འཇའུ་

ཡོང་ཁུངས་Wikipedia

འཇའུ་འམ་འཇའུ་མི་རིགས་ནི་སྤྱིར་མི་རིགས་ཧྲིལ་པོ་ཆོས་ལ་དད་པ་ཡོད་པ་ཞིག་ཡིན་ཞིང་ ཁོང་རྣམས་ཐོག་མ་དེང་གི་དབྱི་སི་རེན་གྱི་ཤར་ཕྱོགས་ཀྱི་ལོ་རྒྱུས་རྒྱལ་ཁབ་འཇུའུ་འམ་དབྱི་སི་རེན་རྒྱལ་ཁབ་ནས་རྒྱུད་པ་ཆད་པར་བཤད། ཧི་པུ་རུ་ཡི་གསུང་ཆོས་ནས་ ཨ་པ་ར་ཧམ་ ཨི་སག་ཁ་དང་ཡ་ཁས་པོའོ་ དང་གསུང་ཆོས་གཞིར་བཟུང་གི་ཆོས་དཔོན་ ས་ར་ཧ་ རུ་པའེ་ཁ་ ལི་ཡི་ཧ་དང་རི་ཁྲེའོ་རྣམས་ཡི་ཤུའུ་སྟོན་པ་མ་འཁྲུངས་སྔོན་གྱི་དུས་རབས་༡༨ལ་ཁན་ནན་(canaan)དུ་བཞུགས་པར་གསུངས། ཡ་ཁས་པོའོ་དང་ཁོང་གི་ནང་མི་བཅས་པ་ཡོ་ཧྲི་པོ་(སྐབས་དེར་ཁོང་ཧྥ་རའོ་ཧའ་ཡི་བློན་ཆེན་སུ་ཡོད་)ཡིསགདན་ཞུས་ལྟར་ཀོ་ཧྲན་ཁུལ་དུ་གནས་སྤོས་གནང། དེ་ནས་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གསུམ་པའི་ནང་ མུ་ཟའ་ཡིས་བཙན་བྱོལ་བ་རྣམས་ཨེ་ཇེབ་ནས་མ་འཁྲིད་བར་དུ་ ཆོས་དཔོན་རྣམས་ཀྱི་རིགས་རྒྱུད་དག་བྲན་དུ་འཚུད། ལོ་རྒྱུས་ལ་གཞིགས་ན་ འཇའུ་རྣམས་ཀྱི་རྒྱུད་པ་འཇའུ་ཏ་དང་ཟི་མའོན་ལས་ཆད་པར་གྲགས་ལ་ ཉུང་ཤས་ཤིག་པེན་ཅེ་མིང་དང་ལི་ཝེས་གཉིས་ནས་ཆད་པར་བརྗོད། ཡང་དེའི་འགྲམ་གྱི་བྱང་ཕྱོགས་དབྱི་སེ་རེན་རྒྱལ་ཁབ་གྱི་ལྷག་མ་རྣམས་ཀྱང་མཉམ་དུ་བཞུགས་ནས་འདྲེས་མཐར་གནའ་བོའི་འཇའུ་རྒྱལ་སྲིད་དེ་བྱུང་ཞིང་ སྤུན་ཐག་ཉེ་བའི་འཚོ་པ་ཞིག་ནི་དེ་རྣམས་ཀྱི་མེས་པོ་དབྱི་སེ་རེན་གྱི་འཚོ་པ་ཨི་ཧྥ་རེམ་དང་མེན་ན་ས་ཧ་ལས་ཆད་པར་བཤད་པའི་ས་མ་རི་ཡའི་སྐྱེས་བུ་དག་ཡིན། གསུང་རབས་ལ་གཞག་ན་དེ་རྣམས་ཀྱི་མེས་པོ་ཨེ་སིས་རའན་རྒྱལ་སྲིད་གསར་པ་དང་ཁོ་ཧའན་ནིམ་(འཇའུ་ཡི་བླ་མ་ཞིག་)གྱིས་དབྱི་སེ་རེན་རྒྱལ་ཁབ་ནང་དུ་འཁྲིད་ཡོང་བའི་མི་དག་ཁྲོད་ནས་རེད་ཟེར།

"https://bo.wikipedia.org/w/index.php?title=འཇའུ་&oldid=130166"ལས་སླར་རྙེད་སོང།