ཡང་འཇུག་གཉིས་

ཡོང་ཁུངས་Wikipedia

ད་དང་ས་གཉིས་ཡང་འཇུག་སྟེ། ཞེས་གསུངས་པ་ལྟར་ཡང་འཇུག་ཡི་གེ་གཉིས་པོ་དེ་རྗེས་འཇུག་ཡི་གེ་ཚང་མའི་རྗེས་སུ་འཇུག་གི་རེད་དམ་ཟེར་ན་ཚང་མའི་རྗེས་སུ་འཇུག་གི་མ་རེད། ཁྱད་པར་འདི་འདྲ་ཡོད་པ་རེད། ཡང་འཇུག་གི་ཡི་གེ་གཉིས་པོ་དེའི་ནང་ནས་ཡང་འཇུག་གི་ད་དེ་ལ་ད་དྲག་ཅེས་ཟེར་སྲོལ་ཡོད་པ་རེད། ད་དྲག་དེ་རྗེས་འཇུག་ན་ར་ལ་གསུམ་གྱི་རྗེས་སུ་འཇུག་པ་དང་ཡང་འཇུག་གི་ས་དེ་རྗེས་འཇུག་ག་ང་བ་མ་བཞིའི་མཐར་ཐོབ། ཡང་འཇུག་གི་ད་དྲག་དེ་སྤྱིར་བཏང་རྗེས་འཇུག་ན་ར་ལ་གསུམ་གྱི་རྗེས་སུ་འཇུག་ཅེས་གསུངས་ཀྱང་། དམིགས་གསལ་དུས་གསུམ་ཡོད་པའི་རྗེས་འཇུག་ན་ར་ལ་གསུམ་ཅན་གྱི་འདས་ཚིག་ལ་མ་གཏོགས། མ་འོངས་པ་དང་། ད་ལྟ་བ་གཉིས་ལ་ད་དྲག་མི་ཐོབ་པའི་ཁྱད་པར་འབྱེད་དགོས་པ་ཡིན། འོ་ན་ད་དྲག་གི་ཡང་འཇུག་དེ་ནི་དེང་སང་གི་འབྲི་སྲོལ་མི་པའི་རྒྱུ་མཚན་དེ་ག་རེ་རེད་ཟེར་ན། ཡང་འཇུག་ད་དྲག་དང་། མིང་གཞི་རྐྱང་པ་ཚང་མའི་མཐར་རྗེས་འཇུག་གི་འ་ཡིག་པ་སྔ་མོའི་རྡོ་རིང་གི་ཡི་གེའི་ནང་ལ་བཀོད་ཡོད་པ་སོགས་ནི་ཆོས་རྒྱལ་མངའ་བདག་ཁྲི་རལ་གྱི་སྐབས་སུ་རྒྱ་གར་གྱི་པཎྡི་ཏ་དང་། བོད་ཀྱི་ལོ་ཙྭ་བ་རྣམས་ཀྱིས་ཡི་གེ་ཟོར་ཡང་པའི་ཆེད་དུ་ཕྱིས་དགོས་ཞེས་བཀས་བཅད་གནང་བར་བརྟེན་ཡི་གེར་བྲི་སྲོལ་མེད་པ་རྣམས། དོན་གྱིས་ཐོབ་ལུགས་ཡོད་པ་དེ་ངེས་པར་དུ་ཤེས་དགོས་པ་ཡིན