ཝུའུ་དབྱི་རི་བོ།
Appearance
ཝུའུ་དབྱི་རི་བོ་ནི་ཧྥུ་ཅན་ཞིང་ཆེན་གྱི་ཝུའུ་དབྱི་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་ཡོད། རི་ཁུག་ཏུ་ཀྱག་ཀྱོག་ཆུ་བོ་ཞིག་འབབ་པ་དེར་ཅིའུ་ཆུས་ཆུ་བོ་(ཁུགས་དགུ་ཆུའི་དོན་)ཟེར་ལ། ཆུ་ཆེ་རྒྱུ་མེད་ཀྱང་སྨྱུག་གཟིངས་གཏོང་ཐུབ། ཁུགས་པ་དགུ་ཆུའི་འགྲམ་གཉིས་ཀྱི་བྲག་ངོས་སུ་རང་བྱུང་གི་བྲག་ཕུག་ཡོད་ཅིང་། བྲག་ཕུག་ཏུ་གནའ་བོའི་ཝུའུ་དབྱི་མིའི་རོ་སྒམ་བཞག་ཡོད་པ་དེར་གནམ་དབྱངས་རོ་སྒམ་ཟེར། གནམ་དཔྱངས་རོ་སྒམ་དེ་དག་ལ་ལོ་༣༠༠༠ལྷག་གི་ལོ་རྒྱུས་ཡོད། གནའ་བོའི་མེས་པོ་རྣམས་ཀྱིས་ཐབས་དང་ཡོ་བྱད་ཅི་ཞིག་ལ་བརྟེན་ནས་རོ་སྒམ་ལྕི་མོ་དེ་དག་བར་སྣང་བྲག་ཕུག་ཏུ་བསྐྱལ་པ་ད་ལྟའི་བར་དུ་གསང་བ་ལྐོག་གྱུར་གྱི་གནས་སུ་མཆིས། ༢༠༠༠ལོར་ཝུའུ་དབྱི་རི་བོ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས་འཛམ་གླིང་གི་རིག་གནས་དང་རང་བྱུང་ཉིས་ཀའི་ཤུལ་ནོར་གྱི་གྲས་སུ་བཀོད་པ་རེད།[༡]
གསལ་བཤད།
[རྩོམ་སྒྲིག]པར་རིས་བར་འཁྱམས།
[རྩོམ་སྒྲིག]ཟིན་ཐོ་འམ་དཔྱད་གཞི།
[རྩོམ་སྒྲིག]- ↑ "འཛམ་གླིང་གི་ཡུལ་ལྗོངས།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧