Jump to content

ཚའོ་ཧྲོས

ཡོང་ཁུངས་Wikipedia

ཚའོ་ཧྲོས། སྙན་ངག་པ། འཁྲབ་གཞུང་རྩོམ་པ་པོ། དངོས་མིང་ལ་ཚའོ་ཧུང་པོ་ཟེར། 1982ལོར་ཧྲའན་ཞིའི་ཡུས་ཧྲི་རུ་སྐྱེས། 2008ལོར་གཞུང་གི་ལས་ཀ་བསྐྱུར་ཏེ་བོད་ལྗོངས་དང་ཞིན་ཅང་སོགས་སུ་ཟླ་བ་ཁ་ཤས་རིང་བསྐྱོད་དེ་ཕྱིར་ལོག་རྗེས་གསར་རྩོམ་གྱི་ལས་སུ་ཞུགས།  སྙན་དེབ་ལ《སུ་ཞིག་གིས་སྐྱོ་སྡུག་ཁྲོད་ནས་བསྡུས་རྗོད་བྱེད》དང《ཡིད་འགྱུར་འཁྱག་པོ》《ཨེ་ཡོབ་སྐམ་ས་ཆེན་མོའི་ལོ་རྒྱུས་སྙན་རྩོམ》སོགས་དང།  ལྷུག་རྩོམ་རིང་མོ《བོད་ལྗོངས་དང་ཞིན་ཅང་གི་འགྲུལ་བཞུད་རེག་ཟིག》《ཨ་ཆེན་གངས་རྒྱབ་སྟེ་སྲོག་ཆགས་ཀྱི་རྒྱལ་ཁམས》སོགས།   སྒྲུང་རིང《བྷ་བྷེལ་མཆོད་རྟེན་གྱི་རྩེ་མོ》《ཁུ་ནུའི་གསང་རྣམ》《གསའ་གཟིག་རྒྱལ་སྲས》སོགས་བརྩམས་ཆོས20ཡོད།  གློག་བརྙན་འཁྲབ་གཞུང《ཉི་མའི་གྲོང་ཁྱེར》དང་། བརྙན་འཕྲིན་ཟློས་གར《རྨ་བྱའི་རྒྱལ་པོ》《ཁུ་ནུའི་ལྷ་སྒྲུང》སོགས་ཡོད།  གཞན་ཡང་སྒྲུང་རིང་མང་ཆེ་ཤས་བརྙན་འཕྲིན་ཟློས་གར་དང་རླུང་འཕྲིན་ཟློས་གར། གར་སྟེགས་ཟློས་གར་སོགས་སུ་བསྒྱུར་ཡོད།  དེ་སྔ་སྐབས་དང་པོའི་ཀྲུང་གོའི་ན་གཞོན་སྙན་ངག་པའི་བྱ་དགའ་དང་། སྐབས་ལྔ་པའི་མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའི་རྩོམ་རིག་སྐར་ཆེན་བྱ་དགའ། 2015ལོའི་རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩ་སོགས་རིག་རྩལ་བྱ་དགའ་མང་པོ་ཐོབ། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོ་གློག་བརྙན་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་མི། 《སྙན་དེབ་ཆེན་མོ》ཡི་གཙོ་སྒྲིག་པ། ད་ལྟ་པེ་ཅིང་དགེ་འོས་སློབ་གྲྭ་ཆེན་མོ་དང་ལུའུ་ཞུན་རྩོམ་རིག་གླིང་གཉིས་ཀྱིས་མཉམ་དུ་བསྡུས་པའི་རྩོམ་པ་པོའི་ཞིབ་འཇུག་འཛིན་གྲྭར་སློབ་གཉེར་བྱེད་བཞིན་ཡོད།