ཟུར་གསུམ་སྐར་ཚོམ་

ཡོང་ཁུངས་Wikipedia

ཟུར་གསུམ་སྐར་ཚོམ་ Triangulum ཟུར་གསུམ་སྐར་ཚོམ་ནི་ནམ་མཁའ་བྱང་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་། དེ་དྲང་སྲོང་དཔའ་བོའི་སྐར་ཚོམ་དང་ལྷ་མོའི་སྐར་ཚོམ། གཡང་དཀར་སྐར་ཚོམ། ཉ་ཟུང་སྐར་ཚོམ་བཅས་དང་འབྲེལ་ནས་ཡོད།

ངོ་སྤྲོད།[རྩོམ་སྒྲིག]

ཟུར་གསུམ་སྐར་ཚོམ་ནི་ནམ་མཁའ་བྱང་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་། དེ་དྲང་སྲོང་དཔའ་བོའི་སྐར་ཚོམ་དང་ལྷ་མོའི་སྐར་ཚོམ། གཡང་དཀར་སྐར་ཚོམ། ཉ་ཟུང་སྐར་ཚོམ་བཅས་དང་འབྲེལ་ནས་ཡོད། སྐར་ཚོམ་འདིའི་རྒྱ་ཁྱོན་ལ་ཏུའུ་གྲུ་བཞི་མ131.85ཡོད་ལ། ནམ་མཁའ་ཡོངས་ཀྱི་རྒྱ་ཁྱོན་ལས0.320%ཟིན། ནམ་མཁའ་ཡོངས་ཀྱི་སྐར་ཚོམ་བརྒྱད་ཅུ་གྱ་བརྒྱད་ཁྲོད་སྐར་ཚོམ་འདིའི་རྒྱ་ཁྱོན་ཨང་རིམ་བདུན་ཅུ་དོན་བརྒྱད་པ་ཡིན།

ངག་རྒྱུན།[རྩོམ་སྒྲིག]

གནའ་བོའི་ཀེ་རི་སེས་ཟུར་གསུམ་སྐར་ཚོམ་ལDeltotonཟེར་ཞིང་། འདིས་གཙང་བོའི་ཟུར་གསུམ་གླིང་མཚོན་པ་དང་། ལྷག་པར་དུ་ཉི་ལུའོ་གཙང་བོའི་ཟུར་གསུམ་གླིང་མཚོན་པ་ཡིན་པས། དེ་ལ“གཙང་བོའི་ལག་སྐྱེས”ཀྱང་ཟེར། གཞན་འདིས་ཞིང་ལས་ལྷ་མོ་ཏེ་མོ་ཐེ་ཨེར་སྡོད་སའི་ཞི་ཞི་ལི་གླིང་ཕྲན་མཚོན་པ་ཡིན་ཞིང་། ཞི་ཞི་ལི་གླིང་ཕྲན་ནི་ཏེ་མོ་ཐེ་ཨེར་ལ་ཕུལ་བའི་མཆོད་རྫས་ཡིན་པ་དང་། ཕོ་ཨེར་སའེ་ཧྥུ་ཉི་གནས་འདི་ནས་གཤིན་རྗེའི་རྒྱལ་པོ་ཧ་ཏེ་སིས་ཁྲིད་སོང་བ་ཡིན།