ཝེ་ཁེ་ཚིག་མཛོད་

ཡོང་ཁུངས་Wikipedia

བྱུང་རབས།[རྩོམ་སྒྲིག]

ཝི་ཀིའི་ཚིག་མཛོད་ནི་བུ་མོ་སྤུན་གྱི་ལས་གྲྭའི་རྣམ་གྲངས་ཤིག་རེད། ལས་གྲྭ་དེ་༢༠༠༢ལོའི་ཟླ་༡༢ཚེས་༡༢ཉིན་ནས་འགོ་ཚུགས་པ་ལ། བྱེད་པོ་ནི་ཝི་ཀི་བ་དཱ་ནི་ཨེལ་སི་ཐོན་ཡིན། དམིགས་ཡུལ་ནི་མིའི་རིགས་ཀྱི་སྐད་ཡིག་ཐམས་ཅད་འདུས་པའི་ཚིག་མཛོད་ཅིག་བསྐྲུན་རྒྱུ་དེ་རེད།

དབྱིན་ཡིག་དུ། wiktionary
རྒྱ་ནག་སྐད་དུ། 维基词典

པར་གཞི་ཁག[རྩོམ་སྒྲིག]

ད་ལྟའི་བར་དུ། དབྱིན་ཇི་དང་། ཉི་ཧོང་། ཨུ་རུ་སུ། ཏུར་ཁེ། ཝེད་ནམ། རྒྱ་ནག གྷི་རི་སི་ལ་སོགས་པའི་ཡིག་རིགས་ཀྱི་པར་གཞི་ཡོད།

ཚིག་ཚན་བཟོ་བའི་ཐད།[རྩོམ་སྒྲིག]

གཙོ་བོ་ཐ་སྙད་དེའི་ཁུངས་དང་། ཀློག་སྟངས། གོ་དོན། སྒྲ་སྦྱོར། ཡིག་བསྒྱུར་སོགས་ལ་མཆན་འགྲེལ་རྒྱག་པ་མ་གཏོགས། རིག་གནས་དང་ལོ་རྒྱུས་རྒྱབ་ལྗོངས་ཚུད་པ་དག་ལ་གསལ་བཤད་བྱེད་སྲོལ་མེད། དཔེར་ན། ཚིག་ཚན་བོད་ལ། ཝེ་ཁེའི་རིག་མཛོད་དུ། དེའི་ལོ་རྒྱུས་དང་རྒྱལ་རབས། དར་རྒུད་སོགས་ཇི་བཞིན་བརྗོད་ཡོད་པ་ལ། ཝེ་ཁེའི་ཚིག་མཛོད་དུ་ཚིག་དེའི་ཐོག་མའི་གོ་དོན་དང་། སྒྲ་ཀློག་སྟངས། ཡི་གེའི་འགྱུར་བ་སོགས་ལས་གཞན་མི་འཁོད། དེ་བཞིན་དེ་རྒྱ་དཀར་ནག་དབྱིན་སོགས་སུ་ཇི་ལྟར་འབོད་པ་ཞིག་བཀྲོལ་བ་ལས། ཡིག་རྫོབ་ཡེ་ནས་མི་དོན། དེ་ལྟར་བྱས་ནས། ཝི་ཀིའི་རིག་མཛོད་ཀྱི་ངོ་བོ་དང་དབྱེ་མཚམས་ཤིག་ཕྱེས་པ་རེད།

རྩོམ་སྒྲིག་གི་ཐད།[རྩོམ་སྒྲིག]

ད་ཡོད་མིང་མཛོད་གཞན་པ་དཔྱད་གཞི་ཙམ་བྱས་ནས་སྒྲིག་དགོས། རང་དབང་ནི་དེ་གའི་ཚིག་མཛོད་ལ་མངའ་བའི་ཁྱད་ཆོས་ཤིག་རེད་ལ། སུ་ཞིག་གིས་ཀྱང་། ཚིག་ཚན་གསར་བཟོ་དང་ཚིག་ཚན་གྱི་མ་འདང་བའི་ཆ་ལ་ལེགས་བཅོས་བྱེད་ཆོག ཐ་ན། ཐོ་འཛུ་བྱེད་མེད་ནའང་། དེ་ག་ནང་བཞིན་གྱི་ཚིག་ཚན་གསར་བཟོ་དང་ལེགས་བཅོས་བྱ་བའི་དབང་ཆ་ཡོད། མ་ཟད། དོགས་འཆར་དང་མ་ཤེས་པའི་གནད་ཚུལ་ཐོན་ན། དེ་གའི་ཤོག་ངོས་ཀྱི་གྲོས་བསྡུར་ཞེས་པའི་སྦྲེལ་ཐག་བརྒྱུད་ནས་ཐད་ཀར་དྲ་གྲོགས་དང་གྲོས་མོལ་ཆོག ད་དུང་མ་བྱུང་ན། ཇ་གྲོས་ཁང་དུ་ཕེབས་ནའང་འགྲིག གལ་སྲིད་བོད་ཡིག་གི་ཝི་ཀི་ཞིག་དོན་ན། དེའི་རྩོམ་སྒྲིག་གི་ཁ་ཕྱོགས་ནི་འཛམ་གླིང་ཐམས་ཅད་ཀྱི་སྐད་རིགས་ཚུད་པའི་ཐ་སྙད་གྲངས་མེད་ལ་བོད་ཡིག་གི་ལམ་ནས་འགྲེལ་བརྗོད་རྒྱག་རྒྱུ་དེ་རེད།