ཝ་སེར།

ཡོང་ཁུངས་Wikipedia

མདོ་དབུས་མཐོ་སྒང་དུ་གནས་པའི་བོད་ཝ་ཡི་ངོ་སྤྲོད་རགས་ཙམ།

བོད་ཀྱི་མི་མང་པོ་ཞིག་ལ་མཚོན་ན་ཝ་ཞེས་པ་ལ་རིགས་གཅིག་ལས་མེད་པ་དང་ཡང ་ན་རིགས་གཅིག་ལས་མཐོང་མྱོང་མེད། འོན་ཀྱང་ཕྱི་རྒྱལ་གྱི་རིག་གཅིག་མཁས་པའི་ བཤས་སྲོལ་ཡིན་ན་བོད་ཀྱི་ཝ་ལ་༼Vulpes ferrilata༽ཞེས་འབོད་སྲོད་ཡོད། དེའི་རྒྱུན་མཚན་ནི་བོད་ཀྱི་བྱེས་མའི་ཝ་མོ་ཞེས་འབོད་གྱིན་ཡོད། བོད་ཀྱི་ཝ་ནི་སའི་མཐོ་ཚད་རྒྱ་མཚོ་ལས་སྨིས་༣༠༠༠ ནས་༥༣༠༠ཙམ་ཀྱི་མདོ་དབུས་ མཐོ་སྒང་དང་། བལ་ཡུལ། རྒྱ་གར་སོགས་ཀྱི་ས་སྒང་དུ་གནས་སྡོད་བྱེད་ཀྱིན་ཡོད། བོད་ཀྱི་རིག་གཞུང་དང་སྤྱི་ཚོགས་ལ་གཞིགས་ནས་བཤད་ན་ཝ་ཞེས་པའི་སྲོགས་ཆགས་ འདི་ནི་གནའ་སྔ་མོ་ནས་བོད་མི་རིགས་ཀྱི་འཚོ་བའི་ནང་མེད་སུ་མི་རུང་བའི་འཚོ་བའི་ ཆ་ཤས་ཞིག་ཡིན། ནུབ་ཕྱོགས་པའི་ལྟ་བ་ནས་བཤད་ན་བོད་ཀྱི་ཝ་ནི་ ༡༨༤༢ལོ་དབྱིན་ཇིའི་རང་བྱུང་རིག་པ་བ་ Brian Houghton Hodgsonགྱིས་ཕྱི་ཕྱོགས་ལ་འགྲེལ་བརྗོད་བྱས་པར་གྲགས།

ཝ་ཡི་གཟུགས་པོ།[རྩོམ་སྒྲིག]

བོད་ཀྱི་ཝ་ནི་ཝ་རིགས་ཀྱི་ནང་ནས་གཟུགས་པོ་ཆུང་པའི་ཝ་རིགས་ཞིག་ཡིན་ཞིང་། སྦུ་སྟུག་པོ་ཡོད་པས་མཐོ་སྒང་གི་ རླུང་འགོག་ཐུབ་པ་ཡིན། རྔ་མ་དཀར་པོ་ཡིན་ལ་སྦུ་མདོག་སེར་སྐྱ་ཡིན། ལུས་ཀྱི་རྗིད་ཚད་ལ་སྤྱི་རྒྱ་༣ ནས་༤་ཙམ་ཡོད་ལ་ ལུས་ཀྱི་རིང་ཚད་ལ་མགོ་དང་ལུས་པོ་ལ་སྐར་མ་༥༠་ནས་༠་༧༠ཙམ་དང་། རྔ་མའི་རིང་ཚད་ལ་སྐར་ལ་༢༩་ནས་༤༠་བར་ཡོད།

སྤྱོད་པ།[རྩོམ་སྒྲིག]

ཝ་ནི་ནམ་རྒྱུན་ཆ་བྱས་ནས་མཉམ་དུ་འགྲོག་ནས་འགྲོ་ལ་བརྔོན་རྒྱག་དུས་ཡང་མཉམ་དུ་བརྔོན་གྱིན་ཡོད། སྤྱི་ཟླ་གཉིས་པའི་ ཟླ་འཇུག་དང་གསུམ་པ་ནི་ཝ་ཚང་ལ་འགྲོ་བའི་དུས་སྐབས་ཡིན་པ་དང་། ཉིན་༥༠་ནས་༦༠་ནང་ཕྲུ་གུ་གཉིས་ནས་བཞི་སྐྱེ་བ་ཡིན་ལ་ ཝ་ཕྲུག་རྣམས་ཕ་མའི་ཉམས་དུ་ཟླ་བ་བརྒྱད་ནས་བཅུ་ཙམ་ལ་མཉམ་དུ་བསྡོད་ཀྱིན་ཡོད་མོད། དེའི་རྗེས་སུ་ཕ་མ་དང་ཁ་བྲལ་ནས་ རང་ཉིན་ཀྱི་དགའ་གྲོགས་འཚོལ་བ་དང་ས་ཆ་ཞིག་ནས་རང་ཉིས་ཀྱི་ཚང་སྐྱིལ་བ་ཡིན།

ཟ་མ།[རྩོམ་སྒྲིག]

བོད་ཝ་ཡི་རྒྱུན་ཟས་ནི་ཨབ་ར་སྟེ་ཨ་བྲ་ཡིན་ལ་ཟས་ཀྱི་བརྒྱ་ཆ་༩༥་ཨ་བྲ་ཟ་ཡིན་ཡོད་ལ་བརྒྱ་ཆ་༢་ནས་༣་ལ་གཙོད་ཟ་ཡིན་ཡོད། ལུག་གུ་དང་། གཞན་འབུ་སྲིན་དང་། སྒྲོ། རྩི་ཤིང་སོགས་ཟ་བ་ཡིན། ཉེ་ཆར་ཞིབ་འཇུག་བྱས་སྙན་ཞུ་ཞིག་གི་ནང་དུ་ཝ་ཡིས་སྲམ་དང་། གླ། རྩམ་པ་སྒ་རལ། སྒོ་ཕྱུགས་ཡང་ཟ་བར་བཤད།


   ནང་དོན་འདིའི་རེ་བ།གཙང་མ་བཟོས་པ། .
ཁྱེད་ཀྱིས་ཐུབ་ན་ནང་དོན་འདིར་བཟོ་བཅོས་ལེགས་པར་གྱིས།
"https://bo.wikipedia.org/w/index.php?title=ཝ་སེར།&oldid=132699"ལས་སླར་རྙེད་སོང།