Jump to content

འཁྲུངས་སྐར་ལ་ཕུལ་བའི་སྙན་ཚིག་ཁྱོར་མོ་ཞིག།

ཡོང་ཁུངས་Wikipedia

མི་ལོ་དུ་མའི་སྔོན་གྱི་དེ་རིང།

ཁྱེད་ཨ་མའི་མངལ་ནས་ཐོན་ཏེ།

འཇིག་བརྟེན་འདི་རུ།

མི་ལུས་ཀྱི་ཚེ་སྲོག་གསར་པ་ཞིག་ཆག།

དེ་ནས་རིམ་མཞིན་དཔྱིད་ཀྱི་དཔལ་ཡོན་བཞད་པ་བཞིན།

འཛུམ་མདངས་ཀྱི་ངང་ནས་འཚར་ལོང་བྱུང་ཞིང།

དགོད་སྒྲའི་འཕྲོད་དུ་མི་ཚེའི་བགྲོད་ལམ་ལ་བསྐྱོད་འགོ་ཚུགས།

ཁྱེད་ལུས་ནས་མཛེས་པ་ཡི་ཀྲག་མདངས་རབ་ཏུ་འཕྲོས་ཅིང།

སྐྲག་མདངས་ཀྱིས་གཟི་མདངས་དེ་ཡིས།

རེ་འགར།

ང་ལ་བཤོད་མི་ཤེས་པའི་འཚོར་སྣང་ཞིག་དང།

བརྗོད་མི་ཤེས་པའི་སྤྲོ་སྣང་ཞིག་དང།

ཁྱེད་ཀྱི་མཛུམས་མདངས་འདིས།

ངའི་ཡིད་དབང་རབ་ཏུ་འཕྲོག་ཅིང།

ཁྱེད་ནི་ངའི་བརྩེ་དུང་གི་གོས་རྒྱན་དུ་འགྱུར་ལ།

རིམ་བཞིན།

ཁྱེད་ནི་ངའི་ཡོད་ཚད་ཀྱི་ཡོད་ཚད་དང།

སེམས་ཀྱི་བཞན་པ་ཆག་ཡུལ་དུ་འགྱུར།

ངའི་དྲན་གསོ་གཅིག་པུ་ལ།

དེ་རིང་ནི་ཁྱེད་མི་ལོ་ཉི་ཤུ་ ལ་སོན་པས།

དེ་རིང་ནི་ཁྱེད་ཀྱི་འཁྲུངས་སྐར་ཡིན།

ཁྱེད་ཀྱི་འཁྲུངས་སྐར་ལ།

ངས་རང་གློག་ལས་ཀྱི་མདུན་དུ།

ཁྱེད་ཀྱི་འདྲ་པར་ལ་བལྟ་བཞིན།

༼ འཁྲུངས་སྐར་ལ་བཀྲ་ཤིས་མདེ་ལེགས།༽ཞེས་པའི་

ངའི་ཁྱར་ཁྱོར་གྱི་སྙན་ཚིག་འདི་དང་སྒྲོགས་པའི།

ཐར་ཐོར་སྨོན་ལམ་ཞིག་ལས་གཞན་མ་འདས།




                   ༡༠ཚེས་༢༨དགོང་མོར།