Jump to content

རིག་འཛིན་གདུང་སྒྲུབ་ལས་བྱུང་བའི་རྒྱུན་བཤགས།

ཡོང་ཁུངས་Wikipedia
༄། རིག་འཛིན་གདུང་སྒྲུབ་ལས་བྱུང་བའི་རྒྱུན་བཤགས་ནར་མ་བཞུགས།



ཧཱུཾ། དགོངས་ཤིག་བླ་མ་ཡི་དམ་མཁའ་འགྲོ་དང་ཿ

    རྡོ་རྗེ་སློབ་དཔོན་རྒྱལ་བ་ཞི་ཁྲོའི་ལྷཿ

    དུས་གསུམ་བདེ་གཤེགས་སྒྲུབ་པ་དམ་ཚིག་ཅནཿ

    སྐུ་གསུམ་གདུང་འཚོབ་རྡོ་རྗེ་ལྕམ་དྲལ་མཆེདཿ

    དཔང་གྱུར་སྐྱབས་མཆོག་མ་ལུས་དགོངས་སུ་གསོལཿ

    བདག་ནི་མ་རིག་ལུས་དང་ངག་སེམས་ཀྱིསཿ

    སློབ་དཔོན་མཆེད་སོགས་སྐུ་སྨད་ངན་སྨྲས་པཿ

    ཡི་དམ་སྔགས་དང་ཕྱག་རྒྱ་མ་གསལ་བརཿ

    རྩ་བའི་དམ་ལས་འགལ་གྱུར་མཐོལ་ཞིང་བཤགསཿ

     ཤེས་བྱ་ལྔ་དང་སྤྱད་པར་བྱ་བ་ལྔཿ

     མི་སྤང་ལྔ་དང་བསྒྲུབ་པར་བྱ་རྒྱུ་ལྔཿ

     དང་ལེན་ལ་སོགས་ཡན་ལག་དམ་ཚིག་ཀུནཿ

     ཉམས་གྱུར་རང་གནོང་འགྱོད་པས་མཐོལ་ཞིང་བཤགསཿ
     སྔགས་ལ་ཐེ་ཚོམ་བླ་མེད་ཐེག་པ་སྨདཿ
     ལྟ་སྤྱོད་ཡ་བྲལ་བསྙེན་སྒྲུབ་གཞུང་མ་བསྲངསཿ
     ལོག་སྤྱོད་དབང་སོང་དུས་ཀྱི་མཆོད་པ་ཆགཿ
     སྡོམ་གསུམ་ཐུན་མོང་དམ་ཚིག་ཉམས་པ་བཤགསཿ
     རིག་པའི་རྩལ་ཆུང་སྙིང་པོའི་དོན་མ་རྟོགསཿ
     སྒོམ་པ་བསྲན་ཆུང་གནས་ལུགས་སོ་མ་ཐུབཿ
     བློ་ཡི་སྟོབས་ཆུང་སྤྱོད་པས་བོགས་མ་ཐོནཿ
     ལེགས་བསམ་སྤྱད་ཀྱང་དོན་ལོག་ཐུགས་འགལ་གྱུརཿ
     འབྲས་བུ་ཡིད་སྨོན་གྱུར་མཐོལ་ལོ་བཤགསཿ


༜ རྒྱུན་བཤགས་འདི་ནི་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱི་གཏེར་མ་ལས་བྱུང་བའོ།།