ཡོང་ཁུངས་Wikipedia

ར 1.བོད་ཡིག་གསལ་བྱེད་ཉེར་ལྔ་པ། འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་ལྕེ་སྟེང་དང༌། བྱེད་པ་ལྕེ་རྩེ་དང་ཉེ་བ། ནང་གི་རྩོལ་བ་ལྕེའི་སྟེང་རྩེ་ཅུང་ཟད་ཕྲད་པ། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན། 2.མིང་གཞིའི་མོ་གཤམ་གྱི་ཡི་གེ་ཞིག 3.རྗེས་འཇུག་མ་ནིང་གི་ཡི་གེ་ཞིག 4.མིང་གཞི་འགའ་ཞིག་གི་ཡས་ནས་སམ། མས་ནས་གདགས་བྱའི་ཡི་གེ་ཞིག་སྟེ།

                  (དཔེར་ན།) ར་མགོ་དང་ར་བཏགས་ལྟ་བུ། 

5.མིང་འགའ་ཞིག་གི་སྔོན་དུ་སྦྱར་རྒྱུའི་ཚིག་གྲོགས་ཤིག་སྟེ།

                  (དཔེར་ན།) ར་སྤྲོད། ར་མདའ། ར་ཐུག་པ། ར་བཟི་བ། བདེན་རྫུན་གྱི་ར་གཏུགས་པ། དངོས་ར་སྤྲོད་པ་ཞེས་པ་ལྟ་བུ། 

6.སྒོ་ཕྱུགས་ར་ལུག་གཉིས་ཀྱི་ནང་ནས་ར་སྟེ།

                 (དཔེར་ན།) ར་དགའ་བ་རྫ་རི་དང༌། ལུག་དགའ་བ་སྤང་རི། ར་བསད་ལུག་འདར། ཁྱི་བརྡུངས་ཕག་བྲོས་ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་སྐྱེས་སྒྲ་ཅན་དང༌། དྲི་འཛིན། ལྦ་འཆང་བཅས་སོ། །

7.ལ་དོན་གྱི་ཕྲད་ཅིག 8.ར་བ་ཡིག་ཚིག་བསྡུས་པ།

"https://bo.wikipedia.org/w/index.php?title=ར&oldid=141263"ལས་སླར་རྙེད་སོང།