ཡར་འབྲོག་བསམ་སྡིངས

ཡོང་ཁུངས་Wikipedia

ཡར་འབྲོག་བསམ་སྡིངས་དགོན་པ་ནི། ཡར་འབྲོག་སྣ་དཀར་རྩེའི་ཤར་ངོས་སུ་ཀི་ལོ་མི་ཊ་༡༠ཙམ་གྱི་མཚམས་སུ་ཆགས་ཡོད། བོ་དོང་ལུགས་ཀྱི་དགོན་གནས་གལ་ཆེན་ཞིག་ཡིན་པ་དང་། དགོན་བདག་བླ་མ་ནི་བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་རིམ་བྱོན་རྣམས་ཡིན་ཞིང་། བོ་དོང་ལུགས་ཉམས་བཞེས་མཛད་མཁན་ཞིག་གོ། །