ར་ལུང་དགོན།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།
Bundesarchiv Bild 135-S-10-13-27, Tibetexpedition, Landschaftsaufnahme, Ralung.jpg


ར་ལུང་ནི་བོད་ཀྱི་གྲུབ་མཐའི་བཀའ་བརྒྱུད་པའི་དགོན་སྡེ་གཅིག་རེད།

ནང་དོན།

ལོ་རྒྱུས། ར་ལུང་དགོན་ནི་དཔལ་འབྲུག་པ་བཀའ་བརྒྱུད་པའི་གདན་ས་སྔ་ཤོས་ཤིག་ཡིན། དེ་ནི་གཙང་གྱི་རྒྱལ་རྩེ་རྫོང་དུ་ཆགས་ཤིང་། འབྲུག་པའི་བསྟན་པའི་སྲོལ་འབྱེད་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་ཕྱི་ལོ་ ༡༡༩༣ ལོར་ཕྱག་བཏབ་མཛད། བོད་དུ་རིག་གནས་གསར་འརྗེ་བྱུང་སྐབས་དགོན་པ་དེ་རྩིག་ཤུལ་ཙམ་ལས་མ་ལྷག་པར་གཏོར་བཤིག་ཕྱིན།[རྩོམ་སྒྲིག]

ཆོས་ལུགས། དཔལ་འབྲུག་པ་བཀའ་བརྒྱུད་དུ་གྲགས་པའི་ཆོས་བརྒྱུད་འདི་ནི་བཀའ་བརྒྱུད་ནང་གསེས་ཀྱི་ཡན་ལག་ཤིག་ཡིན། འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ནས་གནམ་འབྲུག་སེ་བ་བྱང་ཆུབ་ཆོས་གླིང་དགོན་ཕྱག་བཏབ་རྗེས་དགོན་དེ་ཉིད་ལས་དར་བའི་བསྟན་པ་དེ་ལ་འབྲུག་པ་ཞེས་ཐོག དེ་ལའང་ནང་གསེས་སུ་སྟོད་འབྲུག སྨད་འབྲུག་དང་། བར་འབྲུག་བཅས་གསུམ་མཆིས།[རྩོམ་སྒྲིག]

Protective deities - Ralung Gompa, Tibet. 1993..jpg

ཟིན་ཐོ་འམ་དཔྱད་གཞི། དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

༡༽ ར་ལུང་མགོན་གྱི་བཙུན་པ་སྐུ་ཞབས་དོན་འགྲུབ་མཐར་ཕྱིན། དཔལ་ལྡན་འབྲུག་པའི་གདན་ས་ཆེན་པོ་གངས་ཅན་ལྗོངས་ཀྱི་མེ་ཏོག་མདངས་འཕྲོག་ར་ལུང་ཐེལ་གྱི་གནས་ཀྱི་བཤད་པ། རྡོར་གླིང་འབྲུག་དཀར་དཔེ་མཛོད། ༢༠༡༤[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

བོད་པའི་དགོན་སྡེའི་ཐོ།

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]