འགྱུར་
Appearance
( བྱེད་མེད་ལས་ཚིག ་ མ་འོངས་པ་དང་ད་ལྟ་བ ) ངོ་བོ་དང་རྣམ་པ་ གནས་ཚུལ་སོགས་སྔོན་དང་མི་འདྲ་བ་བྱུང་བའི་དོན་ཏེ། ལུགས་སྲོལ་འགྱུར། ཚུགས་ཀ་འགྱུར། ཆ་རྐྱེན་འགྱུར། གོ་ས་འགྱུར་ཀྱང་མི་དམངས་ལ་ཞབས་འདེགས་ཞུ་བའི་བསམ་པ་འགྱུར་མི་རུང་ལྟ་བུ། ( འགྱུར་བ ) དང་ ( འགྱུར་ལྡོག ) བྱ་དངོས་བྱུང་བ་དང་དར་བ་རྒུད་པ་སོགས་ཀྱི་བྱ་རིམ་གྱི་མིང་སྟེ། དུས་བཞིའི་འགྱུར་བ། ནམ་ཟླའི་འགྱུར་ལྡོག་ཅེས་པ་ལྟ་བུ། ( འགྱུར་ཁུགས ) སྐད་དང་སྒྲའི་གདངས་མཐོ་དམའ་ཕྲ་སྦོམ་དྲག་ཞན་སོགས་ཀྱི་སྤྱི་མིང་སྟེ། སྐད་ཀྱི་འགྱུར་ཁུགས། རོལ་མོའི་འགྱུར་ཁུགས་ཞེས་པ་ལྟ་བུ། ༢ གྱུར་གྱི་མ་འོངས་པ་དང་ད་ལྟ་བ།