ཚ་བ་མདའ་སྨྱུག་

ཡོང་ཁུངས་Wikipedia

དངོས་མིང་། གྲྭ་བློ་གྲོས་དཔལ་ལྡན། བོད་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཅན། བློ་འབྱེད་པ་ཞོགས་དུང་ལཊ་ཀྱི་ལྟ་བ་དང་ལངས་ཕྱོཊ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན། ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༢༧ ཡས་མས་སུ་ཚ་བ་མདའ་སྨྱུག་ཁོང་གི་གྲོཊ་པོ་ཚོའི་མཐོང་ལམ་ནས་གློ་བུར་དུ་བོར་བརླག་ཏུ་ཕྱིན། ད་བར་ཁོང་གི་ཤི་གསོན་གནས་སྟངས་མི་སུས་ཀྱང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད། བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཐད་རྙིང་ཞེན་དང་གུ་དོག་གི་བསམ་བློ་འཛིན་མཁན་ཚོར་ཁ་གཏད་དུ་ལངས་མཁན་ཞིག་ཡིན་པར་མ་ཟད། རྒྱ་གཞུང་གི་དྲང་བདེན་མིན་པའི་དབང་སྒྱུར་སྲིད་བྱུས་ལ་ཐད་ཀར་སྐྱོན་བརྗོད་བྱེད་མཁན་གྱི་ན་གཞོན་རྩོམ་པ་པོ་ཞིག་ཀྱང་ཡིན་འདུག ༡༩༧༤ ལོར་ཚ་བ་དཔའ་ཤོད་ཁུལ་གྱི་དབེན་མདའ་ཞེས་པའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ། ཕ་ཟ་སུ་དགེ་ལེཊ་དང་མ་དཔེ་རུ་མ་ཡེ་ཤེས་དབང་མོ་ལཊ་གཉིས་ཀྱི་བུ་རུ་སྐྱེས།

རེའུ་མིག་གིས་ངོ་སྤྲོད།[རྩོམ་སྒྲིག]

དངོས་མིང་། ཚ་སྒང་བློ་གྲོས་དཔལ་ལྡན།
སྨྱུག་མིང་། ཚ་བ་མདའ་སྨྱུག
ཕ་ཡུལ། ཚ་བ་དཔའ་ཤོད་སྒང་སྟོད་དབེན་མདའ་གྲོང་སྡེ།
ཕ། ཟ་སུ་དགེ་ལེགས།
མ། དཔེ་རུ་མ་ཡེ་ཤེས་དབད་མོ།
སྐྱེས་ལོ། རབ་བྱུང་བཅུ་དྲུག་ཤིང་ཕོ་སྟག་གི་ལོ།
བརྩམས་ཆོས། ཟླ་འོད་གཞོན་ནུའི་འཁྲི་ཤིང་། ཞོགས་དུང་གདོང་གྲོགས། ལོག་རྟོགས་སྙིང་སྟོབས། རྒྱ་གར་ཡུལ་ལ་རྔམ་སྟོན་བྱེད་པའི་དུས། རྒྱ་ནག་ཡུལ་ལ་དགའ་སྟོན་བྱེད་པའི་དུས། ཚ་བ་མདའ་སྨུག་བཤམ་སྟོན་བྱེད་པའོ་དུས།(༢༠༠༧ལོ་ཟླ་༨ཚེས་༨ཚ་བ་སྒང་པའི་ཟིན་བྲིས་སུ་འཁོད)