རི་བོ་ཆི་ལི་མ་ཀྲ་ལུའོ།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།
Mt. Kilimanjaro 12.2006.JPG

རི་བོ་ཆི་ལི་མ་ཀྲ་ལུའོ་ནི་མལ་གསོར་ལུས་ཡོད་པའི་མེ་རི་ཞིག་ཡིན་ལ་ཆེས་མཐོ་སར་མཚོ་ངོས་ལས་སྨིས་༥༨༩༥ཡོད་པ་དང་ཨ་ཧྥེ་རི་ཁའི་རི་བོ་མཐོ་ཤོས་ཡིན། ཐིག་དམར་གྱི་ཉེ་སར་གནས་ན་ཡང་རི་མཐོ་བའི་དབང་གིས་རི་རྩེ་གངས་མཚམས་ཀྱི་ཡན་ལ་བུད་ཡོད་ཕྱིར་ལོ་ཧྲིལ་བོར་ཁ་བས་གཡོགས་ཡོད་ལ། ཨ་ཧྥེ་རི་ཁ་གླིང་ཤར་མའི་ཡུལ་སྗོངས་ངོ་མཚར་ཅན་ཞིག་ཏུ་གྱུར་ཡོད། ས་དེ་རུ་སྐྱེ་དངོས་ཀྱི་དབྱེ་མཚམས་མངོན་གསལ་དོད་པོར་མཐོང་ཐུབ་སྟེ། རི་འདབས་ནི་ཐན་པ་ཆེ་བའི་ཚ་ཁུལ་གྱི་ལྗོན་པ་ཐར་ཐོར་རྩྭ་ཐང་དང་། དེ་ལས་མཐོ་སར་རིམ་གྱིས་ཚ་ཁུལ་ནགས་ཚལ་དང་དྲོད་ཁུལ་ནགས་ཚལ། གྲང་ཁུལ་ནགས་ཚལ་དང་སྤང་རྩྭ་བཅས་ཡིན་ལ། ཆེས་མཐོ་ས་ནི་ལོ་ཧྲིལ་བོར་ཁ་བས་གཡོགས་པའི་གངས་རི་ཡིན​།[༡]

གསལ་བཤད།[རྩོམ་སྒྲིག]

མཚོན་རྟགས།[རྩོམ་སྒྲིག]

པར་རིས་བར་འཁྱམས།[རྩོམ་སྒྲིག]

Moshi panorama edit1.jpg


ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

  1. "འཛམ་གླིང་གི་ཡུལ་ལྗོངས།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]