ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སྒོ་ནས་ནོར་སྒྲུབ་བྱ་ཚུལ་

ཡོང་ཁུངས་Wikipedia

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ་ཡིད་བཞིན་ ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་ཨཱརྱ་ཛམྦྷ་ལ་ཡ། དཔལ་འབྱོར་ནམ་མཁའ་མཛོད་ལ་མངའ་བརེས་ནས། ། འདོད་དགུའི་ཆར་གིས་འགོ་ཀུན་ཚིམ་མཛད་པ། །ཨཱརྱ་ཛམྦྷ་ལ་ཡི་ཞབས་བཏུད་ནས། །དེ་ཡི་ སྒྲུབ་ཐབས་མན་ངག་གསལ་བར་འཆད། །འདིར་ཇོ་བོ་རེ་དཔལ་ལྡན་ཨ་ཏི་ཤ་ནས་ཉེ་བར་བརྒྱུད་པའི་ཛམྦྷ་ལ་དཀར་པོ་ འབྲུག་བཞོན་མཁའ་འགོ་བཞི་དང་བཅས་པའི་སྒྲུབ་ཐབས་ལས་ཚོགས་ཀི་རིམ་པ་འགོད་པ་ལ། ལོ་རྒྱུས་དང་། གདམས་པ་དངོས་ཀི་ རིམ་པ་གཉིས་ལས། དང་པོ་ནི། ཇོ་བོ་ཆེན་པོ་དི་པཾ་ཀཱ་ར་ཤྲི་ཛྙཱ་ན་དེ་ཉིད་ཆུ་བོ་གངྒཱའི་འགམ་ནས་ཡར་ཕེབས་པས། ལམ་དུ་མི་ཞིག་འཆི་ 1 ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     བ་ལ་མངོན་དུ་ཕོགས་པ་གཟིགས་ནས་ཅི་ཉེས་དིས་པས། བཀེས་ནས་འཆི་བ་ཡི་ཟེར། དེར་ཇོ་བོའི་ཐུགས་ལ་ག་རེ། གོང་ཁེར་དུ་བསོད་ སོམས་སོང་དུ་ཕིན་ན་དེའི་བར་ཁོ་འཆི་བར་འདུག །ཐབས་གཞན་མེད་ང་རང་གི་ཤ་བཅད་ནས་སྦིན་དགོས་དགོངས། ལྷུང་བཟེད་ནས་ སྤུ་གི་བཏོན་ནས་སྐུ་ཤ་ནས་བཅད་དེ་བྱིན་པས། མི་དེས་ཟ་མ་ཉན། དེར་ཇོ་བོའི་ཞལ་ནས། འདི་ཟོ་དང་དེས་ཡུད་ཙམ་སོག་འཚོ་སེ་འོང་། དེ་ནས་ངས་གོང་ཁེར་ནས་བསོད་སོམས་བླངས་ཏེ་འོང་གསུངས་པས། མི་དེ་ན་རེ་སྤིར་མི་ཤ་མི་ཟ། དེའི་ནང་ནས་ཀང་ཆོས་པའི་ཤ་མི་ ཟ། འཕགས་པའི་བདེན་པ་མ་མཐོང་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གི་རྐེན་གིས་འཆི་བ་ལ། ང་སྐེས་ཕིན་ཆད་འཆི་བ་ལས་མ་ འདས། ཞེས་ཞུས་པས། ཇོ་བོའི་ཐུགས་ལ་དེ་བདེན་སེམས་ཅན་བཀེས་པའི་སྡུག་བསྔལ་བསམ་ན་ངའི་སིང་གར་ཚུགས་དགོངས་ནས། དབུ་རི་བོ་པོ་ཊ་ལར་གཏད་ནས་ཞལ་ས་ལ་བསན་ནས་བཤུམ་ཞིང་བཞུགས་པས། ས་གཡོ་བ་དང་འོད་དང་འཇའ་ལ་སོགས་པའི་ལྟས་ ཁད་པར་ཅན་བྱུང་བ་ཅི་ཡིན་ནམ་སམ་དུ་དགོངས་ཏེ། སྤན་ཆབ་ཕིས་ནས་གཟིགས་པས་མདུན་གི་ནམ་མཁར་འཕགས་པ་སྤན་རས་ གཟིག་འོད་སོར་རེ་བྱོན་འདུག་པ་གཟིགས། འཕགས་པས་ཅི་ཉེས་གསུངས་པར། སྔར་གི་ལོ་རྒྱུས་ཞུས་པས། འཕགས་པ་ཡང་སྤན་
      2

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     ཆབ་ཕྱུང་བས་སྤན་གཡོན་ནས་སྒོལ་མ་བྱོན། གཡས་ནས་ཛམ་ལ་དཀར་པོ་ལྷ་ལྔ་བྱིན་པས། ཇོ་བོ་མཉེས་ནས་བསོད་པ་ཡང་མཛད། ཛམྦྷ་ལའི་ཞལ་ནས། མུ་ཏིག་གི་ཆར་བབས། མི་དེའི་སྡུག་བསྔལ་ཀང་བསལ། ཇོ་བོ་ལ་བྱིན་རླབས་དང་རེས་གནང་མན་ངག་རྣམས་ གདམས་པར་མཛད་དོ། །ཇོ་བོས་རྒྱ་བརོན་འགྲུས་སེང་གེ་ལ་འདིའི་གདམས་པ་གནང་ནས། ནོར་བདག་སྒྲུབ་པའི་གང་ཟག་ལ་དགོས་པ་ གཉིས་ཡོད་དེ། ཚེ་འདིར་ཟས་ནོར་གིས་མི་འཕངས་ཤིང་། ཕི་མ་བདེ་བ་ཅན་དུ་སྐེ། ཁད་པར་ནོར་བདག་རང་གི་གའུ་འཛོམས་ནས་ སྒྲུབ་པ་རབ་འབིང་མཐའ་གསུམ་གང་རིགས་བྱས། ཆུ་སྦིན་དང་གཏོར་མ་བར་མ་ཆད་པར་བཏང་། རྣམ་པར་མི་རོག་པའི་སྔགས་ནུབ་རེ་ ལ་མ་ཆག་པར་བརྒྱ་ར་རེ་བཟླས་ན་ཤིན་ཏུ་སྐིད་ཅིང་ཟས་ནོར་ལྷུན་གྲུབ་ཏུ་འོང་བ་ཡིན་ཏེ། སྒྲུབ་ནུས་པ་མི་འདུག་གསུངས་ནས་བཀའ་ རྒྱ་དམ་པར་མཛད། ནག་ཚོ་ཚུལ་ཁིམས་རྒྱལ་བས་ཞུས་པས་ཀང་མ་གནང་། ཕེས་གསེར་གི་མཎྜལ་ཕུལ་ཏེ། ཚོགས་ཀི་འཁོར་ལོ་ཡང་ ཡང་ཕུལ་ནས་གསོལ་བ་བཏབ་པས་གདམས་པ་མ་ལུས་པར་གནང་ངོ་། །གཉིས་པ་གདམས་པ་དངོས་ལ། རྒྱུད་སིན་པར་བྱ་བ་རེས་ གནང་བྱ་ཚུལ་དང་། ཉམས་སུ་བླངས་པའི་རིམ་པ་དངོས་གཉིས་ཀི་དང་པོ་ནི་གཞན་དུ་ཤེས་པར་བྱའོ། །
      3

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     གཉིས་པ་ལ་གཉིས་བདག་བསྐེད་དུ་བྱས་ནས་བསེན་པ་བྱ་ཚུལ། མདུན་བསྐེད་དུ་བྱས་ཏེ་དངོས་གྲུབ་སྒྲུབ་ཚུལ་ལོ། །དང་པོ་ ནི། སྐབས་འགོ་སེམས་བསྐེད་སྔོན་དུ་བཏང་ལ། རང་ཛམྦྷ་ལར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ འཕོས། རང་བཞིན་གི་གནས་ནས་འཕགས་པ་ཛམྦྷ་ལ་བླ་མ་འོད་དཔག་མེད་ཀིས་དབུ་བརྒྱན་ པ་མདུན་གི་ནམ་མཁར་ཨོཾ་བཛྲ་ས་མ་ཛཿ ས་སྤན་དངས། ན་མོ་གུ་རུ་བྷྱཿ ན་མ་པདྨ་ཀོ་དྷ་ཨཱརྱ་ཛམྦྷ་ ལ་ས་པ་རི་ཝཱ་ར་མཎྜ་ལ་བྷྱཿ ས་ཕག་བྱ། པདྨ་ཀོ་དྷ་ཨཱརྱ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་བཏགས་ནས་ མཆོད། གུར་ནས་བྱུང་བའི་རྒྱུན་བཤགས་བྱ། ཚད་མེད་བཞི་བསོམ། དངོས་གཞི་ནི། སྭ་བྷཱ་ཝས་སྦངས། སོང་པའི་ངང་ལས་ པཾ་ལས་པདྨ་དང་ཨཱཿལས་ཟླ་བའི་དཀིལ་འཁོར་གི་སེང་དུ། རང་གི་སེམས་ཉིད་ཡི་གེ་ཛཾ་དཀར་ པོ་དེ་ལས་འོད་འཕོས། འཕགས་པ་མཆོད། སེམས་ཅན་རྣམས་ཀི་དབུལ་འཕོངས་ཀི་སྡུག་ བསྔལ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་ཛམྦྷ་ལ་སྐུ་མདོག་
      4

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          གངས་རིའི་མདོག་ལྟར་དཀར་བ། ཞལ་གཅིག་ཕག་གཉིས་པ། ཞི་ཞིང་འཛུམ་ལ་ཆགས་པའི་ ཉམས་ཅན་ཡིད་ཙམ་ཁོས་པ། སྤན་གསུམ་པ། དབུ་སྐྲ་ཁམ་སེར་གེན་དུ་བརེས་ཤིང་། ས་ར་ དང་སིན་མ་ཁམ་སེར་དུ་འཁིལ་བ། ཕག་གཡས་ཁ་ཊྭཱཾ་རེ་གསུམ་དང་། གཡོན་པས་རིན་པོ་ཆེའི་ བེ་ཅོན་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སན་རྒྱན། མགུལ་རྒྱན། སོ་མོ་དོ། འོག་པག །ཕག་ གདུབ། ཞབས་གདུབ་རྣམས་ཀིས་སྤྲས་ཤིང་། དར་གི་ཡུག་གོན་སོད་གཡོགས་ཀི་འཕང་བ། པཉྩ་ལི་ཀའི་ཤམ་ཐབས་ཅན། གཡུ་འབྲུག་གི་སེང་ན་ཞབས་གཉིས་ཕེད་སྐིལ་གི་ཚུལ་དུ་ བཞུགས་པའི་དཔྲལ་བར་ཨོཾ། མགིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་གདན་ ལ་ཛམ་ཡིག་དཀར་པོ་འོད་ཟེར་འཕོ་བ། དེ་ལས་འོད་ཟེར་འཕོས་པས་རང་བཞིན་གི་གནས་ ནས་ཛམྦྷ་ལ་དཀར་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀིས་བསོར་བ་ཨོཾ་
 5

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          བཛྲ་ས་མ་ཛཿས་སྤན་དངས། གོང་ལྟར་མཆོད། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། སར་ཡང་ འོད་འཕོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མ་ཛཿ ས་སྤན་དངས། ཨོཾ་ པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གིས་མཆོད་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བ་ཝ་ཨ་བི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་ སྤི་བོ་ནས་དབང་བསྐུར། སྐུ་གང་། དི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། འོད་དཔག་མེད་ ཀིས་དབུ་བརྒྱན་པར་གྱུར་པར་བསམ། མཆོད་པ་བྱ་རྒྱུད་ལྟར་བྱིན་གིས་བརླབ་ལ། ཨོཾ་ཨཱརྱ་ཛམྦྷ་ལ་ཨརྒྷཾ་སོགས་ ཀིས་མཆོད། རབ་དཀར་ཤེལ་གི་ལྷུན་པོ་དབང་པོའི་གཞུས། །འཁྱུད་པ་ཇི་བཞིན་ལྟ་བས་མི་ངོམས་ ཤིང་། །དབུལ་ཕོངས་སྡུག་བསྔལ་མཐའ་དག་ཞི་མཛད་པའི། །འཕགས་པ་ཛམྦྷ་ལྷ་ལ་ཕག་ འཚལ་ལོ། །
 6

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     དེ་ནས་རང་གི་ཐུགས་ཀར་ཟླ་བའི་དཀིལ་འཁོར་གི་སེང་དུ་ཛཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀིས་བསོར་བ་ལས་འོད་ ཟེར་ལྕགས་ཀྱུ་ལྟ་བུ་འཕོས། འཇིག་རེན་གི་ཁམས་ཀིས་ཟས་ནོར་ལོངས་སྤོད་འབྲུའི་བང་མཛོད། རྐང་འགོ་རིན་པོ་ཆེ་ལ་སོགས་པ་ མདོར་ན་འཇིག་རེན་དང་འཇིག་རེན་ལས་འདས་པའི་དགོས་འདོད་ཐམས་ཅད་བསྡུས་ནས་རང་གི་ཡུལ་ཁམས་རྣམས་གང་བར་བསམ། ཨོཾ་པདྨ་ཀོ་དྷ་ཨཱརྱ་ཛམྦྷ་ལ་ཧི་ད་ཡ་ཧཱུཾ་ཕཊ། ཅེས་གང་མང་བཟླས། ཡིག་བརྒྱས་ལྷག་ཁ་བསང་ལ། འདོད་དོན་ལ་ གསོལ་བ་བཏབ་བོ། །ཐུན་མཐར་གཏོར་མ་འབུལ་ན་འོག་ནས་འབྱུང་བ་ལྟར་བྱ། རིམ་པས་མཚམས་བཅད་དེ་ཐུན་གསུམ་ལ་སོགས་ པར། རགས་རབ་འབིང་ཐ་གསུམ་མ་བྱུང་བར་དུ་བཟླས་བསོམ་ལ་འབད། རགས་ནི་རབ་དངོས་དང་། འབིང་ཉམས་སྣང་ལ་ལྷའི་ཞལ་ མཐོང་ཞིང་གསུང་ཐོས་པ་སོགས་དང་། ཐ་མ་རི་ལམ་དུ་ཁོམ་མང་པོ་ཚོགས་པ་དང་འབྲུའི་གསེབ་ཏུ་ཉལ་བ་དང། ཚུར་ཕག་འཚལ་བ་ དང་། ཆར་ཆེན་པོ་འབབས་པ་དང་། ཆུ་མིག་བརོལ་བ། གཏེར་རེད་པ་སོགས་ཡང་ཡང་རིའོ། །བཟླས་པའི་གངས་ནི། རབ་འབུམ་ཕག་ བཅོ་ལྔའམ། མ་ཐ་འབུམ་ཕག་གཅིག་དང་། མི་སིང་མགུལ་བྱེད་ཀི་སྔགས་ཀང་གང་འགྲུབ་རེ་བཟླ་བར་བྱའོ། །
      7

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     གཉིས་པ་དངོས་གྲུབ་བསྒྲུབ་པའི་རིམ་པ་ལ། ཕི་ཆུ་སྦིན་ལ་བརེན་ནས་སྒྲུབ་པ། ནང་གཏོར་མ་ལ་བརེན་ནས་སྒྲུབ་པ། གསང་ བ་གའུ་ལ་བརེན་ནས་སྒྲུབ་པ། ཡང་གསང་མཁའ་འགོ་མ་བཞིའི་དབང་བསྡུད་དང་བཞི་ལས། དང་པོ་ནི། རིན་པོ་ཆེའམ་ཟངས་གཞོང་ གཙང་མའི་ནང་དུ་བརླན་གཤེར་གི་སྐོན་གིས་མི་གནོད་པའི་རིན་པོ་ཆེའི་སྐུ་རབ་གནས་ཅན་བཞག་པའམ། མ་འཛོམ་ན་ཡིད་ཀིས་ བསམ་སེ། རང་ཉིད་ཁ་སར་པ་ཎིར་གསལ་བ་ཡི། །མདུན་དུ་པད་ཟླར་ཛཾ་ལས་ཛམྦྷ་ལ། །དཀར་པོ་ ཞལ་གཅིག་ཕག་གཉིས་སྤན་གསུམ་པ། །དབུ་སྐྲ་སིན་མ་ས་ར་དཀར་ལ་འཚེར། །ཁ་ཊྭཱཾ་རེ་ གསུམ་རིན་ཆེན་བེ་ཅོན་བསྣམས། །རིན་ཆེན་རྒྱན་སྤྲས་དར་ཡུག་སོད་གཡོག་དང་། །པཉྩ་ལི་ ཀའི་ཤམ་ཐབས་ལེགས་པར་གསོལ། །གཡུ་འབྲུག་སེང་དུ་ཕེད་སྐིལ་ཚུལ་གིས་བཞུགས། ། ཕོགས་བཞིར་རིགས་བཞིའི་ས་བོན་ཕག་མཚན་ལས། །རོ་རེ་ཌཱ་ཀི་རོ་རེ་རེན་འབེལ་རས། །རིན་ ཆེན་ཌཱ་ཀའི་ནོར་བུ་བུམ་པ་བཟང་། །པདྨ་ཌཱ་ཀི་པདྨ་ལྕགས་ཀྱུ་དང་། །ལས་ཀི་ཌཱ་ཀི་རྒྱ་གམ་
      8

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          ནེའུ་ལེ་བསྣམས། །སྐུ་མདོག་རིམ་བཞིན་སྔོ་སེར་དམར་ལྗང་སེ། །རིན་ཆེན་རྒྱས་སྤྲས་དར་གི་ ན་བཟའ་གསོལ། །གཡས་བསྐུམས་གཡོན་བརྐངས་དོར་སབས་ཚུལ་གིས་བཞུགས། །གནས་ གསུམ་ཡིག་འབྲུ་གསུམ་གིས་ལེགས་མཚན་ཞིང་། །གཙོ་བོའི་ཐུགས་ཀའི་ཛཾ་ཡིག་འོད་ཟེར་ གིས། །ཡེ་ཤེས་པ་དང་དབང་ལྷ་སྤན་དངས་ཏེ། །ཐིམ་ཞིང་དབང་བསྐུར་རང་རང་རིགས་བདག་ བརྒྱན། །གཙང་ཞིང་དི་མེད་བརྒྱད་ལྡན་ཆུ་ཕུལ་བ། །མུ་ཏིག་འཕེང་བར་གྱུར་ནས་གཙོ་འཁོར་ གི། །སྐུ་གང་ཟུག་རྔུ་ཞི་ཞིང་བདེ་དང་ལྡན། །ཞལ་ནས་མུ་ཏིག་དངོས་གྲུབ་ཆར་རྒྱུན་འབབ། ། ཅེས་གསལ་བཏབ་སེ་ཆུ་གཙང་ཟངས་གཞོང་དུ་སྦེང་ཞིང་། ཨོཾ་པདྨ་ཀོ་དྷ་ཨཱརྱ་ཛམྦྷ་ལ་ཧྲི་ད་ཡ་ཧཱུཾ་ཕཊ། ཅེས་པའི་ སྔགས་བརྒྱ་ར་རེ་བཟླས། ཨོཾ་པདྨ་ཀོ་དྷ་ཨཱརྱ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀིས་མཆོད། ཤེལ་དཀར་ ཞུན་མའི་ཕུང་པོ་དབང་གཞུ་ཡིས། །རབ་དཀིས་གར་དགུའི་ཉམས་ལྡན་གནོད་སྦིན་དབང་། །
 9

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     འདོད་དགུའི་དངོས་གྲུབ་ཆར་ལྟར་འབེབས་མཛད་པ། །དཔལ་ལྡན་ཛམྦྷ་ལྷ་ལ་ཕག་འཚལ་ལོ། །

ཞེས་པས་བསོད། རེན་ཡོད་ན་ཡེ་ཤེས་པ་བརན་བཞུགས་དང་། །དམ་ཚིག་པ་རང་ལ་བསྡུ། མེད་ན་ཡེ་ཤེས་པ་གཤེགས་གསོལ་བྱ། ཆུ་ མཐེབ་སིན་གིས་རང་གི་ལྕེ་ཐོག་ཏུ་བཞག་ལ་དངོས་གྲུབ་བླང་། ཆུ་ཅུང་ཟད་ཕོགས་བཞིར་གཏོར་ཞིང་། ཡིག་བརྒྱ་བཟླས། ཆུ་ལྷག་མ་ གཞན་དུ་མ་འཁེར་བར་ལོངས་སྤོད། ཡང་ཆུ་སྦིན་ཤིན་ཏུ་བསྡུས་པ་ལ་མོས་ན། པད་ཟླ་གཡུ་འབྲུག་སེང་དུ་ཛམྦྷ་ལ། ། དཀར་པོ་ཁ་ཊྭཱཾ་རེ་གསུམ་བེ་ཅོན་བསྣམས། །ཕོགས་བཞིར་མཁའ་འགོ་རིག་བཞིས་བསོར་བ་ ཡི། །སྐུ་ལ་ཉལ་འགོའི་རྒྱུན་འབུལ་དངོས་གྲུབ་སོལ། །ཨོཾ་པདྨ་ཀོ་དྷ་སོགས་བརྒྱ་ར་བརོད། ཨརྒྷཾ་སོགས་ ཀིས་མཆོད། ཤེལ་དཀར་ཞུན་མའི་སོགས་ཀིས་བསོད། དེ་ལྟར་བྱས་པས་ཟས་ནོར་གི་དངོས་གྲུབ་ཆར་ལྟར་འབབ་པར་གྱུར་ རོ། །

      10

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     གཉིས་པ་ནི། གཏོར་མ་གཏོང་བར་འདོད་ན་དཀར་གསུམ་སོགས་ཀིས་གཏོར་མ་བཤམས། ༈ རང་ཐུགས་རེ་ཆེན་ པོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕོས། རང་བཞིན་གི་གནས་ནས་ཛམྦྷ་ལ་གཙོ་ འཁོར་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀི་བསོར་བ་བཛྲ་ས་མ་ཛཿ ས་སྤན་ དངས། པདྨ་ཀ་མ་ལ་ཡེ་སྟྭཾ་གིས་གདན་ཕུལ། གཏོར་མར་བསངས་སྦངས། སོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ ཆེའི་སྣོད་ཡངས་ཤིང་གཏོར་མ་འདོད་དགུ་འབྱུང་བའི་བདུད་རིའི་རྒྱ་མཚོ་ཆེན་པོར་གྱུར་པར་ བསམ་ལ། ཨོཾ་ཨཱཿ ཧཱུཾ་གིས་བྱིན་གིས་བརླབས། སྔགས་གཤམ་དུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྔའམ་ བདུན་གིས་ཕུལ། མཆོད་བསོད་བྱ། ནོངས་པ་བཟོད་པར་གསོལ་ཨོཾ་ཁེད་ཀིས་སེམས་ཅན་དོན་ཀུན་མཛད། །ཅེས་ སོགས་ཀིས་མཐར། བཛྲ་མུཿ ཡེ་ཤེས་པ་གཤེགས། མཐར་བསྔོ་བ་སོན་ལམ་ཅི་རིགས་བྱའོ། །འདིར་ཆུ་སྦིན་གི་མཇུག་ ཏུའང་རུང་བས། དེ་ལྟར་ན་གཏོར་མགོན་གི་ཡེ་ཤེས་པ་སྤན་དངས་མི་དགོས་སོ། །
      11

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     གསུམ་པ་གསང་བ་གའུ་ལ་བརེན་ནས་སྒྲུབ་པ་ནི། བཀ་ཤིས་པའི་ས་ལ་རིན་པོ་ཆེ་སྣ་ཚོགས་བསེས་ཏེ། གའུ་ལེགས་པར་ བྱས་ལ་སོ་བཏང་། རང་གི་མཛོད་ཕུག་སོགས་སུ་མཆོད་རྒྱུ་ལ། རའི་གའུ་བཟོ་མི་བདེ་ན། ཙནྡན་ནམ་ཤུགས་པ་སོགས་ཤིང་བཟང་པོའི་ སྒོམ་བུས་ཀང་རུང་བར་སེམས། དེའི་ནང་དུ་ནས་འབས་གོ་ཏིལ་ལ་སོགས་པ་འབྲུ་སྣ་རེད་ཚད་སར་མ་བེ་དང་ལུག་གི་ཉི་མར་བསགས་ ལ་བླུག་གོ །གསེར་དངུལ་མུ་ཏིག་བྱུ་རུ་གཡུ་མུ་མེན་དུང་ཟངས་ལྕགས་ལ་སོགས་པ་རིན་པོ་ཆེའི་རིགས་རེད་ཚད་སར་མ་རྒྱལ་ས་ག་ ས་རི་གང་རུང་དང་། གཟའ་སེན་པ་འཛོམས་པའི་ཉིན་བསགས། ཇ་མར་ཤ་འཐུད་ཀ་ར་བུ་རམ་སྦང་རི་ཤིང་ཏོག་གི་རིགས་སོགས་ཟས་ སྣ་རེད་ཚད་སར་མ་རྒྱལ་སོགས་གཡང་སར་བཟང་པོ་ལ་བསགས། ཁི་ཕག་བོང་བུ་མ་གཏོགས་པའི་ར་ནོར་འབི་གཡག་ལུག་ལ་སོགས་ པའི་སེམས་ཅན་གི་སྤུ་རེད་ཚད་སར་མ་ནག་པ་དང་དབོ་ལ་བསགས། གོས་དར་སན་སྣའི་རིགས་སོགས་བཀ་ཤིས་པའི་རས་རེད་ཚད་ གཡང་སར་བཟང་པོ་ལ་བསགས། རས་དེ་དག་ཀང་། བླ་མ་དགེ་བའི་བཤེས་གཉེན་གི་ཕག་ནས་བྱུང་བ་དང་། རྒྱལ་པོ་ཆེན་པོའི་མཛོད་ ནས་བྱུང་བ་ནི་རབ། ཡུལ་མི་ཕྱུག་པོ་དང་། མི་གཡང་ཅན། རིགས་རུས་དང་མི་གཞི་བཟང་བ་དབང་པོ་ཚང་བའི་ལག་ནས་བྱུང་བ་ནི་
      12

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     འབིང་། བརྐུས་པ་དང་། འཕོགས་པ་དང་། ཧོར་འད་སིག་ཅན་གི་ལག་ནས་བྱུང་བ་ནི་མི་རུང་བས་དོར་བར་བྱའོ། །རས་དེ་དག་གཟའ་ སར་སོ་སོ་དང་འགིག་ན་ལེགས་ཀང་། གལ་ཏེ་མ་འགིག་ན། ཐོག་མ་ནས་རོལ་སྒྲུབ་བྱས་ཏེ་གཡང་སར་བཟང་པོའི་ཉིན་གའུར་བླུག་གོ །

དེ་ནས་ནོར་བདག་གཙོ་འཁོར་ལྔའི་སྐུ་བརན་སོར་བཞི་ལས་མི་ཆུང་བ། རིན་པོ་ཆེ་ལས་གྲུབ་པའམ། མ་འབྱོར་ན་རིན་པོ་ཆེ་ བསེས་པའི་འཇིམ་པ་ལས་བྱས་ཏེ། རྒྱལ་པོ་སོགས་མི་ཆེན་གི་ཁང་པའི་ས། དགེ་བཤེས་བཟང་པོའི་གཟིམས་ཁང་གི་ས། ཕྱུག་པོ་དང་ གཡང་ཅན་དང་། ཡུལ་གི་སེ་རྒྱ་གང་ཆེ་རྣམས་ཀི་ཞིང་གི་ས་དང་བཅས་པའི་རིན་པོ་ཆེ་དང་ཁང་ས་བཟང་པོ་དང་བསེས་ལ་འབང་རྒྱས་ མཐེབ་ཆེན་གི་རེ་མོ་ཙམ་བྱས་ལ། དེའི་ནང་དུ་དར་དཀར་རམ་ཤོག་གུ་ལ་རབ་གསེར་དངུལ་སོགས་རིན་པོ་ཆེ་བརར་བས་བིས་པའམ། མ་རེད་ན་རིན་པོ་ཆེ་དང་བཟང་དྲུག་བསེས་པའི་སྣག་ཚས་གཙོ་བོའི་སྔགས་ཀི་རེས་སུ། ཨོཾ་པི་ཤ་ནི་དགེ་བཤེས་བཟང་པོ་ རྒྱལ་པོ་བློན་པོ་ཡུལ་མི་ཕྱུག་པོ་རྣ་བས་ཐོས་ཚད་ཀི་མིང་གི་མཐར། འཇིག་རེན་ན་དབང་ཆེ་བ། སོབས་འབྱོར་མངའ་ཐང་རྒྱས་པ། དཔུང་འཁོར་གཡོག་རིགས་བརྒྱུད་འཛོམས་པ། ལུང་རོགས་

      13

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          ཀི་ཡོན་ཏན་མིང་དང་གོ་ས་སན་གགས་ཆེ་བ། ཀུན་གི་མཐོང་ཆེ་ཞིང་བཀུར་བའི་རིགས་སོགས། མདོར་ན་ཁམས་གསུམ་སྣོད་བཅུད་ལེགས་ཚོགས་ཐམས་ཅད་བདག་ཆེ་གེ་མོའི་དབང་དུ་འདུ་ བར་གྱུར་ཅིག་སྭཱཧཱ། ཞེས་བིས་ལ་བཞུགས། འབང་རྒྱས་དེ་རིན་པོ་ཆེ་དང་དར་སྣ་ཚོགས་རས་དང་ལྷན་ཅིག་ནོར་བདག་གི་ ཐུགས་ཀར་གཞུག་གོ །རོ་རེ་མཁའ་འགོ་མའི་ཐུགས་ཀར། ཨོཾ་བཛྲ་ཌཱ་ཀི་ནི་པི་ཤ་ནི་སེང་ལྷའི་སིད་པ་བདག་གི་ དབང་དུ་འདུ་བར་གྱུར་ཅིག་སྭཱཧཱ། འོག་ཀླུའི་སིད་པ་བདག་གི་དབང་དུ་འདུ་བར་གྱུར་ཅིགསྭཱཧཱ། བར་མིའི་སིད་པ་བདག་གི་དབང་དུ་འདུ་བར་གྱུར་ཅིག་སྭཱཧཱ། ཞེས་བིས་ལ་བཅུག །རིན་ཆེན་མཁའ་འགོ་མའི་ ཐུགས་ཀར། ཨོཾ་རཏྣ་ཌཱ་ཀི་ནི་པི་ཤ་ནི་འཇིག་རེན་ཁམས་ཀི་ཟས་ནོར་ཐམས་ཅད་བདག་གི་དབང་ དུ་འདུ་བར་གྱུར་ཅི་སྭཱཧཱ། ཞེས་དང་། པདྨ་མཁའ་འགོ་མའི་ཐུགས་ཀར། ཨོཾ་པདྨ་ཌཱ་ཀི་ནི་པི་ཤ་ནི་རྒྱལ་པོ་ དང་བློན་པོ་དང་ཡུལ་མི་དབང་ཆེ་བ་དང་། ནོར་བུའི་བདག་པོ་ཀླུ་ཆེན་པོ་རྣམས་བདག་གི་དབང་
 14

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          དུ་འདུ་བར་གྱུར་ཅིག་སྭཱཧཱ། ཞེས་དང་། ལས་ཀི་མཁའ་འགོ་མའི་ཐུགས་ཀར། ཨོཾ་ཀར་ཌཱ་ཀི་ནི་པི་ཤ་ནི་ཡུལ་ མི་ཕྱུག་པོ་དང་། ཟས་ནོར་སྣ་ཚོགས་པ་བདག་གི་དབང་དུ་འདུ་བར་གྱུར་ཅིག་སྭཱཧཱ། ཞེས་པ་རྣམས་ བིས་ལ་རང་རང་གི་ཐུགས་ཀར་རིན་པོ་ཆེ་དང་དར་སྣ་ཚོགས་དང་ལྷན་དུ་བཞག །གལ་ཏེ་སྐུ་བརན་རྣམས་འབུར་བཟོ་མ་གྲུབ་ན། མི་ བསོད་ནམས་ཅན་གི་ལག་ནས་བྱུང་བའི་རས་ལ་བིས་ཏེ་སྔགས་དང་སེལ་ཚིག་རྣམས་ཐུགས་ཀའི་ཐད་དུ་ནོར་བུའི་དབྱིབས་སུ་བིས་པ་ ཆུ་ཚོན་སོགས་ཀིས་མནན་པའམ། ཤིང་བཟང་པོའི་བྱང་བུ་ལ་ལི་ཁི་དང་སིནྡྷུ་ར་སོག་བྱུགས་ཏེ་གསེར་གི་བིས་ཀང་རུང་ཙམ་ཡིན་ ནའང་། གྲུབ་ན་སྔར་ལྟར་འབུར་བཟོ་བྱེད་པ་ཉིད་ལེགས་སོ། །

དེ་ནས་གཙོ་འཁོར་ལྔ་པོ་དེར་རབ་གནས་ལེགས་པར་བྱས་ཏེ་སྔར་གི་གའུའི་ནང་དུ་དབུས་དང་ཕོགས་བཞིར་མ་ནོར་བར་ གཞུག་ལ་རས་རྣམས་ཀིས་ཁང་པར་བཀང་ལ། མཎྜལ་སེང་དུ་དར་གིས་བཀབ་ལ་བཞག །མཆོད་གཏོར་ཅི་འབྱོར་རྒྱས་པར་བཤམས། རང་ཉིད་དཔྲལ་བར་སིནྡྷུ་རས་ཐིག་ལེ་བྱས། སྔར་ལྟར་ཛམྦྷ་ལའི་བདག་བསྐེད་སྔོན་དུ་བཏང་ལ། མདུན་གི་གའུ་ལ། ཨ་མི་ཏས་

 15

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          བསངས། སྭ་བྷཱ་ཝས་སྦངས། སོང་པའི་ངང་ལས་གའུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ ཁང་དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་གི་ནོར་བུའི་གཏེར་ཆེན་པོས་ཡོངས་སུ་ གང་བའི་དབུས་སུ་པཾ་ལས་པདྨ་དང་ཨཱཿལས་ཟླ་བའི་དཀིལ་འཁོར་གི་སེང་དུ་ཛཾ་ཡིག་དཀར་པོ་ དེ་ལས་འོད་འཕོས། འཕགས་པ་མཆོད། སེམས་ཅན་རྣམས་ཀི་དབུལ་འཕོངས་ཀི་སྡུག་བསྔལ་ བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་ཛམྦྷ་ལ་སྐུ་མདོག་གངས་རིའི་ མདོག་ལྟར་དཀར་བ། ཞལ་གཅིག་ཕག་གཉིས་པ། ཞི་ཞིང་འཛུམ་ལ་ཆགས་པའི་ཉམས་ཅན་ ཡིད་ཙམ་ཁོས་པ། སྤན་གསུམ་པ། དབུ་སྐྲ་ཁམ་སེར་གེན་དུ་བརེས་ཤིང་། ས་ར་དང་སིན་མ་ ཁམ་སེར་དུ་འཁིལ་བ། ཕག་གཡས་ཁ་ཊྭཱཾ་རེ་གསུམ་དང་། གཡོན་པས་རིན་པོ་ཆེའི་བེ་ཅོན་ བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སན་རྒྱན། མགུལ་རྒྱན། སོ་མོ་དོ། འོག་པག ཕག་གདུབ།
 16

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          ཞབས་གདུབ་རྣམས་ཀིས་སྤྲས་ཤིང་། དར་གི་ཡུག་གོན་སོད་གཡོགས་ཀི་འཕང་བ། པཉྩ་ལི་ ཀའི་ཤམ་ཐབས་ཅན། གཡུ་འབྲུག་གི་སེང་ན་ཞབས་གཉིས་ཕེད་སྐིལ་གི་ཚུལ་གིས་བཞུགས་ པ། ཤར་གི་འདབ་མ་ལ་ཧཱུཾ་ལས་རོ་རེ་ཧཱུཾ་གིས་མཚན་པ་ལས། རོ་རེ་ཌཱ་ཀི་མ་ནམ་མཁའི་མདོག་ ཅན་ཞལ་གཅིག་ཕག་གཉིས་མ། གཡས་གསེར་གི་རོ་རེ་དང་། གཡོན་རེན་འབེལ་གི་ནོར་རས་ བསྣམས་པ། ལྷོར་ཏྲཾ་ལས་རིན་པོ་ཆེ་ཏྲཾ་གིས་མཚན་པ་ལས། རིན་ཆེན་ཌཱ་ཀི་མ་སེར་མོ་གཡས་ ནོར་བུ་རིན་པོ་ཆེ་དང་། གཡོན་བུམ་པ་འཛིན་པ། ནུབ་ཏུ་པཾ་ལས་པདྨ་པཾ་གི་མཚན་པ་ལས། པདྨ་ཌཱ་ཀི་མ་དམར་པོ་གཡས་པདྨ་དང་། གཡོན་ལྕགས་ཀྱུ་བསྣམས་པ། བྱང་དུ་ཁཾ་ལས་རལ་ གི་ཁཾ་གིས་མཚན་པ་ལས། ལས་ཀི་ཌཱ་ཀི་མ་ལྗང་ཁུ་གཡས་རོ་རེ་རྒྱ་གམ་དང་། གཡོན་ནེའུ་ལེ་ ནོར་བུ་སྐྱུགས་པ་བསྣམས་པ། ཐམས་ཅད་ཀང་རིན་པོ་ཆེའི་རྒྱན་དང་དར་གི་ན་བཟའ་གསོལ་
 17

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          བ། ཞབས་གཡས་བསྐུམས་ཤིང་གཡོན་བརྐངས་པའི་དོར་སབས་ཀིས་བཞུགས་པ། གཙོ་ འཁོར་རྣམས་ཀི་དཔྲལ་བར་ཨོཾ། མགིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་ གདན་ལ་ཛམ་ཡིག་དཀར་པོ་འོད་ཟེར་འཕོ་བ། དེ་ལས་འོད་ཟེར་འཕོས་པས་རང་བཞིན་གི་ གནས་ནས་ཛམྦྷ་ལ་དཀར་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀིས་བསོར་ བ་ཨོཾ་བཛྲ་ས་མ་ཛཿས་སྤན་དངས། གོང་ལྟར་མཆོད། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། སར་ཡང་ འོད་འཕོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མ་ཛཿ ས་སྤན་དངས། ཨོཾ་པཉྩ་ཀུ་ ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གིས་མཆོད་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བི་ཥིཉྩ་ཏུ་མཱཾ། ཞེས་གསོལ་ བ་བཏབ་པས། ཨོཾ་བཛྲི་བ་ཝ་ཨ་བི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤི་བོ་ནས་ དབང་བསྐུར། སྐུ་གང་། དི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། ཆུའི་ལྷག་མ་ཡར་ལུད་པ་
 18

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          ལས། གཙོ་བོ་ལ་འོད་དཔག་མེད་དང་། རོ་རེ་མཁའ་འགོ་མ་ལ་མི་བསྐོད་པ་དང་། རིན་ཆེན་ མཁའ་འགོ་མ་ལ་རིན་འབྱུང་། པདྨ་མཁའ་འགོ་མ་ལ་འོད་དཔག་མེད། ལས་ཀི་མཁའ་འགོ་མ་ལ་ དོན་གྲུབ་ཀིས་དབུ་བརྒྱན་པར་གྱུར། མཆོད་བསོད་སྔར་དང་འད་བ་ལ།

བསོད་པ་རྒྱས་པ་བྱེད་པར་སྤྲོ་ན། སྤན་རས་གཟིགས་དབང་འཇིག་རེན་མགོན་པོའི་སྤན་ཆབ་ ལས་འཁྲུངས་ནོར་བདག་རིན་ཆེན་བརིད་པའི་སྐུ། །གངས་རི་ལྟར་དཀར་རབ་མཛེས་འགོ་ ཚོགས་དབུལ་ཕོངས་མཐའ་དག་སྡུག་བསྔལ་མ་ལུས་ཞི་མཛད་ཅིང་། །ཞལ་གཅིག་ཕག་གཉིས་ སྤན་གསུམ་འགོ་ལ་བུ་གཅིག་ལྟར་བརེ་ཕོགས་བཅུ་ཀུན་ཏུ་གཟིགས་མཛད་པ། །བསམ་འཕེལ་ ནོར་བུ་དཔག་བསམ་ཤིང་འད་དེ་ལ་བདག་ཡིད་གུས་པས་ཕག་འཚལ་སྐབས་སུ་མཆི། །དུག་ གསུམ་ལ་སོགས་ངན་འགོའི་ས་བོན་མྱུ་གུ་གཅོད་མཛད་ཕག་གཡས་ཁ་ཊྭཱཾ་རེ་གསུམ་འཛིན། །

 19

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          གཡོན་པས་བེ་ཅོན་ནོར་བདག་མ་ལུས་དབང་དུ་བསྡུད་ཅིང་བཀེས་སོམ་ནད་དངསྡུག་བསྔལ་ འཇོམས། །དབུ་སྐྲ་དཀར་སེར་གེན་དུ་བརེས་ཤིང་ནོར་བུའི་ཅོད་པན་ལྷབ་ལྷུབ་བརྒྱན་གིས་ ཀུན་ནས་མཛེས། །ནོར་བདག་ཆེན་པོ་འབྲུག་ལ་ཆིབས་པས་བདག་དང་སེམས་ཅན་ཀུན་གི་ དབུལ་ཕོངས་ཞི་བར་མཛོད། །གང་རི་ལྟར་དཀར་ཞལ་གཅིག་ཕག་གཉིས་འབྲུག་གི་སེང་ན་ བརིད་པའི་སྐུ། །སྤན་རས་གཟིགས་དབང་ཐུགས་རེའི་རྣམ་སྤྲུལ་འགོ་ལ་འདོད་དགུའི་ཆར་ འབེབས་པ། །ཡི་དམ་ཁེད་ལ་གུས་པས་འདུད་དོ་བྱང་ཆུབ་སིང་པོར་མཆིས་ཀི་བར། །ལོག་ འཚོ་བལ་བའི་འབྱོར་པ་ཆེན་པོ་ཀུན་ནས་དངོས་གྲུབ་ཐམས་ཅད་སོལ། །འདི་ནི་ཇོ་བོ་རེས་མཛད་པའི་ བསོད་པ་བྱིན་རླབས་ཆེ་བར་གགས་པ་ཡིན་ནོ། །

དེ་ནས། མདུན་གི་ཛཾ་ལྷ་གཙོ་འཁོར་གི་ཐུགས་ཀར་ཟླ་གདན་ལ་རང་རང་གིས་ས་བོན་

 20

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          སྔགས་ཕེང་གིས་བསོར་བས་ལས་འོད་ཟེར་འཕོས། འཇིག་རེན་ཁམས་ཀི་མི་ནོར་ཟས་གསུམ་ ཐམས་ཅད་རོ་ཁབ་ལེན་གིས་ལྕགས་ཕེ་འདེན་པ་བཞིན་རང་དབང་མེད་པར་བཀུག་ཏེ་རང་ཉིད་ ལ་ཐིམ་ཞིང་། དེ་དག་དང་ལྷའི་ཞལ་ནས་རིན་པོ་ཆེའི་ཆར་བབས་པས་གནས་ཁང་དང་བང་ མཛོད་ཐམས་ཅད་གང་བར་གྱུར་པར་བསམ་ལ། བདག་བསྐེད་ཀི་སབས་ལྟར་གཙོ་བོའི་སྔགས་དང་། ཨོཾ་བཛྲ་ཌཱ་ཀི་ ནི་ཧཱུཾ་ཕཊ། ཨོཾ་རཏྣ་ཌཱ་དི་ནི་ཧཱུཾ་ཕཊ།ཨོཾ་པདྨ་ཌཱ་ཀི་ནི་ཧཱུཾ་ཕཊ། ཨོཾ་ཀར་ཌཱ་ཀི་ནི་ཧཱུཾ་ཕཊ། ཅེས་མཁའ་ འགོ་མ་བཞིའི་སྔགས་རྣམས་ཅི་མང་དང་། ཐུན་མཇུག་ཏུ་གཙོ་བོའི་སྔགས་དང་མཁའ་འགོ་མ་བཞིའི་སྔགས་ཀི་མཐར་སོ་སོ་ལ་མི་སིང་ བསྒུལ་བའི་སྔགས། ཨོཾ་པི་ཤ་ནི་སྭཱཧཱ། ཞེས་པའི་སྭཱཧཱའི་གོང་དུ། ཁམས་གསུམ་སྣོད་བཅུད་ལེགས་ཚོགས་ ཐམས་ཅད་བདག་གི་དབང་དུ་འདུ་བར་གྱུར་ཅིག་སྭཱཧཱ། ཞེས་པ་སྦར་བ་གང་མང་འདོན། མཐར་ཡིག་བརྒྱས་ ལྷག་ཆད་བསང་ལ། མཆོད་བསོད་མདོར་བསྡུས་བྱ། ཐུན་ཕི་མ་རྣམས་ལ་བསངས་སྦངས་ས་བོན་ལས་མི་བསྐེད་པར། མདུན་གི་
 21

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          གའུ་འདི་ཉིད་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གནས་ཁང་དགོས་འདོད་ཐམས་ཅད་འབྱུང་བའི་ ཡིད་བཞིན་གི་ནོར་བུའི་གཏེར་ཆེན་པོས་ཡོངས་སུ་གང་བའི་དབུས་སུ་པདྨ་དང་ཟླ་བའི་དཀིལ་ འཁོར་གི་སེང་དུ་འཕགས་པ་ཛཾབ་ལ་ཛཾ་ཡིག་དཀར་པོ་དེ་ལས་འོད་འཕོས། འཕགས་པ་མཆོད། སེམས་ཅན་རྣམས་ཀི་དབུལ་འཕོངས་ཀི་སྡུག་བསྔལ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ ལས། རང་ཉིད་འཕགས་པ་ཛམྦྷ་ལ་སྐུ་མདོག་གངས་རིའི་མདོག་ལྟར་དཀར་བ། ཞལ་གཅིག་ ཕག་གཉིས་པ། ཞི་ཞིང་འཛུམ་ལ་ཆགས་པའི་ཉམས་ཅན་ཡིད་ཙམ་ཁོས་པ། སྤན་གསུམ་པ། དབུ་སྐྲ་ཁམ་སེར་གེན་དུ་བརེས་ཤིང་། ས་ར་དང་སིན་མ་ཁམ་སེར་དུ་འཁིལ་བ། ཕག་གཡས་ ཁ་ཊྭཱཾ་རེ་གསུམ་དང་། གཡོན་པས་རིན་པོ་ཆེའི་བེ་ཅོན་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སན་ རྒྱན། མགུལ་རྒྱན། སོ་མོ་དོ། འོག་པག ཕག་གདུབ། ཞབས་གདུབ་རྣམས་ཀིས་སྤྲས་ཤིང་།
 22

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          དར་གི་ཡུག་གོན་སོད་གཡོགས་ཀི་འཕང་བ། པཉྩ་ལི་ཀའི་ཤམ་ཐབས་ཅན། གཡུ་འབྲུག་གི་ སེང་ན་ཞབས་གཉིས་ཕེད་སྐིལ་གི་ཚུལ་གིས་བཞུགས་པ། ཤར་གི་འདབ་མ་ལ་ཧཱུཾ་ལས་རོ་རེ་ ཧཱུཾ་གིས་མཚན་པ་ལས། རོ་རེ་ཌཱ་ཀི་མ་ནམ་མཁའི་མདོག་ཅན་ཞལ་གཅིག་ཕག་གཉིས་མ། གཡས་གསེར་གི་རོ་རེ་དང་། གཡོན་རེན་འབེལ་གི་ནོར་རས་བསྣམས་པ། ལྷོར་ཏྲཾ་ལས་རིན་པོ་ ཆེ་ཏྲཾ་གིས་མཚན་པ་ལས། རིན་ཆེན་ཌཱ་ཀི་མ་སེར་མོ་གཡས་ནོར་བུ་རིན་པོ་ཆེ་དང་། གཡོན་ བུམ་པ་འཛིན་པ། ནུབ་ཏུ་པཾ་ལས་པདྨ་པཾ་གི་མཚན་པ་ལས། པདྨ་ཌཱ་ཀི་མ་དམར་པོ་གཡས་ པདྨ་དང་། གཡོན་ལྕགས་ཀྱུ་བསྣམས་པ། བྱང་དུ་ཁཾ་ལས་རལ་གི་ཁཾ་གིས་མཚན་པ་ལས། ལས་ ཀི་ཌཱ་ཀི་མ་ལྗང་ཁུ་གཡས་རོ་རེ་རྒྱ་གམ་དང་། གཡོན་ནེའུ་ལེ་ནོར་བུ་སྐྱུགས་པ་བསྣམས་པ། ཐམས་ཅད་ཀང་རིན་པོ་ཆེའི་རྒྱན་དང་དར་གི་ན་བཟའ་གསོལ་བ། ཞབས་གཡས་བསྐུམས་ཤིང་
 23

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          གཡོན་བརྐངས་པའི་དོར་སབས་ཀིས་བཞུགས་པ། གཙོ་འཁོར་རྣམས་ཀི་དཔྲལ་བར་ཨོཾ། མགིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་གདན་ལ་ཛམ་ཡིག་དཀར་པོ་འོད་ ཟེར་འཕོ་བ། དེ་ལས་འོད་ཟེར་འཕོས་པས་རང་བཞིན་གི་གནས་ནས་ཛམྦྷ་ལ་དཀར་པོ་ལ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀིས་བསོར་བ་ཨོཾ་བཛྲ་ས་མ་ཛཿས་སྤན་དངས། གོང་ལྟར་མཆོད། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། སར་ཡང་འོད་འཕོས་དབང་གི་ལྷ་རིགས་ ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མ་ཛཿ ས་སྤན་དངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་ བར་གིས་མཆོད་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བ་ཝ་ཨ་ བི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤི་བོ་ནས་དབང་བསྐུར། སྐུ་གང་། དི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་འོད་དཔག་མེད་
 24

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          དང་། རོ་རེ་མཁའ་འགོ་མ་ལ་མི་བསྐོད་པ་དང་། རིན་ཆེན་མཁའ་འགོ་མ་ལ་རིན་འབྱུང་། པདྨ་ མཁའ་འགོ་མ་ལ་འོད་དཔག་མེད། ལས་ཀི་མཁའ་འགོ་མ་ལ་དོན་གྲུབ་ཀིས་དབུ་བརྒྱན་པར་ གྱུར།བཟླས་པའི་མཇུག་གི་མཆོད་བསོད་ཀི་བར་བྱ།གཏོར་མ་འབུལ་ན་བྱིན་གིས་བརླབ་ལ། གོང་དུ་བཤད་པ་བཞིན་སྔགས་ཀིས་ འབུལ། དེ་ལྟར་སྒྲུབ་པས་རགས་ཀི་རིམ་པ་ནི་ཁོམ་མང་པོ་ཚོགས་ནས་རང་ལ་ཕག་འཚལ་བ་དང་འབུལ་བ་བྱེད་པ་དང་། ཆར་ཆེན་པོ་ འབབ་པ་དང་། འབྲུའི་བང་མཛོད་ཀི་གསེབ་ཏུ་ཉལ་བ་དང་། ཆུ་བོ་བརོལ་བ་དང་། གཏེར་རེད་པ་སོགས་རི་ན་འགྲུབ་པའི་རགས་ཡིན་ ཅིང་། དུས་ནི་ཟླ་བ་གཅིག་གམ། ཞག་ཉེར་གཅིག་གམ་བདུན་ལ་སོགས་པ་སྒྲུབ་དགོས་པར་བཤད་དོ། །

དེ་ནས་ནོར་བདག་འཁོར་བཅས་རེན་ལ་བརན་བཞུགས་བྱས་ཏེ། མཛོད་ཕུགས་སུ་མིས་མི་མཐོང་བར་བཞག་སེ་དུས་དུས་སུ་ ཅི་འབྱོར་བའི་མཆོད་པ་ཕུལ་ཞིང་། རྣམ་པར་མི་རོག་པའི་ངང་ལ་བཞག་ལ། ཏདྱ་ཐཱ། ཨོཾཚོམེ་ལེ་དུ་ཀ་ཧཱུཾ་ཕཊ་སྭཱཧཱ། དཔེ་ ལ་ལར། ཨོཾ་ཚ་མ་དུ་ལེ་དུ་ཀ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཀང་འབྱུང་། སྔགས་འདི་ཉིན་རེ་བཞིན་བརྒྱ་ར་བཟླ་བར་བྱའོ། །ཇོ་བོའི་

 25

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     ཞལ་ནས། སྔགས་འདི་མ་ཆག་ན་སྐིད་པར་ཡོད་འདུག །གའུ་ཁིམ་ན་ཡོད་པ་རང་གིས་ཆོག །རང་གིས་ཟས་ནོར་འདུ་བར་གསུངས་སོ། ། བཞི་པ་ཡང་གསང་མཁའ་འགོ་མ་བཞི་ལ་བརེན་ནས་དབང་སྡུད་ཀི་མན་ངག་ནི། སྔར་བཤད་པ་ལྟ་བུའི་རའི་གའུའམ། མ་ རེད་ན་ར་བུམ་དཀར་པོ་ལོངས་མ་སྤད་པ། ལྔའི་ནང་དུ་གཙོ་འཁོར་ལྔ་སོ་སོར་སྔར་བཞིན་གཞུག །ཁད་པར་པདྨ་མཁའ་འགོའི་གའུའི་ ནང་དུ་སྔར་གི་རས་ཀི་སེང་དུ་ཀླུ་སན་གང་རེད་བླུག་ཅིང་། ཀར་ཌཱ་ཀི་མའི་རྐང་པ་ལ་མགོགས་བྱེད་རའི་སྤུས་དཀིས་ན་མྱུར་དུ་འོང་ཞེས་ ཡིག་རིང་ལས་བཤད། སྔར་བཞིན་སྒྲུབ་པ་ལེགས་པར་བྱས་ལ། དེ་ནས་རི་ཆེན་པོ་རྒྱལ་པོ་གདན་ལ་བཞུགས་པ་འད་བ། རི་ཤིང་མེ་ཏོག་ དང་། རི་དྭགས་དང་བྱ་རྣམ་པ་སྣ་ཚོགས་དང་ལྡན་པ། རི་ཐམས་ཅད་ཚུར་འདུས་པ་འད་བ། རི་གཞན་གི་ཆུ་ཐམས་ཅད་ཕོགས་སུ་ འབབས་པ། མདངས་དང་ས་བཀ་ལེགས་པ་དེ་ལྟ་བུ་ལ། ཀར་ཌཱ་ཀི་མའི་གའུ་རི་ཐང་མཚམས་སུ་སྦ། དེ་ལྟར་བྱས་ན་ཡུལ་མི་ཐམས་ཅད་ དབང་དུ་འདུ་བར་འགྱུར་ཏེ་ཟས་ནོར་ཆར་བཞིན་དུ་འབྱུང་། པདྨ་ཌཱ་ཀི་མའི་གའུ་ཡུལ་དེའི་ཆུ་མགོ་ལ་སྦ། དེ་ལྟར་བྱས་པས་ཆུ་དེ་འཐུང་ ཚད་དབང་དུ་འདུ་བར་འགྱུར་ཞིང་། ཆུ་དེ་ཕིའི་རྒྱ་མཚོར་ཕིན་པས་ཀླུ་རྣམས་དགེས་ནས་དངོས་གྲུབ་སེར་བར་འགྱུར་ཞེས་ཇོ་བོ་རེས་
      26

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     གསུངས་སོ། །རོ་རེ་མཁའ་འགོ་མའི་གའུ་དེ་རི་རེ་མཐོ་སར་སྦས་ན་རི་དེ་མཐོང་ཚད་དབང་དུ་འདུ་བར་འགྱུར། རིན་ཆེན་ཌཱ་ཀི་མའི་གའུ་ དེ་ཐབ་ཀི་འོག་ཏུ་སྦ་བར་གསུངས་ཀང་ཐབ་ཚང་གི་རྒྱབ་འོས་འགའ་ཞིག་ཏུ་སྦ། དེ་ལྟར་བྱས་ན་ཟས་ཀི་འབྱོར་པ་རྒྱུན་མི་འཆད་པར་ འབྱུང་བར་འགྱུར་རོ། །གཙོ་བོའི་གའུ་དེ་བང་མཛོད་ཀི་ཕུགས་སུ་སྦས་ན་ཕན་ཡོན་གོང་ལྟར་འབྱུང་ངོ་། །དེ་ལྟར་ཕི་ནང་གསང་བའི་སྒྲུབ་ པ་ཐམས་ཅད་ནུས་ན་ཤིན་ཏུ་ལེགས་ཤིང་། མ་གྲུབ་ན་ཆུ་སྦིན་དང་གཏོར་མ་མ་ཆག་པར་བཏང་ཞིང་། རྒྱུན་གི་སྔགས་བཟླས་པ་ཉིད་ ཀིས་ཟས་ནོར་ལོངས་སྤོད་ཐམས་ཅད་དབྱར་མཚོ་བཞིན་འཕེལ་བར་གསུངས། ཕན་ཡོན་གཞན་ཡང་ཚེ་རིང་བ་དང་ལུས་ལ་ནད་མེད་ པ་དང་། ཕི་མ་བདེ་བ་ཅན་དུ་སྐེ་བ་སོགས་བསམ་གིས་མི་ཁབ་པ་གསུངས་སོ། །ཡི་གེ་འགའ་ཞིག་ན་སབ་འདེ་བེལ་ལོངས་ཅན་གནོད་ ཐབས་དང་། ལུག་དཀར་སིང་ཤུན་གི་རེན་བཅའ་བ་དང་བསང་བཤགས་བཟློག་པ་མངའ་གསོལ་གི་ཆོ་ག་སོགས་རྣམ་གངས་མི་འད་བ་ སྣ་རེ་ཙམ་འབྱུང་མོད་ཀང་། བརྒྱུད་པ་གཞན་གི་མན་ངག་ལས་འོངས་པ་དང་། འགའ་ཞིག་རྒྱས་འགེབ་ཀི་རོག་བཟོར་སྣང་བས་འདིར་མ་ བཀོད་དོ། །མན་ངག་འདི་ལ་ར་བའི་ཡི་གེ་འད་མིན་མང་དུ་འདུག་ཀང་། གབ་དཀྲུགས་ཅུང་ཟད་ཡོད་པས་མན་ངག་དང་མི་ལྡན་པ་དག་
      27

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     གིས་ལག་ཏུ་བླང་མི་བདེ་བ་ལ། ཁི་ཆེན་སྤྲུལ་སྐུ་བློ་བཟང་བསན་པའི་ཉི་མས་ཡིག་རིང་འབི་བཤུས་ཀི་ཡིག་ཆ་ཞིག་མཛད་ཀང་། མ་ཕི་ དཔེ་མ་དག་པ་ཞིག་དང་ཐུག་པས་ཡིག་ནོར་འབའ་ཞིག་ལས་དགོས་པ་ལྷག་པོ་ཅི་ཡང་མི་འདུག །

དེས་ན་འདི་ནི་བླ་མའི་མན་ངག་བཞིན་མཐའ་ཆོད་པ་ལག་ཏུ་བླང་བདེ་བར་བགིས་པ་ཡིན་པས། བློ་ལྡན་དག་ཡིད་ཆེས་པའི་ གནས་སུ་བཟུང་རིགས་པ་ཁོ་ན་ཡིན་ནོ། ། འདིར་སྨྲས་པ། སིང་ནས་ཆོས་བཞིན་སྒྲུབ་པའི་སྐེ་བོ་ལ། །སིད་ཞིའི་དཔལ་འབྱོར་ དབང་དུ་མི་འདུ་མེད། །འོན་ཀང་དུས་ཀི་ཡང་སིང་ཐ་མ་འདིར། །ཚུལ་དེ་སྒྲུབ་པའི་སྐེ་བོ་ཉིན་ སར་ཙམ། །དེ་ཕིར་སྔོན་བསགས་ལས་ངན་རླུང་ཁྲུགས་ཀིས། །འདི་སྣང་སིད་འབྱོར་ན་བུན་ བཞིན་གཏོར་ནས། །རྒུད་པའི་ཐན་ཆེན་གིས་གདུང་འགོ་བ་ལ། །དངོས་གྲུབ་ཆར་འབེབས་ཛཾ་ ལ་ལས་ལྷག་ཀང་། །གང་དེའི་མན་ངག་བསིལ་སྦིན་དཀིལ་འཁོར་གཟུགས། །བློས་བྱས་

      28

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     འཁོགས་པོའི་རྭ་རིས་ཀིས་བསད་པ། །སར་ཡང་གོང་ཚིག་ལྷུག་པོའི་རིང་བུ་རུ། །ཤར་བས་བློ་ ལྡན་སུ་ཞིག་དགའ་བ་བསྐེད། །དེ་བས་རིན་ཆེན་མན་ངག་ལྡེ་མིག་གིས། །རྨུགས་འཛིན་འབྱོར་ བའི་བང་མཛོད་ཁ་ཕེ་ནས། །གཏན་པ་མེད་པའི་མཆོད་སྦིན་འདི་བགིས་པས། །ཕོངས་པའི་སྐེ་ བོ་མཐའ་དག་དགའ་བར་གིས། །འདིར་འབད་བསོད་ནམས་མ་དོས་ཀླུ་དབང་བཞིན། །སིད་ ཞིའི་དཔལ་འབྱོར་ཀུན་གི་བྱེད་པོ་དེས། །འགོ་བའི་རྒུད་པ་མ་ལུས་དྲུངས་ཕྱུང་ནས། །བདེ་ ལེགས་སེལ་བས་སྣོད་བཅུད་འགེངས་པར་ཤོག །ཅེས་ཇོ་བོ་ལུགས་ཀི་ཛཾ་བ་ལ་དཀར་པོ་འབྲུག་བཞོན་ལྷ་ལྔའི་སོ་ ནས་ནོར་སྒྲུབ་བྱ་ཚུལ་ཡིད་བཞིན་ནོར་བུའི་བང་མཛོད་ཅེས་བྱ་བ་འདི་ནི་དོན་གཉེར་བ་འགའ་ཞིག་གིས་སྔ་མོ་ནས་བསྐུལ་ཞིང་ཉེ་ཆར་ དགོས་པ་འགའ་ཞིག་གིས་ཆེད་དང་། གཞན་ལ་ཕན་འདོད་ཀིས་ཀང་བསྐུལ་ཏེ། རོ་རེ་འཆང་ཀུན་སང་བ་རི་བའི་དྲུང་དུ་ལྷ་འདི་ཉིད་ཀི་ རེས་གནང་མན་ངག་རྣམས་ལེགས་པར་ཐོབ་ཅིང་། སོམ་ཉིའི་གནས་ལ་སྒོ་འདོགས་ལེགས་པར་བཅད་དེ་ཁོང་དུ་ཆུད་པར་བྱས་པ། མི་
      29

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     རབས་གསུམ་དུ་ལྷ་མཆོག་འདི་ཉིད་སྒྲུབ་ཅིང་དངོས་གྲུབ་ཀི་ཆ་ཤས་ལ་ལོངས་སྤོད་པའི་རིགས་སུ་བྱུངབའི་བཙུན་གཟུགས་བློ་བཟང་ ཆོས་ཀི་ཉི་མས་དབེན་པའི་གནས་མཆོག་བདེ་ཆེན་རབ་རྒྱས་གིང་དུ་སྦར་བའི་ཡི་གེ་པ་ནི་གུ་ཤྲི་དགེ་སོང་བློ་བཟང་བཟོད་པས་བགིས་ པའོ། །འདིས་ཀང་འགོ་བ་མཐའ་དག་དབུལ་ཕོངས་ཀི་སྡུག་བསྔལ་ལས་ཐར་ཏེ། མཐར་ཐུག་གི་དཔལ་འབྱོར་ཟད་མི་ཤེས་པ་ལ་ལོངས་ སྤོད་པར་གྱུར་ཅིག ། །།

༈ ཨཱརྱ་ཛམྦྷ་ལ་ལ་ཕག་འཚལ་ལོ། །དེ་ཡང་རེ་བཙུན་ཆོས་ཀི་ཉི་མའི་ཞལ་སྔ་ནས་ཀིས་མཛད་པའི་ཛཾ་དཀར་ གི་ནོར་བསྒྲུབ་ལ་ཅུང་ཟད་ཁ་འགེངས་འོས་རྣམས་བསྣན་ཏེ་ཟུར་འདེབས་ཀི་ཚུལ་དུ་འགོད་པ་ནི། གསང་སྒྲུབ་དང་ཡང་གསང་གི་སྒྲུབ་ ཚུལ་གང་གི་སབས་སུ་ཡང་མདུན་བསྐེད་ཀི་བཟླས་པ་མཆོད་བསོད་མདོར་བསྡུས་དང་བཅས་པ་གྲུབ་པའི་མཚམས་དེར་གཡང་འབོད་ བྱས་ན་ལེགས་ཤིང་། དེ་ཡང་རྒྱས་པར་བྱེད་ན་གཡང་རེན་གི་གཏོར་མ་དང་གཡང་རས་བཤམས་པ་སོགས་ཡོངས་གགས་ལྟར་བྱས་ལ་ དངོས་སུ་བཤམས་པ་མེད་ཀང་མོས་པ་བརན་པོས་ཚིག་ཏུ་བརོད་ནའང་རུང་བས། གཙོ་འཁོར་ལྔའི་ཐུགས་ཀའི་འོད་

      30

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          ཟེར་ལྕགས་ཀྱུ་ལྟ་བུས་སིད་ཞིའི་དཔལ་འབྱོར་ལེགས་ཚོགས་མཐའ་དག་རོ་ཁབ་ལེན་གི་ ལྕགས་ཕེ་འདེན་པ་བཞིན་བསྡུས་ཏེ་རང་དང་བསྒྲུབ་བྱ་ལ་བསིམ་ཞིང་གནས་ཁང་ཡུལ་ཕོགས་ ཐམས་ཅད་ཀང་དཔལ་འབྱོར་རྒྱ་ཆེན་པོས་གང་བར་གྱུར་པར་བསམ་ལ།

ཐུགས་རེ་ཆེན་པོ་ཨཱརྱ་ཛམྦྷ་ལ། །སྣང་སིད་དབང་བསྡུད་མཁའ་འགོ་བཞི་དང་བཅས། ། བརེ་བས་དགོངས་ཏེ་གནས་འདིར་བྱིན་ཕོབ་ལ། །བསམ་དོན་ལྷུན་གིས་འགྲུབ་པའི་དཔལ་ སོལ་ཅིག །དགེ་བའི་ཉེར་ལེན་རང་ལ་གནས་པའི་གཞིར། །བདེ་བའི་རྐེན་བཟུང་འདོད་དགུའི་ ལེགས་ཚོགས་ཀུན། །ཕོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀ་ཤིས་དཔལ་འབར་ དགེ་མཚན་རྒྱས་པར་མཛོ། །དལ་འབྱོར་རེན་གི་རིན་ཆེན་བུམ་བཟང་ལ། །འཆི་བ་མེད་པའི་ཚེ་ དཔལ་བདུད་རིའི་རྒྱུན། །ཕོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀ་ཤིས་དཔལ་འབར་

 31

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          དགེ་མཚན་རྒྱས་པར་མཛོ། །སྔོན་བསགས་བསོད་ནམས་ལྷུན་སྟུག་རི་བོའི་རེར། །ཟས་ནོར་ ལོངས་སྤོད་དབྱར་གི་ན་བུན་བཞིན། །ཕོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀ་ཤིས་ དཔལ་འབར་དགེ་མཚན་རྒྱས་པར་མཛོ། །བཀ་ཤིས་གཡང་ཆགས་ཁིམ་དང་བང་མཛོད་ལ། ། གསེར་དངུལ་གོས་དར་ནོར་དང་འབྲུ་ཡི་ཚོགས། །ཕོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་ བྱོན། །བཀ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོ། །བཙན་ཞིང་ཡངས་པའི་ཕྱུགས་ ལྷས་རྭ་བ་རུ། །གནག་ལུག་ར་མཛོ་ས་ཡི་དེགས་པ་བཞིན། །ཕོགས་དུས་ཀུན་ནས་ཕྱྭ་དང་ གཡང་དུ་བྱོན། །བཀ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོ། །ཞི་དུལ་བཟང་པོའི་རང་ བཞིན་འོ་མའི་མཚོར། །མཐུན་པའི་གཉེན་བཤེས་གཡོག་འཁོར་ངང་པའི་རྒྱུན། །ཕོགས་དུས་ ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོ། །ཆོ་
 32

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          རིགས་གཙང་མའི་དཔག་བསམ་སོང་པོ་ལ། །ཡ་རབ་མཛངས་པའི་རིགས་བརྒྱུད་མེ་ཏོག་བཀ། ། ཕོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་ མཛོ། །སོ་གསུམ་ལེགས་བྱས་རྣམ་དཀར་སྤྲིན་གི་ཀོང་། །མ་རད་གགས་སན་གཡས་འཁིལ་ འབྲུག་སྒ་བརྒྱ། །ཕོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀ་ཤིས་དཔལ་འབར་དགེ་ མཚན་རྒྱས་པར་མཛོ། །མཆོད་སྦིན་དགེ་ཚོགས་གཞོན་ནུའི་ལང་ཚོ་ལ། །འདོད་པའི་ཡོན་ཏན་ རྣམ་ལྔའི་རྒྱན་ཕེང་ཚོགས། །ཕོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀ་ཤིས་དཔལ་ འབར་དགེ་མཚན་རྒྱས་པར་མཛོ། །་ཡི་བདེ་སྐིད་ཚེ་དང་ཀླུའི་འབྱོར་པ། །མི་ཡི་ཆོས་དང་སིད་ ཀི་ཕུན་ཚོགས་ཀུན། །ཕོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀ་ཤིས་དཔལ་འབར་ དགེ་མཚན་རྒྱས་པར་མཛོ། །མོས་གུས་བརན་པོས་ཡིད་ཀི་གཤོང་བུ་ལ། །མཆོག་གསུམ་
 33

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          ཐུགས་རེ་བྱིན་རླབས་ཆར་གི་རྒྱུན། །ཕོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀ་ཤིས་ དཔལ་འབར་དགེ་མཚན་རྒྱས་པར་མཛོ། །དད་བརོན་བློ་གོས་རྒྱལ་མཚན་རེ་མོ་ལ། །རིགས་ གསུམ་མཁེན་བརེ་ནུས་པའི་བསམ་འཕེལ་ནོར། །ཕོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། ། བཀ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོ། །བདེན་ཚིག་འགྲུབ་པའི་ལེགས་བྱས་ནོར་ འཛིན་གཞིར། །བཀ་ཤིས་རགས་རས་རེན་འབེལ་མེ་ཏོག་ཆར། །ཕོགས་དུས་ཀུན་ནས་ཕྱྭ་དང་ གཡང་དུ་བྱོན། །བཀ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོ། །ཚུལ་ཁིམས་རྣམ་པར་ དག་པའི་ཞིང་ས་ལ། །ཐོས་བསམ་བསོམ་གསུམ་ལེགས་སིན་སེ་མའི་ཚོགས། །ཕོགས་དུས་ ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོ། །རེ་ གཅིག་ཏིང་འཛིན་བསོམ་པའི་ནམ་མཁའ་ལ། །ཉམས་དང་རོགས་པའི་ཉི་ཟླ་སར་མའི་ཚོགས། །
 34

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          ཕོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་ མཛོ། །དི་མེད་ཤེས་རབ་ནོར་བུའི་མེ་ལོང་ངོས། །ཆོས་ཚུལ་རབ་འབྱམས་དགོངས་དོན་སྣང་ བརན་འབུམ། །ཕོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀ་ཤིས་དཔལ་འབར་དགེ་ མཚན་རྒྱས་པར་མཛོ། །མང་ཐོས་ཚུལ་བཞིན་སྒྲུབ་པའི་གངས་རི་ལ། །མཁས་དང་གྲུབ་པའི་ རལ་རོགས་གདོང་ལྔ་པ། །ཕོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀ་ཤིས་དཔལ་ འབར་དགེ་མཚན་རྒྱས་པར་མཛོ། །ལུང་རོགས་བསན་པ་ནོར་བུའི་བ་གམ་རེར། །དོན་གཉིས་ ལྷུན་གྲུབ་ཐར་པའི་རྒྱལ་མཚན་མཆོག །ཕོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀ་ ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོ། །མདོར་ན་ནོར་བདག་མཁའ་འགོའི་ཚོགས་ བཅས་ཀིས། །སིད་ཞིའི་ཁམས་ན་ཇི་སེད་མཆིས་པ་ཡི། །རྒྱུ་ཡི་དགེ་ཚོགས་མཐའ་དག་དཔལ་
 35

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          དུ་ཁུག །འབས་བུ་བདེ་འབྱོར་ཐམས་ཅད་གཡང་དུ་ལོངས། །ས་ལ་གཡང་ཆགས་རི་བཅུད་ལོ་ འབས་སིན། །ཡུལ་ལ་གཡང་ཆགས་ནད་མུག་འཁྲུག་རོད་ཞི། །མི་ལ་གཡང་ཆགས་ཚེ་བསོད་ ཆོས་འབྱོར་རྒྱས་། །ཕུན་ཚོགས་བཀ་ཤིས་རྒྱ་མཚོས་གང་གྱུར་ཅིག །ཅེས་གཡང་འབོད་བྱའོ། །

ཡང་གསང་མཁའ་འགོ་མ་བཞིའི་གཏེར་སྦ་ཚུལ་ནི། །བདག་བསྐེད་སྔོན་དུ་བཏང་ནས། བསངས་སྦངས། གའུ་འམ་བུམ་ པ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་ བཞིན་གི་ནོར་བུའི་གཏེར་ཆེན་པོས་ཡོངས་སུ་གང་བ་ལྔའི་ནང་དུ་པཾ་ལས་པདྨ་དང་ཨཱཿལས་ཟླ་ བའི་དཀིལ་འཁོར་རེ་རེ། དབུས་མའི་སེང་དུ་ཛཾ་ཡིག་དཀར་པོ་དེ་ལས་འོད་འཕོས། འཕགས་པ་ མཆོད། སེམས་ཅན་རྣམས་ཀི་དབུལ་འཕོངས་ཀི་སྡུག་བསྔལ་བསལ། ཚུར་འདུས་ཡོངས་སུ་ གྱུར་པ་ལས། རང་ཉིད་འཕགས་པ་ཛམྦྷ་ལ་སྐུ་མདོག་གངས་རིའི་མདོག་ལྟར་དཀར་བ། ཞལ་

 36

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     གཅིག་ཕག་གཉིས་པ། ཞི་ཞིང་འཛུམ་ལ་ཆགས་པའི་ཉམས་ཅན་ཡིད་ཙམ་ཁོས་པ། སྤན་གསུམ་ པ། དབུ་སྐྲ་ཁམ་སེར་གེན་དུ་བརེས་ཤིང་། ས་ར་དང་སིན་མ་ཁམ་སེར་དུ་འཁིལ་བ། ཕག་ གཡས་ཁ་ཊྭཱཾ་རེ་གསུམ་དང་། གཡོན་པས་རིན་པོ་ཆེའི་བེ་ཅོན་བསྣམས་པ། རིན་པོ་ཆེའི་དབུ་ རྒྱན། སན་རྒྱན། མགུལ་རྒྱན། སོ་མོ་དོ། འོག་པག ཕག་གདུབ། ཞབས་གདུབ་རྣམས་ཀིས་ སྤྲས་ཤིང་། དར་གི་ཡུག་གོན་སོད་གཡོགས་ཀི་འཕང་བ། པཉྩ་ལི་ཀའི་ཤམ་ཐབས་ཅན། གཡུ་ འབྲུག་གི་སེང་ན་ཞབས་གཉིས་ཕེད་སྐིལ་གི་ཚུལ་གིས་བཞུགས་པ། ཤར་གི་གའུ་འམ་བུམ་ པའི་ནང་གི་གདན་ལ་ཧཱུཾ་ལས་རོ་རེ་ཧཱུཾ་གིས་མཚན་པ། ལྷོའི་གའུ་འམ་བུམ་པའི་ནང་གི་གདན་ལ་ ཏྲཾ་ལས་རིན་པོ་ཆེ་ཏྲཾ་གིས་མཚན་པ། ཞེས་སོགས་བསྒྱུར་བ་མ་གཏོགས་གསང་སྒྲུབ་ཀི་སབས་ལྟར་བྱའོ། །གང་དུ་སྦ་ བའི་གནས་ནི་སའི་གནད་བཞི་ཚང་ཞིང་རྒྱབ་རི་མཐོ་ལ་དགེ་བ། མདུན་རི་དམའ་ཞིང་དགུར་བ། གཡས་གཡོན་གི་རི་རྣམས་ཚུར་འདུས་
      37

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     པའི་རྣམ་པ་ཅན། ཆུ་བོའང་མདུན་དུ་ཚུར་འབབས་པ་སོགས་དཔྱད་ལེགས་ཤིང་མིང་བཀ་བཟང་པོ་ཅན་གཞི་བདག་དཀར་ཕོགས་པ་ གནས་པའི་ས་དེ་ལྟ་བུར་སྦ་དགོས་ལ། དེ་ཡང་ཐོག་མར་བསྒྲུབ་ཟིན་ནས། དེ་གདན་འདེན་པའི་ཚེ་སབས་བདེ་ན་སོས་རོལ་སོགས་རྒྱས་ པར་བྱ་ཞིང་། མ་ཐའང་དར་ཚོན་སོགས་ཀིས་བརྒྱན་ཏེ་སོས་འགིམ་སྔོན་དུ་འགོ་བའི་བཀུར་སི་དང་བཅས་གདན་འདེན། དེ་ཡང་ཀར་ཌཱ་ ཀིའི་གའུ་རི་ཐང་མཚམས་དང་། པདྨ་ཌཱ་ཀིའི་གའུ་ཡུལ་གི་ཆུའི་མགོ །བཛྲ་ཌཱ་ཀིའི་གའུ་རིའི་རེ་མཐོ་སར་སྦ་བར་གསུངས་ཀང་རིའི་རེ་ མོ་ནས་ཅུང་ཟད་མར་བབས་པའི་རེ་སོད་ཙམ་དུ་ལེགས་པར་བཤད། ཆུ་མིག་ཀང་རྒྱུན་དུ་འགོ་རྒྱུ་མེད་པའི་ལྐུག་པ་དང་མཚམས་ མཚམས་སུ་སམ་པའི་དར་རྒུད་ཅན་མ་ཡིན་པར་རག་ཏུ་འགོ་ཞིང་ཆུ་ཀླུང་ཆེར་པོར་འགོ་བ་དགོས། གང་དུ་སྦ་བའི་གནས་དེར་ས་བྲུས་ ནས་རོའི་ཁང་བུ་ཆེ་ཆུང་ཇི་ལྟར་འཚམ་པར་བྱས་ཏེ་དང་པོར་བསྒྲུབ་དུས་གཙོ་བོ་ལ་ཕོགས་པའི་ངོས་དེ་མ་ནོར་བ་བྱས་ཏེ་མདུན་དུ་ བསན་ནས་བཞུགས། མདུན་ངོས་དེར་ས་རལ་དང་འོབ་སོགས་དཔྱད་མི་ལེགས་པའི་རིགས་མེད་པ་ལྷག་པར་གལ་ཆེའོ། །རིན་ཆེན་ཌཱ་ ཀིའི་གའུ་ཐབ་ཚང་གི་རྒྱབ་གང་འོས་ཞིག་ཏུ་སྦ་བར་གསུངས་པས་ས་དཔྱད་སོགས་ཇི་བཞིན་མི་འོངས་ཀང་འཇོག་ཚུལ་སོགས་གོང་
      38

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

     དང་འད། གཙོ་བོའི་གའུ་མཛོད་ཕུགས་སུ་སྦ་བར་གསུངས་ཀང་མཛོད་ཁང་དུ་གཞན་གིས་མི་མཐོང་བར་བྱས་ནས་བཞག་ནས་བྲུས་ ནས་སྦ་མི་དགོས་སོ། །

དེར་བཞག་ནས་ཀང་སོ་སོ་རང་རང་གི་བསྐེད་ཆོག་བཟླས་པ་མཇུག་གི་མཆོད་བསོད་ཀི་བར་གོང་བཞིན་བྱས་ལ་མེ་ཏོག་ དང་བཅས་པས་ཐལ་མོ་སྦར་ཏེ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ལས། ། ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་དང་ལྷན་ཅིག་ཏུ། །འདི་རུ་མགོན་པོ་ རག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐེད་པ་དང་། །ཡོན་གི་བདག་པོའི་དོན་སད་དུ། ། བདག་གི་འབྱོར་པ་ཉིད་ཀིས་ནི། །ཅི་འབྱོར་བ་ཡིས་མཆོད་པ་དང་། །མེ་ཏོག་ལ་སོགས་འདི་ བཞེས་ཤིག །བདག་དང་སོབ་མར་བཅས་རྣམས་ལ། །རེས་སུ་བརེ་བས་ཉེར་དགོངས་ནས། ། ཀུན་གིས་འདི་ལ་བྱིན་རློབ་ཅིང་། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཞེས་དང་། མགོན་པོ་

      39

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          ནམ་མཁའ་མཛོད་ལ་མངའ་བརེས་པའི་བཅོམ་ལྡན་འདས་གཏེར་གི་དབང་ཕྱུག་ཐུགས་རེ་ཆེན་ པོ་དང་ལྡན་པ་ཁེད་སྔགས་དང་ཏིང་ངེ་འཛིན་གིས་བྱིན་གིས་བརླབས་ཏེ། འདོད་དགུའི་འབྱོར་ པ་ཟད་མི་ཤེས་པས་ཡོངས་སུ་གང་བའི་གཏེར་གི་མཛོད་འདི་རྣམས་སུ་ཇི་སིད་ནམ་མཁའི་ མཐའ་དང་མཉམ་པའི་སེམས་ཅན་གིས་ཁམས་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀི་གཏེར་ཆེན་ པོའི་ལོངས་སྤོད་ལ། དབང་འབྱོར་པར་མ་གྱུར་གི་བར་དེ་སིད་དུ། བརན་པར་བཞུགས་ནས་ དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ། ཐུགས་བརེ་བ་ཆེན་པོས་ཉེ་བར་དགོངས་ཏེ། བྱིན་གིས་རློབས་ལ་ཟས་ནོར་ལོངས་སྤོད་ཟད་མི་ཤེས་པ་འབྱུང་བ་དང། མཆོག་དང་ཐུན་མོང་ གི་དངོས་གྲུབ་མ་ལུས་པ་སོལ་བར་མཛད་ཅིང་བརན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་ བཛྲ་ཡེ་སྭཱཧཱ། ཞེས་པའི་བར་ལན་གསུམ་དང་། བདེ་གཤེགས་ཀུན་བཟང་མཐོང་བས་བཀ་ཤིས་ལྟར། །
 40

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          རྒྱལ་བ་སས་བཅས་དེང་འདིར་བདེ་ལེགས་ཤོག །ངན་སིག་ལོག་པའི་ཚོགས་རྣམས་བཅོམ་ གྱུར་ནས། །རྒྱས་སས་རིག་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གིས་བདེ་ བའི་མཆོག་བརེས་ནས། །ཉི་ལྟར་ཞལ་དོ་ཟླ་ལྟར་འོད་གསལ་ཞིང་། །བདག་དང་འགོ་ལ་ཞལ་དོ་ བྱིན་ཆེ་བར། །བསལ་པའི་མཐར་ཐུག་བར་དུ་བཞུགས་སུ་གསོལ། །ཇི་སིད་མེ་དང་ཆུ་དང་ནི། ། རླུང་གིས་བསལ་པ་འཇིག་བར་དུ། །སེམས་ཅན་ཀུན་གི་དོན་གི་ཕིར། །བཅོམ་ལྡན་ཁོད་ནི་ བཞུགས་པར་མཛོད། །ཅེས་ཡིག་བརྒྱ་ཚར་གསུམ་དང་། མགོན་པོ་བསལ་པ་ཇི་བཞིན་དུ། །སྣ་ཚོགས་ གཟུགས་ནི་བཟུང་ནས་ཀང་། །ཕོགས་བཅུའི་འཇིག་རེན་ཁམས་རྣམས་སུ། །དེས་ནི་འགོ་བའི་ དོན་ཀུན་མཛོད། །ཅེས་བརོད་བརན་བཞུགས་བྱ།

ཁད་པར་ནི། ཀར་ཌཱ་ཀི་ལ། ནམ་མཁའ་མཛོད་ལ་མངའ་བརེས་ཤིང་ཐུགས་རེ་ཆེན་པོ་དང་ལྡན་

 41

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          པ་ཀརྨཱ་ཌཱ་ཀི་མ་ཁེད་སྔགས་དང་ཏིང་ངེ་འཛིན་གིས་བྱིན་གིས་བརླབས་ཏེ་འདོད་དགུའི་འབྱོར་ པ་ཟད་མི་ཤེས་པས་ཡོངས་སུ་གང་བའི་གཏེར་གི་མཛོད་འདི་རྣམས་སུ་ཇི་སིད་ནམ་མཁའི་ མཐའ་དང་མཉམ་པའི་སེམས་ཅན་གི་ཁམས་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀི་གཏེར་ཆེན་ པོའི་ལོངས་སྤོད་ལ་དབང་འབྱོར་པར་མ་གྱུར་གི་བར། དེ་སིད་དུ་བརན་པར་བཞུགས་ནས་ དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ། ཐུགས་བརེ་བ་ཆེན་པོས་ཉེ་བར་དགོངས་ཏེ་ བྱིན་གིས་རློབས་ལ་ཟས་ནོར་ལོངས་སྤོད་ཟད་མི་ཤེས་པ་འབྱུང་བ་དང་། མཆོག་དང་ཐུན་མོང་ གི་དངོས་གྲུབ་མ་ལུས་པ་སོལ་ཞིང་། ཁད་པར་དུ་ཡུལ་མི་ཐམས་ཅད་དབང་དུ་འདུས་ཏེ་ཟས་ ནོར་མཐའ་དག་ཆར་བཞིན་དུ་འབེབས་པར་མཛད་ཅིང་བརན་པར་བཞུགས་སུ་གསོལ། ཨོཾ་སུ་ པྲ་ཏིཥྛཱ་བཛྲ་ཡེ་སྭཱཧཱ། ཞེས་སྦོར། པདྨ་ཌཱ་ཀི་ལ། ནམ་མཁའ་མཛོད་ལ་མངའ་བརེས་ཤིང་ཐུགས་རེ་ཆེན་
 42

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          པོ་དང་ལྡན་པ་པདྨ་ཌཱ་ཀི་མ་ཁེད་སྔགས་དང་ཏིང་ངེ་འཛིན་གིས་བྱིན་གིས་བརླབས་ཏེ་འདོད་ དགུའི་འབྱོར་པ་ཟད་མི་ཤེས་པས་ཡོངས་སུ་གང་བའི་གཏེར་གི་མཛོད་འདི་རྣམས་སུ་ཇི་སིད་ ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གི་ཁམས་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀི་ གཏེར་ཆེན་པོའི་ལོངས་སྤོད་ལ་དབང་འབྱོར་པར་མ་གྱུར་གི་བར། དེ་སིད་དུ་བརན་པར་བཞུགས་ ནས་དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ། ཐུགས་བརེ་བ་ཆེན་པོས་ཉེ་བར་དགོངས་ ཏེ་བྱིན་གིས་རློབས་ལ་ཟས་ནོར་ལོངས་སྤོད་ཟད་མི་ཤེས་པ་འབྱུང་བ་དང་། མཆོག་དང་ཐུན་ མོང་གི་དངོས་གྲུབ་མ་ལུས་པ་སོལ་ཞིང་། ཁད་པར་དུ་རོལ་མཚོ་བདུན་ལ་སོགས་པ་ལ་གནས་ པའི་ཀླུ་རྒྱལ་རྣམས་དང་ཡུལ་ཕོགས་འདིའི་ཀླུ་རྒྱལ་གིས་མཚོན་འོག་ཀླུའི་འཇིག་རེན་ཐམས་ ཅད་དབང་དུ་འདུས་ཏེ་དངོས་གྲུབ་གཏེར་དུ་བཞུགས་པར་མཛད་ཅིང་བརན་པར་བཞུགས་སུ་
 43

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          གསོལ། ཞེས་དང་། རོ་རེ་ཌཱ་ཀི་ལ། ནམ་མཁའ་མཛོད་ལ་མངའ་བརེས་ཤིང་ཐུགས་རེ་ཆེན་པོ་དང་ལྡན་ པ་བཛྲ་ཌཱ་ཀི་མ་ཁེད་སྔགས་དང་ཏིང་ངེ་འཛིན་གིས་བྱིན་གིས་བརླབས་ཏེ་འདོད་དགུའི་འབྱོར་ པ་ཟད་མི་ཤེས་པས་ཡོངས་སུ་གང་བའི་གཏེར་གི་མཛོད་འདི་རྣམས་སུ་ཇི་སིད་ནམ་མཁའི་ མཐའ་དང་མཉམ་པའི་སེམས་ཅན་གི་ཁམས་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀི་གཏེར་ཆེན་ པོའི་ལོངས་སྤོད་ལ་དབང་འབྱོར་པར་མ་གྱུར་གི་བར། དེ་སིད་དུ་བརན་པར་བཞུགས་ནས་ དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ། ཐུགས་བརེ་བ་ཆེན་པོས་ཉེ་བར་དགོངས་ཏེ་ བྱིན་གིས་རློབས་ལ་ཟས་ནོར་ལོངས་སྤོད་ཟད་མི་ཤེས་པ་འབྱུང་བ་དང་། མཆོག་དང་ཐུན་མོང་ གི་དངོས་གྲུབ་མ་ལུས་པ་སོལ་ཞིང་། ཁད་པར་དུ་སེང་ལྷའི་འཇིག་རེན་དང་གནས་འདི་མཐོང་ ཚད་ཐམས་ཅད་དབང་དུ་འདུ་བར་མཛད་ཅིང་བརན་པར་བཞུགས་སུ་གསོལ། ཞེས་དང་། རིན་ཆེན་ཌཱ་
 44

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

          ཀི་ལ། ནམ་མཁའ་མཛོད་ལ་མངའ་བརེས་ཤིང་ཐུགས་རེ་ཆེན་པོ་དང་ལྡན་པ་རཏྣ་ཌཱ་ཀི་མ་ཁེད་ སྔགས་་དང་ཏིང་ངེ་འཛིན་གིས་བྱིན་གིས་བརླབས་ཏེ་འདོད་དགུའི་འབྱོར་པ་ཟད་མི་ཤེས་པས་ ཡོངས་སུ་གང་བའི་གཏེར་གི་མཛོད་འདི་རྣམས་སུ་ཇི་སིད་ནམ་མཁའི་མཐའ་དང་མཉམ་པའི་ སེམས་ཅན་གི་ཁམས་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀི་གཏེར་ཆེན་པོའི་ལོངས་སྤོད་ལ་ དབང་འབྱོར་པར་མ་གྱུར་གི་བར། དེ་སིད་དུ་བརན་པར་བཞུགས་ནས་དབུལ་ཞིང་ཕོངས་པའི་ སེམས་ཅན་རྣམས་ལ། ཐུགས་བརེ་བ་ཆེན་པོས་ཉེ་བར་དགོངས་ཏེ་བྱིན་གིས་རློབས་ལ་ཟས་ ནོར་ལོངས་སྤོད་ཟད་མི་ཤེས་པ་འབྱུང་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ སོལ་ཞིང་། ཁད་པར་དུ་རོ་བཅུད་ཕུན་སུམ་ཚོགས་པའི་ཟས་ཀི་འབྱོར་པ་རྒྱུན་མི་འཆད་པར་ མཛད་ཅིང་བརན་པར་བཞུགས་སུ་གསོལ། ཞེས་བསྒྱུར་བ་མ་གཏོགས་གཞན་འདའོ། །
 45

ཛཾ་དཀར་འབྲུག་བཞོན་ལྷ་ལྔའི་སོ་ནས་ནོར་སྒྲུབ་བྱ་ཚུལ།

དེ་ནས་རོ་ཁང་གི་ཁ་ལེགས་པར་བཅད་དེ་མི་མངོན་པར་བྱའོ། །མཇུག་ཏུ་ཡེ་དྷརྨཱ་བདུན་ལ་སོགས་པ་བརོད་དེ་མེ་ཏོག་བྱིན་ གིས་བརླབས་ནས་མདོ་ལས་བྱུང་བའི་དཀོན་མཆོག་གསུམ་གིས་བཀ་ཤིས་སོགས་ཤིས་པ་བརོད་པའི་ཚིག་ཅི་རིགས་པའི་སོ་ནས་མེ་ ཏོག་གི་ཆར་ཆེན་པོ་དབབ་པར་བྱའོ། །ཞེས་ཛཾ་དཀར་ལྷ་ལྔའི་ནོར་བསྒྲུབ་བྱ་ཚུལ་ནོར་བུའི་བང་མཛོད་ཀི་ཟུར་འདེབས་གསེར་གི་ལྡེ་ མིག་ཅེས་བྱ་བ་འདི་ནི་རྣམ་དཔྱོད་མཆོག་ཏུ་ཡངས་པ་སྔགས་རམ་པ་འཇམ་དབྱངས་བདེ་ཆེན་གིས་བསྐུལ་ངོར་བཙུན་པ་དཀོན་མཆོག་ བསན་པའི་སྒོན་མེས་བིས་པའོ།། །།