ལས་བྲེལ་ཤོས་ཀྱི་ཆུ་ལམ་ཡང་ཡིན། འོབས་ཀླུང་དང་ཏོ་ནོ་གཙང་པོ། སེ་ན་གཙང་པོ་སོགས་ཕན་ཚུན་འབྲེལ་ནས་ཡོ་རོབ་ཀྱི་གཞི་རྒྱ་ཆེ་ཤོས་ཀྱི་ཆུ་ཐོག་གི་སྐྱེལ་འདྲེན་དྲ་བ་ཆགས་ཡོད།[༡]
གསལ་བཤད།
[རྩོམ་སྒྲིག]མཚོན་རྟགས།
[རྩོམ་སྒྲིག]པར་རིས་བར་འཁྱམས།
[རྩོམ་སྒྲིག]ཟིན་ཐོ་འམ་དཔྱད་གཞི།
[རྩོམ་སྒྲིག]- ↑ "འཛམ་གླིང་གི་ཡུལ་ལྗོངས།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧