རེ་སྦི་ཡ་ག་ལྡེ་འར།

ཡོང་ཁུངས་Wikipedia

རེ་སྦི་ཡ་ག་ལྡེ་འར་ནི། དེ་སྔོན། ལི་ཡུལ་གྱི་ཡོད་ན་མེད་ནའི་ཚོང་པ་ཕྱུག་བདག་ཅིག་ཡིན་པ་དང་། རྗེས་སུ། རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་གནོད་འཚེའི་ཉེས་པ་ཕོག་ནས། ཀྲུང་གོའི་སྲིད་གཞུང་གིས་འཛིན་བཟུང་བྱས་པ་དང་། ལོ་གཅིག་གིད་རྗེས་སུ་ཡང་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བཤད་པའི་ཉེས་པ་ཕོག་ནས། དུས་བཀག་བཙོན་འཇུག་ལོ་བརྒྱད་ཀྱི་ཁྲིམས་ཆད་བཏང་། ༢༠༠༥ལོར། ཕྱི་རྒྱལ་དུ་སྨན་བཅོས་བྱ་ལ་འགྲོ་བའི་ཁ་གཡར་ནས། ཨ་རི་རུ་བྲོས་པ་དང་། དེ་ནས། ཕྱི་རྒྱལ་དུ། ལི་ཡུལ་རང་བཙན་གྱི་ཚོགས་པའི་དབུ་ཁྲིད་ནས། མཐའ་གཅིག་ཏུ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁ་བྲལ་གཏོང་བའི་ལས་ལ་བཞོལ་བ་རེད། ད་ལྟ་གཙོ་བོ་ཨ་རིའི་གྲོང་ཁྱེར་ཝ་ཧྲིང་ཏུན་དུ། ཁྲིམས་འགལ་གྱི་རང་བཙན་ལས་འགུལ་སྤེལ་གྱི་ཡོད། མི་སྣའི་ཡིག་ཚགས།

བོད་ཡིག་མིང་། རེ་སྦི་ཡ་ག་ལྡེ་འར།
དབྱིན་ཡིག་མིང་། Rebiya Kadeer
རྒྱ་ཡིག་མིང་། 热比娅卡德尔
མི་རིགས། ཡུ་གུར།
གོ་ས། འཛམ་གླེང་ཡུ་གུར་གྱི་མཐུས་མི་ཚོགས་པའི་གཙོ་བཞུགས།
སྐྱེས་ལོ། ༡༩༥༡ལོ།
སྐྱེས་ཡུལ། ལི་ཡུལ་ཨ་ལེ་ལྡེའི་གྲོང་ཁྱེར།

རེ་སྦི་ཡ་ག་ལྡེ་འར་ནི་ལི་ཡུལ་ཨ་ལེ་ལྡེ་གྲོང་ཁྱེར་དུ་སྐྱེས་ཤིང་། ལོ་༡༤ཙམ་ལ། ལི་ཡུལ་ལྷོ་མ་རུ་མནའ་མ་ཕྱིན་པ་དང་། བུ་ཕྲུག་༦ཡོད་སྐད། རིག་གནས་གསར་བརྗེའི་སྐབས་སུ། བྱིས་པའི་ལྷམ་དང་སྨད་གཡོག་སོགས་ཀྱི་ཚོང་རྒྱབ་པས། དེ་གར་གཡོ་ཚོང་མགོ་བདེ་སྐབས་འཚོལ་མཁན་ཞེས་པའི་ཉེས་མིང་བཏགས་ནས། ཁྲོམ་བསྐོར་ཁྲིད་པ་རེད། དེས་རྐྱེན་པས། ཁྱོ་ག་དང་པོ་དང་ཁ་གྱེས་པ་དང་། སྤྱི་ལོ་༡༩༨༡ལོར་ཁྱོ་ག་གཉིས་པ་དང་ཁ་ཐུག དེའང་མོ་རང་གིས། ཆང་ས་གཉིས་པ་རྒྱག་རེས་ཁ་ལ། མ་འོངས་ཁྱོ་ག་ལ་རེ་བ་གསུམ་བཏོན་པ་རེད་ཟེར་བ་ལ། གཅིག ངེས་པར་བཟའ་ཟླ་དང་ཁ་གྱེས་མྱོང་བ་དང་། གཉིས། བཟའ་ཟླས་ཚུར་གཡུག་པ། གསུམ་པ། ཁོ་མོའི་ཚོང་ལས་བྱ་བཞག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་དགོས་ཟེར་སྐད། མོ་རང་གི་ཁྱོ་ག་གཉིས་པའི་མིང་ལ། སི་ལྡི་ག་ཆིས་ཟེར་བ་དང་། ཁོ་ནི་ཡུ་གུར་རང་བཙན་རིང་ལུགས་པ་ཞིག་ཡིན་པ་དང་། ད་ལྟ་ཨ་རི་ལ་ཡོད། དེ་དང་དུས་མཚུངས་སུ་མོས་ཨུ་ལུ་མུ་ཆིའི་ཚོང་ལས་ཟམ་ལམ་གཉིས་པ་རུ་ས་ཆ་ཞིག་གླས་ནས་ཙག་ཙིག་གི་ཚོང་བརྒྱབ་པས། ལོ་བཅུའི་ཚོང་གཉེར་གྱི་ནང་དུ། ཕྱུག་བདག་ཆགས་པ་རེད། མོ་རང་ལ་ཁེ་ལས་བརྒྱད་ཡོད་པ་དང་། ཨུ་ལུ་མུ་ཆི་རུ་ལྔ་སྟེ། ཚོང་དོན་སྤྱི་གཉེར་ཁང་གཉིས་དང་། བཟོ་གྲྭ་གཉིས། ད་དུང་། ཁང་སའི་ཐོན་ཁུངས་གཅིག་བཅས་དང་། རང་བཙན་མཉམ་སྒྲིལ་དུ་ཁང་སའི་ཐོན་ཁུངས་གཅིག་དང་། བརྒྱ་ཟོག་ཚོང་ཁང་གཅིག ལྤགས་རིགས་བཟོ་གྲྭ་གཅིག་བཅས་ཡོད།