མུ་ཁྲི་བཙན་པོ།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།

མུ་ཁྲི་བཙན་པོ་ནི་བོད་ཀྱི་བཙན་པོ་ཞག་རེད།


མུ་ཁྲི་བཙན་པོ།[རྩོམ་སྒྲིག]

(མུག་ཁྲི་བཙན་པོ་ཞེས་པའང་སྣང)བོད་རྒྱལ་གཉིས་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་གཉའ་ཁྲི་བཙན་པོ་དང་ཡུམ་མུ་ཚོ་བཟའ་གཉིས་ཀྱི་སྲས། བོན་གྱི་ལོ་རྒྱུས་ལྟར་ན། བཙན་པོ་འདི་ཉིད་གསས་མཁར་ཁོ་མ་ནག་ཆུང་བཞེངས། ཞང་ཞུང་ནས་མཁས་པ་ཆེན་པོ་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་སོགས་པ་བརྒྱ་བམ་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་བཞི་བཅུ་རྩ་ལྔ་བཙུགས། བོན་གྱི་གསུངས་རབ་མདོ་འབུམ་རྒྱུད་མཛོད་སོགས་པོ་ཏི་མང་པོ་བསྒྱུར། དེ་ཡང་། དག་པ་ལྷ་ཡི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་སྤུངས་ཡིག་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་དང་སྨར་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམ་སོ་ཞེས་དུས་དེའི་སྐབས་སུ་བོད་དུ་ཡི་གེ་ཡོད་པར་གསུངས། མུ་ཁྲི་ནི་བོད་དུ་གཡུང་དྲུང་བོན་དར་རྒྱས་མཛད་མཁན་གཙོ་བོ་ཡིན་ཞིང་། བོན་རྣམས་ཀྱིས་ཁོང་ལ་བརྩི་བཀུར་ཆེན་པོ་བྱེད། སྐྭ་གཤེན་ཅོའུ་ལན་ཚས་མཛད། ས་དིང་མ་འམ་ས་སྨན་ཏིང་ཏིང་མ་ཁབ་ཏུ་བཞེས་པར་སྲས་དིང་ཁྲི་བཙན་པོ་འཁྲུངས།

མི་ཚེ།[རྩོམ་སྒྲིག]

སྒྲུང་།[རྩོམ་སྒྲིག]

ཆོས་ལུགས།[རྩོམ་སྒྲིག]

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]