འཁྲིག་སྦྱོར་གྱི་ཤེས་བྱ་

ཡོང་ཁུངས་Wikipedia

འཁྲིག་སྦྱོར་གྱི་ཤེས་བྱ།

དང་པོ། འཁྲིག་སྦྱོར་གྱི་དགོས་ཕན།[རྩོམ་སྒྲིག]

མིས་ཟས་མ་ཟོས་ན་བཀྲེས་སྐོམ་གྱིས་གཟིར་ནས་འཆི་སྲིད་པ་ནང་བཞིན། མིས་འཁྲིག་སྦྱོར་མ་བྱས་ན་མིའི་རིགས་ཀྱི་སྐྱེ་རྒྱུན་རྩ་མེད་དུ་འགྲོ་སྲིད། དགའ་རོགས་སྒྲིག་པ་དང་གཉེན་སྒྲིག་པ། འཁྲིག་སྦྱོར་བྱེད་པ།ཕྲུ་གུ་སྐྱེ་བ་སོགས་ནི་མིའི་རིགས་རྒྱུན་མཐུད་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན་ན།དེར་ལྟ་ཚུལ་ཕྱིན་ཅི་ལོག་པ་དང་ངོ་ཚ་བ། མ་རུང་བ་ཞིག་ཏུ་མི་བརྩི་བར་ཀུན་གྱིས་གཙིགས་ཆེན་དང་བརྗོད་གཞིར་བཟུང་ན་འགྲིག་པར་རེད། བྱིས་པ་དག་ལང་ཚོ་དར་ལ་འབབ་པ་ཐོན་དུས་མཚན་རྟགས་ཀྱི་དབང་བོ་སྐྱེ་འཕེལ་དང་། གཟུགས་དབྱིབས།སྐད་གདངས།སེམས་ཁམས་སོགས་ལ་འགྱུར་ལྡོག་ངེས་ཅན་འབྱུང་སྲིད་ལ། ཕོར་ཁམས་དཀར་འབྱུང་བ་དང་མོར་ཁམས་དམར་འབྱུང་བ་ཡིན། སྐབས་འདིར་ཕོ་མོ་ཚང་མར་འཁྲིག་སྦྱོར་གྱི་རེ་འདོད་ཆེན་པོ་ཞིག་ཡོད། རེ་འདོད་འདི་ནི་རྒྱུན་ལྡན་གཟུགས་ཁམས་ཀྱི་སྣང་ཚུལ་ཞིག་ཡིན་པས།ཕོ་མོ་བར་ཉེ་བོ་བྱེད་པ་དང་དགའ་བོ་བྱེད་པ། ཐ་མར་གཉེན་སྒྲིག་པ་ཚང་མའང་རྒྱུན་ལྡན་ཞིག་ཡིན་ལ་རུང་བ་ཞིག་ཀྱང་ཡིན།

གཉིས་པ། འཁྲིག་སྦྱོར་གྱི་གཙང་སྦྲ།[རྩོམ་སྒྲིག]

གཉེན་སྒྲིག་པ་ནི་དགའ་རོགས་སྒྲིག་པའི་ལྡོག་མེད་ཀྱི་འབྲས་བུ་ཡིན་པ་དང་། འཁྲིག་སྦྱོར་བྱེད་པ་ནི་གཉེན་སྒྲིག་པའི་དགོས་ངེས་ཀྱི་དོན་སྙིང་ཡིན།འཁྲིག་སྦྱོར་བྱེད་སྐབས་བུད་མེད་ཀྱི་ཟླ་མཚན་འབབ་དུས་དང་གཡོལ་དགོས། གཡོལ་མི་ཐུབ་པ་ཡིན་ན་སྨན་པར་བསྟན་ནས་སྨན་གྱིས་ཟླ་མཚན་འབབ་པ་ཕྱིར་འགྱངས་བྱེད་དུ་འཇུག་དགོས།ཕོ་མོ་གཉིས་ཀྱི་ཕོ་མཚན་མོ་མཚན། གཤང་ལམ་སོགས་གཙང་མ་ཡང་མ་ཞིག་བཀྲུ་དགོས། གཉེན་སྒྲིག་པའི་དགོང་མོ་ཡིན་ནའང་འདྲ།ཐོག་མར་འཁྲིག་སྦྱོར་བྱེད་པའི་དུས་ཡིན་ནའང་འདྲ། ཁོ་མོ་ཚོའི་གསང་ལམ་སྐྱི་མོ་རལ་འགྲོ་བས་ཅུང་ཙམ་ན་བའི་ཚོར་བ་འབྱུང་བས།ཁོ་མོ་ཚོར་སེམས་ཁུར་དང་བྱམས་སྐྱོང་གི་ཚུལ་དུ་དལ་བ་དལ་བའི་ངང་ནས་འཁྲུག་སྦྱོར་བྱེད་དགོས་པ་ལས། འཚུབ་ཆ་དང་ཧོལ་རྒྱུགས་གཏན་ནས་བྱེད་མི་རུང་། ཐོག་དང་བོ་དེ་འཁྲུག་སྦྱོར་བྱེད་མི་ཐུབ་ན།ཐེངས་མང་བོ་ཚོད་ལྟ་བྱེད་ཆོག ། དེ་ལྟར་ཡང་བྱེད་མ་ཐུབ་ན་སྨན་པར་བརྟེན་ནས་རྐྱེན་བཙལ་ཏེ་ཡོ་བསྲང་བྱ་དགོས།མོ་གསར་ཁ་ཤས་ཀྱི་གསང་ལམ་སྐྱི་ཁ་སྔོན་ནས་ཆེ་རུ་སོང་ཡོད་པས་ཐེངས་དང་པོར་འཁྲིག་སྦྱོར་བྱེད་ན་དཀའ་ངལ་མེད། ད་དུང་མོ་གསར་ཁ་ཤས་ཀྱི་གསང་ལམ་སྐྱོ་མོ་ཙ་ཅང་སྲ་མོ་ཡིན་པས་འཁྲིག་པ་སྤྱད་ཀྱང་མི་རལ་པར་མ་ཟད་བྱིས་པ་བཙས་རྗེས་ཀྱང་རལ་མེད་པ་ཡོད་ཀི ། གསང་ལམ་སྐྱི་མོ་རལ་བའི་རྗེས་སུ་རྨ་ཁ་ན་བའི་གནས་སྐབས་སུ་འཁྲིག་སྤྱོད་བྱེད་པའི་མཚམས་འཇོག་དགོས། ཉིན་འགའི་རྗེས་སུ་རྨ་ཁ་སོས་འགྲོ་བ་རེད།གསང་ལམ་སྐྱི་མོ་རལ་རྗེས་ཁྲག་ཉུང་ཙམ་བཞུར་ནའང་མང་ཆེ་བ་རང་ཤུགས་ཀྱིས་མཚམས་འཇོག་སྲིད་པས། སྨན་བཅོས་བྱེད་མི་དགོས།ཁྲག་བཞུར་བ་མང་དྲགས་ན་མྱུར་བར་སྨན་ཁང་དུ་རྒྱུགས་དགོས། སྐབས་འདིར་གཞན་གྱི་འཕྱ་དམོད་ལ་སྐྲག་ནས་དུས་འགྱངས་མི་བྱེད་པར་ཤིན་ཏུ་གལ།

གསུམ་པ། འཁྲིག་སྦྱོར་གྱི་མཉམ་འཇོག་དགོས་ས།[རྩོམ་སྒྲིག]

གཉེན་སྒྲིག་པའི་དགོང་མོ་དང་ཡང་ན་ཐོག་མར་འཁྲིག་སྤྱོད་ཀྱི་དཔལ་དུ་འཇུག་དུས་སྐྱེས་པ་ཚོས་སྤྱོད་པ་རྩང་བོའི་ངང་འཁྲིག་སྦྱོར་བྱེད་ན། ཁོ་མོ་ཚོའི་ལུས་ཕུང་དང་སེམས་ཁམས་གཉིས་ཀར་གནོད་སྐྱོན་ཕོག་པ་མང་ཟད། ཚབས་ཆེ་ན་བརྩེ་དུང་ལ་གོད་ཆགས་ཤོར་ཏེ་བཟའ་ཞིག་རྒྱགས་དགོས་པའི་ཚོད་དུ་ལྷུང་ངེས། དེ་བས་བུད་མེད་ལ་ལར་བརྩེ་སེམས་མེད་པའི་ནད་དང་འཁྲིག་སྤྱོད་སྐབས་ཀྱི་ན་བའི་ནད། ཡང་ན་སྐྱེ་ལམ་རེངས་ཁུམ་གྱི་ནད་དག་མཚམས་འདི་ལས་བྱུང་བ་ཡིན་པས་ཁོ་མོ་ཚོ་ལ་སེར་སྣ་བྱེད་དགོས། ཐོག་མར་འཁྲིག་སྤྱོད་བྱེད་པའི་བུད་མེད་ཀྱི་སྐྱེ་འཕེལ་དབང་བོའི་མ་ལག་ཟུག་གཟེར་ཐེབས་པར་མ་ཟད་གཅིན་ལམ་དང་ལྒང་བུ་ལའང་ཚ་ནད་འབྱུང་སླ།བུད་མེད་ཀྱིས་འཁྲུག་སྦྱོར་བྱས་རྗེས་གཅིན་བཏང་ནས་གཅིན་ལམ་གྱི་ནད་འབུ་ཕྱིར་འདོར་དགོས། དེར་ཆུ་ཁོལ་མང་བོ་འཐུང་བ་དང་གཅིན་མང་བོ་བཏང་དགོསདེ་ལྟར་བྱས་ན་ལྒང་བུའི་ཚ་ནད་སྔོན་འགོག་བྱེད་པར་ཧ་ཅང་ཕན། བ་ཚྭའི་རང་བཞིན་གྱི་སྨན་སོགས་འཐུང་ན་གཅིན་སྤྲི་ཡང་བ་ཚྭར་འགྱུར་བས་ནད་འབུ་འཕེལ་བར་སྔོན་འགོག་བྱེད་ཐུབ།

བཞི་བ། འཁྲིག་སྤྱོད་ལ་མཐུན་སྒྲིག་འབྱུང་དགོས་པ།[རྩོམ་སྒྲིག]

འཁྲིག་སྤྱོད་ནི་བཟའ་ཟླའི་འཚོ་བའི་ནང་གི་གྲུབ་ཆ་གཙོ་བོ་ཞིག་ཡིན།དེར་ཕྱོགས་གཉིས་ཀ་མཐུན་པོ་འབྱུང་དགོས།དེ་ལྟར་བྱས་ན་འཁྲིག་སྤྱོད་ལས་འདོད་ཡིད་ཚིམ་པ་མ་ཟད་བཟའ་ཟླའི་འཚོ་བ་ཀུན་ལས་བདེ་སྐྱིད་དུ་ངེས་པས། ཕྱོགས་གཉིས་ཀའི་བྱ་བ་དང་བདེ་ཐང་། སེམས་ཤུགས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ།ནམ་ཡང་ཕན་ཚུན་ལ་བརྩི་བཀུར་དང་སེམས་ཁུར། རོགས་རམ་བཅས་བྱས་ན་བརྩེ་དུང་གཏིང་ཇེ་ཟབ་དང་འཁྲིག་སྤྱོད་སེམས་ཇེ་སྐྱིད་དུ་འགྱུར་ངེས།འཁྲིག་སྤྱོད་ནི་ཕྱོགས་གཉིས་ཀའི་བྱ་བ་ཞིག་ཡིན་པས། ཕྱོགས་གཉིས་ཀས་གཅེས་སྐྱོང་དང་གཞོགས་འདེགས་དམ་པོ་བྱེད་དགོས། ཡིན་ནའང་སྐྱེས་པ་ཚོ་འདོད་ཆགས་ཅུང་ལངས་སླ་བས།རྟག་པར་བུད་མེད་ཀྱི་ཕུང་བོ་ཐང་ཆད་པ་དང་སེམས་སྐྱིད་པོ་སོགས་ལ་མི་བལྟ་བ་དང་། ཐ་ན་རང་གི་རེ་བ་དེ་བུད་མེད་ཀྱིས་ཁས་ལེན་པའི་དབང་ཆ་ཡོད་སྙམ་པ་དང་། བུད་མེད་ཚོས་ཀྱང་སྐྱེས་པའི་རེ་བ་དེ་མི་སྒྲུབ་ཐབས་མེད་ཡིན་སྙམ་སྟེ། མི་འདོད་བཞིན་བསྒྲུབ་དགོས་ལགས།འདི་ལྟར་འཁྲིག་པ་སྤྱད་ན་ཕྱོགས་གཉིས་ཀར་ཆེས་སྐྱིད་པའི་ཚོར་སྣང་ཐོབ་མི་ཐུབ་པ་ཟད། ད་རུང་དུས་ཡུན་རིང་དུ་སོང་ན་བུད་མེད་ལ་འདོད་ཆགས་མེད་པའི་ནད་བྱུང་ནས་བཟའ་ཟླའི་བར་གྱི་བརྩེ་དུང་ལ་ཤན་ཞུགས་སྲིད། སྤྱིར་ཕོའི་འདོད་ཆགས་མཇེ་མགོ་ན་རྒྱུ་བཞིན་ཡོད་པས་འདོད་ཆགས་ཀྱི་་ལངས་ཚད་མགྱོགས་ལ་འཕེལ་རྒྱས་ཕྱིན་པའང་ཤིན་ཏུ་མགྱོགས། སྐར་རེ་འགའི་ནང་དུ་མཐོ་རླབས་སུ་ཐོན་སྲིད། འདོད་པ་སྤྱད་ནས་མཐོ་རླབས་སུ་སླེབས་ནས་ཁམས་དཀར་བཏང་རྗེས་འདོད་ཆགས་བྲི་ནས་གཉིད་ལོག་པ་ཡིན།བུད་མེད་ཀྱི་འདོད་ཆགས་ལངས་པ་དལ་བ་དང་། མང་ཆེ་བ་སྐར་བཅུ་ལྷག་དགོས་པ་དང་། འཁྲུག་སྤྱོད་ཀྱི་རྒྱུན་ཡང་རིང་བ་ཡིན། མཐོ་རླབས་སུ་སླེབས་རྗེས་མར་འབབ་པའི་ཡུན་ཡང་རིང་བ་ཡིན། མོའི་འདོད་ཆགས་ཀྱི་མངོན་རྟགས་ནི་སྣེ་འཛིངས་ཤིང་རྒྱ་ཆེ་བ་ཞིག་ཡིན་ཏེ། དགའ་མགུའི་གཏམ་གླེང་དང་བརྩེ་དགའ་བྱེད་པ་ལ་སོགས་མང་པོ་འདུས་ཡོད། འདོད་ཆགས་ངེས་ཅན་ཞིག་ལངས་པའི་རྗེས་ནས་ད་གཟོད་འདོད་པ་སྤྱོད་པའི་རེ་འདུན་ཡོད་ན།ཕོས་བྲེལ་འཚུབ་ཧོལ་རྒྱུགས་ཀྱིས་འདོད་པ་སྤྱད་ནས་ཁམས་དཀར་བཏང་རྗེས་གཉིད་ལོག་པ་ཡིན་ན། བུད་མེད་ལ་ཡིད་ཚིམ་པའི་འདོད་པ་མ་སྤྱད་པར་མ་ཟད།ཁ་དྲངས་པ་ཙམ་དུ་བཞག་ཡོད་པས། མོ་མཚན་ཁར་ཟ་འཕྲུག་དང་གཡའ་ཆུ་འཁོལ་ཞོར་མཚན་གང་བོར་གཉིད་ཀྱང་མི་ཁུགས་པ་རེད། ཕྱོགས་གཉིས་ཀའི་འདོད་ཆགས་མཉམ་པོ་ཡོང་ཆེད། ཡང་ན་ཕྱོགས་གཉིས་ཀའི་འདོད་ཡིད་ཚིམ་པའི་ཕྱིར་དུ། འདོད་པ་མ་སྤྱད་པའི་སྔོན་དུ་སྤྱི་གླིང་ལ་སྐོར་གཡེང་དང་རོལ་དབྱངས་ཟློས་གར་ལ་ཉན་པ། གློག་བརྙན་དང་རིག་རྩལ་རྩོམ་རིག་ལ་བལྟ་བའི་བྱེད་ཐབས་སྤྱད་ནས།བྱ་བ་བསྒྲུབས་པའི་ངལ་དུབ་དང་བསམ་པའི་སྟེང་གི་སུན་སྣང་། འཚོ་བའི་གནོན་ཤུགས་སོགས་ཀྱི་སེམས་ཁམས་སེལ་དགོས། གཉིས་ཀར་ལུས་ཤུགས་འདང་བ་བློ་སེམས་ལྷོད་ལྷོད་ཅིག་ཡོད་དགོས།འཁྲིག་སྦྱོར་གྱི་དུས་ཚོད་རབ་ཡིན་ན་དགོང་མོར་མ་གཉིད་པའི་སྔོན་ལ་བཟང་བ་ཡིན། ཡིན་རྒྱུ་ནི་ངལ་གསོ་དང་ལུས་ཤུགས་སླར་གསོ་བྱེད་དགོས་པའི་དུས་ཚོད་ཅིག་མཁོ་བས་རེད། འཁྲིག་སྦྱོར་གྱི་དུས་ལ་སླེབས་དུས་སྐྱེས་པས་འདོད་ཆགས་ལངས་པ་འོས་འཚམ་གྱིས་ཚོད་འཛིན་དང་ངང་སྒུག་གིས་བུད་མེད་ལ་གྲ་སྒྲིག་གང་ལེགས་བྱེད་དུ་འཇུག་དགོས། དཔེར་ན་རང་འགུལ་གྱིས་འཐད་་པ་བྱུང་ནས་དགའ་མགུའི་རྣམ་འགྱུར་མངོན་པ་ལྟ་བུ།བུད་མེད་ཀྱི་འདོད་ཆགས་ལངས་པའི་དུས་ཡུན་ཇེ་ཐུང་དུ་གཏོང་ཆེད། སྐྱེས་པའི་སྔོན་ལ་འདོད་ཆགས་སློང་བའི་བྱེད་ཐབས་བཀོལ་ནས་ཕོག་ཐུག་མང་པོ་གཏོང་བ་དང་བུད་མེད་ཀྱི་མཆུ་དང་ལྕེ།ནུ་མ། འདོམས་སོགས་ལ་བྱིལ་བྱིལ་བྱས་ནས་འདོད་ཆགས་ལངས་སུ་འཇུག་དགོས། བུད་མེད་ཀྱིས་ཀྱང་རང་འགུལ་གྱིས་སྐྱེས་པས་འོ་བྱེད་པ་དང་བྱིལ་བྱིལ་བྱེད་པ་སོགས་དང་ལེན་བྱས་ཏེ་སྐྱེས་པ་ལ་གཞོགས་འདེགས་བྱེད་དགོས། འཁྲིག་པ་སྤྱད་ཚར་རྗེས་གཉིད་དུ་མི་ལོག་པར་འོས་འཚམ་གྱིས་འོ་དང་བྱིལ་བྱིལ་བྱས་ནས་བུད་མེད་ལ་བྱམས་བརྩེ་སྦྱིན་དགོས་པ་ལས།བུད་མེད་ལ་བསམ་བློ་མི་གཏོང་བར་དེ་མ་ཐག་གཉིད་སྐྱིད་པོ་ལོག་མི་རུང་།

ལྔ་བ། འཁྲིག་སྤྱོད་ཀྱི་ཚད་གཞི།[རྩོམ་སྒྲིག]

འཁྲིག་སྦྱོར་གྱི་འཚོ་བ་རྒྱུན་ལྡན་ཞིག་ཡིན་ནའང་ངེས་པར་དུ་ཚད་དང་རན་པ་ཞིག་ཡིན་དགོས།ཚད་ལས་འདས་ན་ཕུང་བོར་སྐྱོན་འབྱུང་དང་བྱ་བར་གནོད་སྐྱོན་འབྱུང་ངོ། འཁྲིག་སྦྱོར་གྱི་འཚོ་བ་ཅི་ལྟར་རོལ་ན་ཚད་དང་རན་པ་ཞིག་ཡིན་ཟེར་ན།དེ་ནི་བཟའ་ཟླའི་གཉིས་ཀའི་ལོ་ཚོད་དང་།གཟུགས་གཞི།བདེ་ཐང་གི་གནས་ཚུལ།ངལ་དུབ་ཀྱི་ཚད། གནས་བབ་ཀྱི་གནམ་གཤིས།བསམ་པའི་རྒྱུ་རྐྱེན་ལ་སོགས་པས་ཐག་གཅོད་དགོས། སྤྱིར་དར་ལ་བབས་པའི་ཕོ་མོ་གཉིས་ཀྱིས་གཟའ་འཁོར་རེ་ལ་ཐེངས་གཅིག་གམ་གཉིས་འོས་འཚམ་ཡིན་པ་དང་། ལུས་ཕུང་ཅུང་ཞན་ན་དེ་ལས་ཉུང་དགོས།འཁྲིག་སྦྱོར་གྱི་ཚད་རན་མིན་ནི་འཁྲིག་པ་སྤྱད་རྗེས་ཀྱི་ཕྱི་ཉིན་གྱི་ཚོར་བ་བལྟ་དགོས། གལ་ཏེ་ངལ་དུབ་ཀྱི་ཚོར་བ་མེད་པ་དང་སེམས་ལྷོད་པོ་ཡིན་པ། བྱ་བ་བསྒྲུབ་ན་ངར་ཤུགས་ཡོད་ན་འཁྲུག་པ་སྤྱད་པ་ཚད་དང་རན་པ་ཡིན་སོང་། གལ་ཏེ་དེ་འདྲ་མ་ཡིན་པར་དྲན་པ་འཁྲལ་འཁྲུལ་དང་མགོ་བོ་ལྕི་ཞིང་། ཉྭ་རིལ་གྱི་ཚོར་བ་བྱུང་བ། ཐང་ཆད་ཤུགས་མེད་དུ་གྱུ་ཡོད་ན་ཚད་ལས་བརྒལ་འདུག

དྲུག་པ། འཁྲིག་སྦྱོར་བྱེད་མི་ཉན་པའི་གནས་བབས།[རྩོམ་སྒྲིག]

ཁྱོ་ཤུག་གི་འཚོ་བ་དེ་འཁྲིག་སྦྱོར་གྱི་འཚོ་བ་ཁོ་ན་མ་ཡིན་པར་བྱ་བའི་སྟེང་དུ་ཕན་ཚུན་ལ་སེམས་ཁུར་དང་རོགས་རམ་བྱེད་པའི་སྔོན་འགྲོ་ཡིན་པས་ན།སྐྱེས་པ་དང་བུད་མེད་སུ་ཡིན་ནའང་ངེས་པར་དུ་རང་ཉིད་ཀྱི་འདོད་པ་ཚོད་འཛིན་བྱས་ནས་འཁྲིག་སྦྱོར་རྒྱུ་གཏན་འགོག་བྱེད་དགོས། 1ཕོ་ཡིན་ན་ཐང་ཆད་དྲགས་པ་དང་ཆང་གིས་བཟི་བ།ཡང་ན་ནད་བྱུང་ནས་དྲག་མ་ཐག་གི་གནས་ཚུལ་འོག་ཏུ་འཁྲིག་པ་སྤྱོད་མི་རུང་། གལ་ཏེ་སྤྱད་ན་ཁམས་དཀར་རྒྱུན་དང་མི་མཐུན་པར་གྱུར་ཡོད་པས་མངལ་སྦྲུམ་པའི་སྦྲུམ་བུའི་སྐྱེ་འཕེལ་ལ་གནོད་སྐྱོན་བཟོ་ངེས། 2མོ་ཡིན་ན་ཟླ་མཚན་འབབ་སྐབས་འཁྲིག་སྦྱོར་བྱེད་མི་རུང་། རྒྱུ་མཚན་མངལ་ཁོག་གི་ཁྲག་ཇེ་རྒྱས་དང་ཟླ་མཚན་འབབ་ཡུན་འགྱངས་པ། ཁྲག་ཇེ་མང་དུ་འགྲོ་དུས་ཡིན་པས་སྐྱེ་ལམ་དུ་ནད་འབུ་ཕྲ་མོ་ཞུགས་ཡོད། 3བུད་མེད་ལ་མངལ་སྦྲུམ་པའི་ཐོག་མའི་ཟླ་གསུམ་དང་མཐའ་མའི་ཟླ་གསུམ་ནང་དུ་འཁྲིག་སྦྱོར་བྱེད་མི་རུང་། མངལ་སྦྲུམ་མ་ཐག་གི་དུས་སུ་སྦྲུམ་མེར་བུ་སྣོད་དུ་སྲ་མོ་ཆགས་མེད་མེད་པས་འཁྲིག་པ་སྤྱད་ན་བུ་སྣོད་བསྐུམ་ནས་མངལ་ཤོར་སླ་བ་ཡིན། མངལ་སྦྲུམ་ནས་མཐའ་མའི་ཟླ་གསུམ་བུ་སྣོད་ཁ་དལ་གྱིས་ཕྱེ་བཞིན་ཡོད་པས་འཁྲིག་པ་སྤྱད་ན་ནད་འབུ་ཕྲ་མོ་སྐྱེ་ལམ་ཞུགས་ནས་སྐྱེ་མའི་ཚ་ནད་འབྱུང་སྲིད་པ་དང་ཡང་ན་བུ་སྣོད་ལ་ཟུག་རེག་བཏང་བའི་རྐྱེན་གྱིས་ཟླ་ཁ་མ་གང་བར་ཕྲུ་གུ་སྐྱེ་བའམ་ཁྲག་བཞུར་བ་ཡིན། 4བྱིས་པ་སྐྱེས་པའི་རྗེས་སུ་བུ་སྣོད་དེ་སྔོན་མ་བཞིན་སོས་མེད་པས་འཁྲིག་པ་སྤྱོད་མི་རུང།རྒྱུ་མཚན་ནི་བུ་སྣོད་ཀྱི་གནས་འགྱུར་བ་དང་ཁྲག་འབབ་པའམ་ཡང་ན་སྐྱེ་ལམ་དུ་ཚ་ནད་འབྱུང་བར་སྔོན་འགོག་བྱེད་པའི་དོན་དུ་ཡིན།