ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་

ཡོང་ཁུངས་Wikipedia

《ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་》 དེབ་འདེ་ནི་བོད་ཡིག་ཚིག་མཛོད་ཀྱི་དེབ་ཡིན་ཞིང་ རྩོམ་པ་པོ་ནི་བསོད་ནམས་རྒྱལ་མཚན་རེད་། གླེང་གཞི། འདིར་ 《ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་》འདི་ཉིད་བརྩམ་པའི་དགོས་པ་གང་ཡིན་གསལ་འདེབས་ཅུང་ཟད་ཙམ་ཞིག་ཞུ་རྒྱུ་དེ་ཡང་ཐོག་མར་སྔར་གྱི་ལོ་རྒྱུས་ཀྱི་ཡིག་རིགས་ལས་ཅུང་ཟད་དྲངས་ན་ བོད་འདི་ཐོག་མར་ཆུ་ཡི་ཀློང་ཆེན་པོ་ཞིག་ཏུ་གྲུབ་པ་ལ་ དེ་རྗེས་རིམ་བཞིན་ཆུ་རྣམས་ཀོང་རོང་དུ་སོང་ཞིང་ས་ཡི་ཁམས་ཆེན་པོ་ཆགས་པ་དང་ ཕ་སྤྲེའུ་དང་མ་བྲག་སྲིན་མོ་འགྲོགས་པ་ལས་བོད་མིའི་འགྲོ་བ་བྱུང་ཞིང་འཕེལ་ལ་ དེ་ནས་རིམ་བཞིན་རྒྱལ་ཕྲན་བཅུ་གཉིས་དང་རྒྱལ་ཕྲན་བཞི་བཅུ་ལ་སོགས་པས་དབང་བསྒྱུར་པར་གྲགས་ ད་ལྟ་ནས་བརྩིས་པའི་མི་ལོ་ཉིས་སྟོང་འདས་པའི་སྔོན་དུ་བོད་ཀྱི་རྒྱལ་པོའི་ཐོག་མ་རྗེ་གཉའ་ཁྲི་བཙན་པོ་བྱོན་པ་དང་ དེ་ནས་བཟུང་གནམ་གྱི་ཁྲི་བདུན་ སྟོད་ཀྱི་སྟེང་གཉིས་ བར་གྱི་ལེགས་དྲུག་ སའི་ལྡེ་བརྒྱད་ འོག་གི་བཙན་གསུམ་བཅས་རིམ་པར་བྱུང་རྗེས་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་དེ་ཉིད་ཀྱི་དུས་ལྷ་ཁང་ཡུམ་བུ་གླ་སྒང་དུ་གཉན་པོ་གསང་བ་ལ་མཆོད་པ་བྱས་པས་ བོད་ལ་སངས་རྒྱས་ཆོས་ལུགས་དར་བའི་འགོ་ཟིན་པར་ཡོངས་སུ་གྲགས་