ཡ
Jump to navigation
Jump to search
ཡ 1.བོད་ཡིག་གསལ་བྱེད་ཉེར་བཞི་པ་འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་རྐན་དང༌། བྱེད་པ་ལྕེ་དབུས། ནང་གི་རྩོལ་བ་རྐན་ལྕེ་ཅུང་ཟད་ཕྲད་པ་དང༌། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན། 2.མིང་གཞིའི་མོ་ཡིག་ཅིག 3.མིང་གཞི་འགའ་ཤས་ཀྱི་མས་ནས་གདགས་བྱའི་སྨད་འདོགས་བཞིའི་ཡ་གྱལ་ཞིག 4.གོང་དང་སྟེང༌གི་དོན་ཏེ།
(དཔེར་ན།) ཡ་སོ། ཡ་མཆུ། ཡ་རྐན། ཡ་མགལ། ཡ་གི་གངས་རི་དཀར་པོ་ཞེས་པ་ལྟ་བུ།
5.ཆ་མིན་པ་སྟེ།
(དཔེར་ན།) ལྷམ་ཡ་གཅིག དོ་པོ་ཡ་གཅིག་ཅེས་པ་ལྟ་བུ།
3.ཟླའམ་ཁ་གཏད་ཀྱི་དོན་ཏེ།
(དཔེར་ན།) དགྲ་ཡ། འཐབ་ཡ། འགྲན་ཡ། གཉེན་ཡ། ཡ་མེད་པ་ཞེས་པ་ལྟ་བུ།
4.འགྱོད་ཉམས་ཀྱི་ཚིག་སྟེ།
(དཔེར་ན།) ཡ། དེ་འདྲ་མ་བྱས་ན་ཆོག་པ་ལ། ཡ། དེ་འདྲའི་ཕངས་པ་ལ། ཡ། དོན་དག་གཅོད་རྒྱུ་གཅིག་བརྗེད་བཞག་ཅེས་པ་ལྟ་བུ།
5.གོ་རྟོགས་ཤར་བའི་ཚིག་སྟེ།
(དཔེར་ན།) ཡ། ཚིག་དེའི་དོན་འདི་འདྲ་ཡིན་པ་རེད་ཨང༌ལྟ་བུ།
6.འབོད་སྒྲ་ཡ་སྟེ།
(དཔེར་ན།) ཁྱོད་གང་ལ་འགྲོ། ཡ་ལགས། འོ་ཡ་ལྟ་བུ།
7.ལས་ཚིག་ལ་ལའི་མཐར་སྦྱར་བས་ལས་ཀ་དེ་བྱེད་པར་སྐུལ་བ་བྱེད་པ་སྟེ།
(དཔེར་ན།) ད་འགྲོ་ཡ། སོང་ཡ། རྐོས་ཡ་ལྟ་བུ།