ཞེ་ཁུ་སི་པེར།
Appearance
ཞེ་ཁུ་སི་པེར་(༡༥༦༤-༡༦༡༦)(དབྱིན་ཇིའི་སྐད།: William Shakespeare)ནི་མིའི་རིགས་ཀྱི་ཆེས་རླབས་ཆེ་བའི་ཟློས་གར་རྩོམ་མཁན་གྱི་གྲས་ཤིག་ཡིན། ཁོང་དབྱིན་ཇི་ཡི་ཁེ་ལས་བདག་པོ་ཆུང་ངུ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས་ཤིང་ཟློས་གར་ཁང་གི་ལག་གཡོག་དང་འཁྲབ་སྟོན་མཁན་མཛད་མྱོང་། རྗེས་སུ་ཁོང་གིས་རང་ཉིད་ཀྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་ཤེས་བྱ་བེད་སྤྱད་དེ་ཟློས་གར་༣༧བརྩམས་ཤིང་། འཛམ་གླིང་གི་ཟློས་གར་ལོ་རྒྱུས་ཐོག་ཏུ་གཞན་གྱིས་འགྲན་མི་བཟོད་པའི་གྲུབ་འབྲས་བླངས། ཁོང་གི་ཟློས་གར་བརྩམས་ཆོས་ནི་རིག་རྩལ་བསྐྱར་དར་དུས་ཀྱི་མི་ཚུལ་བསམ་བློའི་མཚོན་བྱེད་ཁྱད་འཕགས་ཅན་ཡིན་ཅིང་། འཛམ་གླིང་རྒྱལ་ཁབ་སོ་སོའི་ཟློས་གར་ལ་ཤུགས་རྐྱེན་ཆེན་པོ་བཞག དེ་ལས་༼ཧམ་ལེ་ཐྲི་༽དང་༼རའོ་མེའུ་ཨོ་དང་ཇོའུ་ལིའུ་ཡ་ཐི་༽སོགས་འཛམ་གླིང་ཟློས་གར་གྱི་རྨད་བྱུང་བརྩམས་ཆོས་སུ་གྱུར་ཡོད།[༡]
མི་ཚེ།
[རྩོམ་སྒྲིག]པར་རིས་བར་འཁྱམས།
[རྩོམ་སྒྲིག]ཟིན་ཐོ་འམ་དཔྱད་གཞི།
[རྩོམ་སྒྲིག]- ↑ "ལོ་རྒུས་བཤད་པ།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧
དཔྱད་གཞིའི་དཀར་ཆག།
[རྩོམ་སྒྲིག]- རའོ་མེའུ་ཨོ་དང་ཇོའུ་ལིའུ་ཡ་ཐི། (༡༥༩༡~༡༥༩༥)
- ཧམ་ལེ་ཐྲི། (༡༥༩༩~༡༦༠༡)
- ཨོ་སེ་ལོ། (༡༦༠༣)
- རྒྱལ་པོ་ལེར། (༡༦༠༣~༡༦༠༦)