རང་དབང་ཁྲོམ་ར་

ཡོང་ཁུངས་Wikipedia

རང་དབང་ཁྲོམ་ར་ཞེས་པ་ནི་དཔར་འབྱོར་རིག་པའི་ཐ་སྙད་ཞིག་རེད། དེ་ནི་བདག་དབང་ཡོད་པའི་མི་སྒེར་གྱིས་རང་རང་གི་འདོད་པ་ལྟར་དངུལ་ལོར་དང་དངོས་ཟོག་སྐོར་སྐྱོད་བྱེད་པ་ལ་ཟེར། རང་དབང་ཁྲོམ་རྭའི་དཔལ་འབྱོར་ནི་འདིས་རྩ་དོན་བྱས་པའི་དཔལ་འབྱོར་མ་ལག་ཞིག་རེད། རང་དབང་ཁྲོམ་རྭའི་རྩ་དོན་ནི་སྲིད་གཞུང་ཆུང་བ་དང་ཁྲོམ་རྭ་ཆེ་བ་དེ་རེད།

དཔལ་འབྱོར་རིག་པའི་མཚན་ཉིད།[རྩོམ་སྒྲིག]

རང་དབང་ཁྲོམ་ར་ནི་སྲིད་གཞུང་གི་ཐེ་ཇུས་དང་ཚོད་འཛིན་མི་བྱེད་ཅིང་། སྲིད་གཞུང་གིས་ཁྲོམ་རར་ཚད་གཞི་ཆེས་དམའ་བའི་འགན་ནུས་སྒྲུབ་པ་ཡིན་ཏེ། དཔེར་ན། ཁྲིམས་ལུགས་ལ་སྲུང་བརྩི་དང་རྒྱུ་ནོར་གྱི་དབང་ཆར་སྲུང་སྐྱོབ་བྱེད་པ་སོགས་སོ། རང་དབང་ཁྲོམ་རའི་ཐོག་གི་རྒྱུ་ནོར་གྱི་དབང་ཆ་ནི་ཉོ་འཚོང་བྱེད་པོ་ གཉིས་ཀས་མོས་མཐུན་ཡོད་པའི་གོང་ཚད་ཀྱི་འོག་རང་དབང་ངང་བརྗེ་རེས་བྱེད་པ་ཡིན། མཚན་ཉིད་ལ་གཞིགས་ན། ཉོ་འཚོང་བྱེད་པོ་ཕྱོགས་གཉིས་ཀས་ཕ་རོལ་ པོ་ལ་ཨུ་ཚུགས་སམ་བཙན་སྐུལ་བྱས་པ་དང་། དྲག་ཤུགས་དང་དྲག་ཤུགས་ཀྱི་འཇིགས་སྐུལ་ལམ་གཡོ་སྒྱུ་ཡང་ན་ཕྱོགས་གསུམ་པས་བཙན་ཤེད་༼དཔེར་ན་སྲིད་ གཞུང་གི་གཏོང་སྤྲོད་སྤོ་སྒྱུར།༽ཀྱིས་ཉོ་འཚོང་བྱེད་དུ་བཅུག་པ་མིན། ད་དུང་རང་དབང་ཁྲོམ་རའི་ཐོག་ཕྱི་ཕྱོགས་ཀྱི་ཐེ་གཏོགས་མེད་པའི་ཉོ་མཁན་བར་དང་ཉོ་ མཁན་བར་གྱི་འགྲན་རྩོད་ལ་རང་དབང་འགྲན་རྩོད་ཟེར། དེར་བརྟེན་གོང་ཚད་ནི་ཁྲོམ་རའི་མཁོ་འདོན་གྱི་འབྲེལ་བར་གཞིགས་ནས་གཏན་འཁེལ་བྱས་པ་ལས་ བཙན་ཤེད་བྱས་པ་ཞིག་མིན། ཚོད་འཛིན་དང་ཐེ་ཇུས་བྱས་པའི་ཁྲོམ་ར་ནི་རང་དབང་ཁྲོམ་རའི་མངོན་གསལ་དོད་པའི་བསྡུར་བ་བྱ་ཡུལ་ཞིག་ཏུ་གྱུར་ཡོད། དེ་ ལྟ་བུའི་ཁྲོམ་རར་སྲིད་གཞུང་གིས་ཐད་ཀར་རམ་ཐད་ཀར་མིན་པའི་ཐོག་ནས་གོང་ཚད་དང་མཁོ་འདོན་ལ་ཚོད་འཛིན་བྱེད་ཅིང་ཁྲོམ་རའི་བརྡ་རྟགས་ལ་ འགྱུར་བ་གཏོང་བ་ཡིན། ཉོ་འཚོང་དོ་རའི་ནང་ཚོང་རྫས་གཅིག་གམ་ཞབས་ཞུའི་གོང་ཚད་ཀྱིས་མཛད་སྤྱོད་པའི་དགོས་མཁོ་ཐོན་སྐྱེད་བྱེད་མཁན་ལ་མཁོ་ འདོན་བྱེད་པ་མ་ཟད། ཁྲོམ་རའི་ཐོག་མཛད་སྤྱོད་པས་བློ་ཡིད་འཚིམ་པའི་ཐོན་ཁུངས་བཀོད་སྒྲིག་ཡོང་བར་སྐུལ་འདེད་བྱེད་པ་ཡིན། རང་དབང་ཁྲོམ་རའི་ ཐོག་གི་གོང་ཚད་ནི་ཐོན་སྐྱེད་ལྷག་མ་རང་འདོད་ལྟར་བརྗེ་རེས་བྱས་པ་ལས་བྱུང་བ་ཡིན་པ་ལས་ཚོད་འཛིན་ཁྲོམ་རའི་ཐོག་གི་སྲིད་ཇུས་ཁྲིམས་སྲོལ་གྱིས་ གཏན་འཁེལ་བྱས་པ་ཞིག་མིན། མཁོ་སྤྲོད་པ་ཚོའི་ཚོང་རྫས་དང་ཞབས་ཞུའི་རང་དབང་འགྲན་རྩོད་བརྒྱུད་གོང་ཚད་རིམ་བཞིན་ཆགས་པར་ཕྱོགས་པ་དང་ ཚོང་རྫས་དང་ཞབས་ཞུའི་སྤུས་ཚད་ལེགས་སུ་འགྲོ་བར་ཕྱོགས་པ་ཡིན། སྣང་འཇོག་བྱེད་དགོས་པར་རང་དབང་ཁྲོམ་ར་དང་ཆ་འཕྲིན་དོ་མཉམ་པའི་༼ཐ་ དག་འགྲན་རྩོད་ཀྱི་ཁྲོམ་ར༽ཡོངས་སུ་གཅིག་མཚུངས་མིན། དཔལ་འབྱོར་རིག་པ་མཁས་ཅན་ཁག་ཅིག་གིས་རང་དབངཁྲོམ་ར་ནི་དཔལ་འབྱོར་འཕེལ་རྒྱས་ ཀྱི་སྲིད་ཇུས་ཁྲོད་རྙོག་འཛིང་མེད་ཅིང་སྤྱོད་སྒོ་ཆེ་བའི་འདྲ་དཔེ་ཞིག་ལ་ངོས་འཛིན་བྱེད་ཅིང་། དཔལ་འབྱོར་རིག་པ་མཁས་ཅན་ཁག་ཅིག་གིས་རང་དབང་ ཁྲོམ་ར་ནི་ཚད་དང་ལྡན་ཞིང་སྟོང་པ་མིན་པའི་མཚན་ཉིད་ཅིག་ལ་ངོས་འཛོན་བྱེད་པ་དང་ཆབས་ཅིག་ཕུགས་འདོད་ཀྱི་རང་དབང་ཁྲོམ་ར་དང་འགལ་བའི་ ཐག་གཅོད་ཇུས་གཞིའི་སྲིད་ཇུས་ནི་ནོར་འཁྲུལ་ཞིག་ཡིན་ཏེ། སྲིད་ཇུས་དེ་དག་གིས་སྤྱི་ཚོགས་ལ་གནས་སྐབས་ཀྱི་ཕན་པ་བསྐྲུན་ཡང་སྔར་བཞིན་ནོར་འཁྲུལ་ ཞིག་ཡིན་པར་བརྗོད། ཕའོ་ལོ་སེའུ་མེར་སེན་གྱིས་ཁྲོམ་རའི་ནུས་པ་ཤོར་བ་ནི་ལས་ཆོད་མཐོ་བའི་ཁྲོམ་རའི་སྤྱིར་བཏང་སྒྲིག་སྲོལ་ལས་མིན་པའི་དམིགས་བསལ་ སྒྲིག་སྲོལ་ཞིག་ལ་ངོས་འཛིན་གྱི་ཡོད།

ཆབ་སྲིད་རིག་པའི་མཚན་ཉིད།[རྩོམ་སྒྲིག]

སྤྱི་ཚོགས་རིག་པའི་མཚན་ཉིད།[རྩོམ་སྒྲིག]

དཔྱད་གཞི།[རྩོམ་སྒྲིག]