རིགས་ལྡན་དྲག་པོ་འཁོར་ལོ་ཅན

ཡོང་ཁུངས་Wikipedia

རིགས་ལྡན་དྲག་པོ་འཁོར་ལོ་ཅན་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་སྐར་རྩིས་རིག་པ་བྱེ་བྲག་ཏུ་བཤད་པའི་སྐབས་ཀྱི་གཅིག་ཡིན

སླད་ནས་རབ་བྱུང་ཉེར་གཉིས་པའི་བགྲང་བྱ་ཞེ་གཅིག་པ་མེ་མོ་ལུག་གི་ལོར་རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་ཤམ་བྷ་ལའི་རྒྱལ་སར་འཁོད་པར་འགྱུར་ཞིང་། དེར་ལོ་གོ་དྲུག་གི་བར་དུ་ཆོས་བསྟན་པ་རྫོགས་པ་དང་ཤམ་བྷ་ལ་ནས་ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱའི་ལོ་མཐར་བབས་པ་དྲག་པོ་ཉིད་དགུང་ལོ་གོ་བདུན་པ་རབ་བྱུང་ཉེར་བཞི་པའི་བགྲང་བྱ་བཅུ་བདུན་པ་ཆུ་མོ་ལུག་གི་ལོར། ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་འཕགས་པའི་ཡུལ་དུ་དྲག་པོ་འཁོར་ལོ་ཅན་རང་གི་དཔུང་ཡན་ལག་བཞིའི་སྟོབས་དང་ལྡན་པར་མ་ཟད། ལྷ་ཆེན་པོ་བཅུ་གཉིས་ཀྱི་དཔུང་རོགས་དང་བཅས་ཏེ་བྱོན་ནས་འཛམ་གླིང་ཆུང་ངུ་འདིར་ཀླ་ཀློའི་དཔུང་ལྷ་མ་ཡིན་གྱི་དཔུང་རོགས་དང་བཅས་པ་རྣམས་གཡུལ་དུ་བཅོམ་ནས། ཀླ་ཀློ་དང་ཀླ་ཀློའི་ཆོས་ལ་ཞུགས་པ་རྣམས་རྡོ་རྗེ་ཐེག་པའི་ཆོས་ལ་འགོད་པར་མཛད་པ་བཞིན་དུ་འཛམ་གླིང་ཆུང་ངུ་འདི་ནས་གཡས་སྐོར་དུ་གླིང་བཅུ་གཉིས་ལས་དུམ་བུ་གཞན་བཅུ་གཅིག་པོ་ཡང་དེ་བཞིན་གཤེགས་པའི་ཆོས་ལ་འཇུག་པ་དང་། དེ་འཇོམས་བྱེད་ཀྱི་འཁོར་ལོ་ཅན་ཡང་རིམ་པ་བཞིན་དུ་འཇུག་པས་བསྟན་པ་གསོ་བ་སོགས་སྔ་དར་གྱི་ཚུལ་གྱིས་འཛམ་གླིང་ཆེན་པོའི་དུམ་བུ་བཅུ་གཉིས་ལ་རིམ་གྱིས་འཁོར་བར་འགྱུར་རོ། །དེ་ལྟར་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་བཅོམ་སྟེ་སྐུ་ཚེ་བརྒྱ་ལོན་པ་ན། རང་གི་སྲས་གཉིས་ཆོས་སྟོན་པ་པོར་བསྐོར་ཏེ་བདེ་བའི་གནས་སུ་གཤེགས་པར་མཛད་ཅེས་གྲགས་སོ། །