ཞོགས་དུང་།

ཡོང་ཁུངས་Wikipedia
Jump to navigation Jump to search
缩略图

སྨྱུག་མིང་ཞོགས་དུང་། མཚོ་སྔོན་གཅན་ཚའི་མི། བོད་ཀྱི་གྲུབ་ལྟ་ལོག་པའི་སྲོལ་འབྱེད་མཁན། བློ་འབྱེད་མཁན། དཔྱད་བརྗོད་པ། བསམ་བློ་བ། བདག་དཔེ་ཚོགས་ཀྱི་རྩོམ་སྒྲིག་པ། སྤྱི་དབངས་ཀྱིས་མི་རྟོན་པ་དང་འཚེ་མེད་ཞི་རྒོལ་གྱི་ལག་ལེན་པ་དང་དེའི་ལྟ་གྲུབ་སྨྲ་མཁན། ཁོང་གི་བརྩམས་ཆོས་ལ། དཔྱོད་ཤེས་རྒྱང་འབོད། དོགས་སློང་སྙིང་སྟོབས། རིགས་ཤེས་ཀུན་གྲོལ་དང་《གནམ་ས་གོ་འབྱེད》(བོད་ཡིག ༢༠༡༠)/(རྒྱ་ཡིག ༢༠༡༣)སོགས་བརྩམས་ཆོས་མང་། དེང་གི་ཆར་ཁོང་བཟང་བཙོན་འོག་རང་ཁྱིམ་དུ་བཞུགས་ཡོད། ༢༠༡༡ལོར་ཟླ་༤པའི་ཚེས་༡༣ཉིན་མཚོ་སྔོན་ཞིང་ཆེན་གྱི་གསང་བའི་ལས་ཁུངས་ནས་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ཉེས་མིང་འོག་འཇུ་བཟུང་བྱས་པ་དང་། ཡང་ལོ་དེའི་ཟླ་༡༠ཚེས་༡༤ཉིན་ཁག་ཐེག་འགན་ལེན་ལ་གཞིགས་ནས་གློད་བཀྲོལ་ཐོབ་པ་དང་། ད་ལྟ་བར་རང་ཁྱིམ་དུ་བཟང་བཙོན་ལ་ཡོད།
[༡] སྤྱི་ལོ༢༠༡༠ལོ་འགོར། ཞོགས་དུང་ལགས་ཀྱིས་བོད་ཡིག་གི་བརྩམས་ཆོས་གྲགས་ཅན།《གནམ་ས་གོ་འབྱེད》བརྩམས་ཤིང་། དཔེ་དེབ་དེའི་ནང་༢༠༠༨ལོའི་བོད་ཁུལ་གྱི་ཞི་བའི་གྱེན་ལངས་ཀྱི་དོན་སྙིང་ལ་དཔྱད་བརྗོད་སྤེལ་ཡོད་པའི་ཁར། བོད་མི་རྣམས་ལ་འཚེ་མེད་ཞི་བའི་ལམ་ནས་མཉམ་འབྲེལ་བྱེད་པའམ། དྲག་པོ་མ་ཡིན་པའི་མི་རྟོན་པའི་ལམ་ནས་རྒྱ་དམར་གཞུང་ལ་འཐབ་རྩོད་བྱེད་པར་འབོད་སྐུལ་གནང་འདུག ལོ་དེར་ཡུལ་ཤུལ་ལ་ས་ཡོམ་བརྒྱབ་རྗེས། ཞོགས་དུང་དང་མཛངས་མ་འཇམ་དབྱངས་སྐྱིད་ཀྱིས་མཚོན་པའི་རྩོམ་པ་པོ་གྲགས་ཅན་བདུན་གྱིས་བོད་པ་མི་རེ་ངོ་རེ་ཡུལ་ཤུལ་ས་གནས་སུ་བསྐྱོད་ནས་རོགས་སྐྱོར་གནང་བ་ལས་རྒྱ་དམར་གཞུང་བརྒྱུད་ནས་ཕན་མེད་སྟོང་ཟད་ལ་མ་འབད་རོགས་ཞེས་འབོད་སྐུལ་ཤུགས་ཆེར་གནང་འདུག ལོ་དེའི་ཟླ ༤ཚེས ༢༣ཉིན། མཚོ་སྔོན་ཞིང་ཆེན་གསང་བའི་ལས་ཁུངས་ཀྱིས་རྩོམ་པ་པོ་གྲགས་ཅན་ཞོགས་དུང་འཛིན་བཟུང་བྱས་ཤིང་། བཀག་ཉར་འཛིན་བྱས་པའི་སྟེང་དུ་རྒྱལ་ཁབ་ཁ་བྲལ་གྱི་དཀྲོགས་གཏམ་བཟོས་པའི་ཉེས་ཅན་པའི་དོགས་གཞི་ཡོད་ཚུལ་བཀོད་ཡོད།

སྐྱེས་ལོ། སྤྱི་ལོ་༡༩༦༣ལོར།
དངོས་མིང་། བཀྲ་ཤིས་རྒྱལ་མཚན་(ཝི་ལིའི་བསྒྱུར་འབྲི་རུ་bkra shes rky mtshoདང་། རྒྱ་ནག་ཡི་གེ་རུ་扎西加措)
བསྡུས་མིང་། བཀྲ་རྒྱལ།(ཝི་ལིའི་བསྒྱུར་འབྲི་རུ་bkra rgyalདང་། ལ་ཏིང་གསལ་བྱེད་ཀྱི་བསྒྱུར་འབྲི་རུ་Tagyal 扎加)
སྨྱུག་མིང་། ཞོགས་དུང་།(ཝི་ལིའི་བསྒྱུར་འབྲི་རུ་zhogs dungདང་། རྒྱ་ནག་ཡི་གེ་རུ་学懂/学东)

སྨྱུག་མིང་ཞོགས་དུང་དུ་འབོད་པའི་མི་དེ་ནི་སྔོན་མཚོ་སྔོན་མི་རིགས་པར་བསྐྲུན་ཁང་བོད་ཡིག་སྡེ་ཁག་གི་རྩོམ་སྒྲིག་པ་ཞིག་ཡིན་པ་དང་། སྔ་རྗེས་སུ། མཚོ་སྔོན་བོད་ཡིག་གསར་འགྱུར་སྟེང་དུ་འཕག་འཚག་གི་ང་རོ་དང་བག་ཆགས་དོང་སྤྲུག་ཅེས་པའི་རྩོམ་གཉིས་བཀོད་ནས་བོད་ཡོངས་ལ་འཚོ་གནས་ཀྱི་གནད་དོན་དང་འབྲེལ་བའི་བསམ་གཞིག་གི་ཆུ་མོ་བརྡོལ་བཅུག་པ་རེད། བག་ཆགས་དོང་སྤྲུག་གི་རྩོམ་དེ་དོན་པ་ནས་བཟུང་བོད་ཀྱི་སྒྲུབ་མཐའ་གསར་པ་དབུ་བརྙེས་པ་རྩིས་ཤིང་། ལྷག་པར། སློབ་ཆེན་པའི་ཁྲོད་དུ་ཞོགས་དུང་གི་ལྟ་སྒྲུབ་ཀྱི་རྗེས་མཇུག་ཤིན་ཏུ་མང་ཤིང་། བོད་མིའ་འཚོ་གནས་ལ་ཁ་ཕྱོགས་པའི་གླིང་གཞི་མང་པོ་ཞིག་དོན་ཞིང་། ད་དུང་། ཆོས་ལུགས་པའི་སྡེ་གཙོ་བོ་བྱས་བའི་སྲོལ་རྒྱུན་མི་སྣས་མཐའ་གཅིག་ཏུ་བག་ཆགས་རྙིང་པ་རྒོལ་བའི་ཞོགས་དུང་གི་སྡེ་ལ་ལྟ་ལོག་དང་། ཞབས་འདྲེན་ཟེར་ནས་རྒོལ་བ་དང་། གསེར་རྟ་བླ་རུང་གི་མཁན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཀྱང་བག་ཆགས་དོང་སྤྲུག་གི་ལན་ཞེས་པའི་རྩོམ་ཡིག་བཀོད་ཅིང་། མཁན་བསོད་ནམས་དར་རྒྱས་ཀྱིས་ནི། སློབ་ཆེན་ཁག་ཏུ་གཏམ་བཤད་སྤེལ་ནས་ཞོགས་དུང་གི་ལྟ་སྒྲུབ་སྐོར་ལ་དྲི་བ་བཀོལ་བའི་སྐབས་སུ། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སྲོལ་རྒྱུན་ལ་མཐའ་གཅིག་ཏུ་འགག་ཡོད་ནའང་། བོད་ནི་དེ་འདྲའི་སྔོན་ཐོན་ཞིག་ཆགས་མེད་པས། བོད་རྗེས་ལུས་དེ་སྲོལ་རྒྱུན་གྱིས་བྱས་པ་མ་རེད་ཅེས་འགག་ལན་འཁྲོལ་བ་ལ་སོགས་གང་ལྟར་སྔར་ལས་བྱུང་མ་མྱོང་བའི་གླིང་ཆེན་པོ་ཞིག་སློང་བ་རེད།

བརྩམས་ཆོས།[རྩོམ་སྒྲིག]

(༡)རྨོངས་སྐྲན་འཇོམས་པའི་གཏར་ཁའམ་འཕག་འཚག་གི་ང་རོ། མཚོ་སྔོན་བོད་ཡིག་གསར་འགྱུར་སྟེང་དུ་འཁོད།
(༢) བག་ཆགས་དོང་སྤྲུག མཚོ་སྔོན་མི་རིགས་གསར་འགྱུར་སྟེང་དུ་འཁོད།
(༣) དཔྱོད་ཤེས་རྒྱང་འབོད། ༢༠༠༡/༣/༢༧ ཟི་ལིང་དུ་བརྩམས། ༢༠༠༡/༧ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་ནས་དཔར་ཐེངས་དང་པོ་དཔར། ༢༠༠༨/༤དཔར་ཐེངས་བཞི་པ་དཔར།
(༤)དོགས་སློང་སྙིང་སྟོབས། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༠༤ལོའི་ཟླ་༦པར་དཔར། བདག་དཔེ་ཚོགས་ཀྱི་ནང་ཚན་བརྩམས་དེབ་ཅིག
(༥) གནམ་ས་གོ་འབྱེད། ༢༠༡༠ལོ་འགོར་བོད་ཡིག་ཏུ་བརྩམས། ༢༠༡༣ལོར་རྒྱ་ཡིག་མ་དོན།
(༦)རིགས་ཤེས་ཀུན་གྲོལ། ཀན་སུའུ་མི་རིགས་དཔེ་སྐུན་ཁང་ནས་དཔར།
(༧)དད་པ་གླེང་བ།
(༨)བྱིས་པར་སློབ་གསོ་གཏོང་སྟབས་སྐུལ་ཚིག་བཞི་བཅུ་མ་(བསྒྱུར་རྩོམ་ཞིག་)

དཔྱད་ཡིག[རྩོམ་སྒྲིག]