ཚོར་བ་ལྔ་

ཡོང་ཁུངས་Wikipedia

རང་ཡུལ་རང་སྟོབས་ཀྱིས་མྱོང་བའི་སེམས་བྱུང་མྱོང་བ། ཚོར་བ་དང་ཚོར་བའི་ཕུང་པོ་གཉིས་དོན་གཅིག་དེ་ལ་དབྱེ་ན། ཚོར་བ་བདེ་བ་དང་། ཚོར་བ་སྡུག་བསྔལ། ཚོར་བ་ཡིད་བདེ། ཚོར་བ་ཡིད་མི་བདེ། ཚོར་བ་བཏང་སྙོམས་དང་ལྔ་ཡོད། རྒྱས་པར་དབྱེ་ན་བཅོ་བརྒྱད་ཡོད་དེ། མིག་གི་རྣམ་པར་ཤེས་པའི་འཁོར་དུ་གྱུར་བའི་ཚོར་བ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་བའི་ཚོར་བའི་བར་བར་དྲུག་པོ་རེ་རེ་ལ་བདེ་སྡུག་བཏང་སྙོམས་གསུམ་གསུམ་ཡོད་དོ། །