Jump to content

ཡ་རྫི་རྫོང་།

ཡོང་ཁུངས་Wikipedia

ཡ་རྫི་རྫོང་ནི་བོད་ཤར་ཕྱོགས་ཀྱི་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་ཡོད་ཅིང་།རྒྱ་སྐད་ཀྱི་ཞིན་ཧྭ་ཞེས་འབོད།རྫོང་འདི་མི་སྣ་འདུས་ཤིག་ཡོད་ནའང་མང་ཤོས་ཟ་ལར་རིགས་ཡིན་སྟབས། ཟ་ལར་རིགས་རང་སྐྱོང་རྫོང་ཡིན། ཟ་ལར་རིགས་འདི་ཆོས་ལུགས་ཁ་ཆེ་ཆོས་ལུགས་ཡིན་ལ། བཤད་རྒྱུན་ལྟར་ན་དེ་སྔོན་ས་ཆ་འདི་བོད་ཀྱི་ས་ཁུལ་ཡིན་ལ། བཙན་པོའི་སྐབས་སུ་བློན་ཆེན་ད་རྒྱལ་མང་པོ་རྗེ་ཡིས་རྒྱ་དམག་ཁྲི་ཕྲག་ཕམ་དུ་བཅུག་པའི་ལོ་རྒྱུས་ཏུང་ཧོང་ཡིག་རྙིང་དུ་འང་གསལ།ཟ་ལར་ས་འདིར་ཡོང་ནས་ཕལ་ཆེར་ལོ་བདུན་བརྒྱ་བརྒྱད་བརྒྱ་ཞིག་ལས་འགོར་མེད་པར་བཤད།ས་ཆ་འདིར་བོད་པ་མི་གྲངས་ཁྲི་གསུམ་ལྷག་ཡོད་ལ། རྒྱ་གཞུང་གིས་བགོས་པའི་བོད་པའི་མི་དམངས་སྤྱི་ལྷན་བཞི་ཡོད། དེ་ནི་རྡོ་སྦིས་དང་ བིས་མདོ་ རྐང་ཚ་ ཀ་རིང་བཅས་དང་དེ་མིན་འདིའི་ཁོངས་སུ་མ་ཚུད་པའི་བོད་སྡེ་ཡང་མང་པོ་ཞིག་ཡོད་ དེ་སེ་ཆང་དང། རྒྱ་བཞུར་ མགྲོན་ཐང་ ཨ་མ་ཅན་སོགས་ཡོད། ས་འདི་སྐྱེས་ཆེན་དམ་པ་མང་པོ་ཞིག་འཁྲུངས་ཡོད་དེ་ པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་དང།རྡོ་སྦིས་དགེ་བཤེས། ཚེ་ཏན་ཞབས་དྲུང་ གཡེར་གཤོང་ཆོས་པ་རིན་པོ་ཆེ་ ཀླ་ཀོར་རྡོ་རྗེ་འཆང་ རྫོང་དཀར་ཆུང་བ་ཚང་སོགས་མང་པོ་བྱོན་མྱོང་བ་མ་ཟད་ མི་རིགས་ཆེད་ུ་ཕྱག་ལས་རྒྱ་ཆེན་གནང་མཁན་གྱི་མི་སྣའང་མང་པོ་ཞིག་བྱོན་མྱོང་ ས་ཆ་འདི་ན་རྒྱ་དང་ཁ་ཆེ་ཡི་ཁ་རྩ་ཡིན་ཡང་མི་རིགས་ཀྱི་རྣམ་པ་མ་ཡལ་རྒྱུན་འཛིན་བྱེད་ཐུབ་ཡོད་པའི་ཀུན་གྱི་ཡིད་སྨོན་དང་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད། ད་དུང་འཛམ་གླིང་གི་ཐང་ག་རིང་ཤོས་འབྲི་མཁན་ཡང་ས་འདི་ནས་ཡིན།ཐང་ཀའི་མིང་ལ་ཀུན་འདུས་ཞལ་ཐང་ཆེན་མོ་ཟེར་ཞིང། བཞེངས་མཁན་གྱི་མིང་ལ་བརྩོན་འགྲུས་རབ་རྒྱས་ཟེར། ཁོ་ལ་ཅིན་ནི་སི་ཟིན་ཐོ་ཐོབ་ཡོད། ཨོ