མི་ཉག་གི་ཡུལ་ཁམས།

ཡོང་ཁུངས་Wikipedia

མི་ཉག་གི་ཡུལ་ཁམས།[རྩོམ་སྒྲིག]

(ཤིས་ཞཱ་)བོད་ཀྱི་ལོ་རྒྱུས་དཔེ་ཆ་མང་པོའི་ནང་བོད་མི་ཉག་གམ་མི་ཉག་གི་རྒྱལ་ཁམས་ཟེར་བ་ནི། རྒྱ་ཡིག་གི་ལོ་རྒྱུས་ཐོག་ཤིས་ཞཱ་ཟེར་བ་དེ་ཡིན། དེ་ཡང་ཐང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཧྲའན་ཤིས། ཀན་སུའུ། ཉིང་ཞཱ་བཅས་ཀྱི་ས་ཁུལ་དུ་འཚོ་སྡོད་བྱེད་པའི་ཏང་ཞང་མི་རིགས་རྣམས་རྗེས་སུ་སྟོབས་ཤུགས་ཇེ་ཆེར་གྱུར་ཏེ་སུང་རྒྱལ་རབས་སྐབས་སུ་དེའི་མི་བརྒྱུད་ལི་སི་ཀོང་གི་ཡང་ཚ་ལི་ཅིས་ཆིའན་དང་ལི་ཏེ་མིང་གཉིས་ཀྱིས་རིམ་བཞིན་སུང་བྱང་མའི་རྒྱལ་རབས་ཀྱི་བློན་པོ་བྱས་པ་དང་། དེའི་ཚ་བོ་ལི་ཡན་ཧོའུ་ (李元昊) ཟེར་བས་སྤྱི་ལོ་༡༠༣༨ལོར་སུང་བྱང་མའི་རྒྱལ་རབས་ལ་ངོ་ལོག་བྱས་ཏེ་རང་ཉིད་རྒྱལ་པོ་བྱས་ནཔའི་མིང་ལ་ལི་ཅིང་ཙུང་ནའང་ཞིའོ་ཟེར་ཞིང་། རྒྱལ་རབས་ཀྱི་མིང་ལ་ཤིའི་ཞཱ་ཟེར། ཤིན་ཆིང(兴庆) (དེང་སང་ཉིང་ཞཱ་ཡིང་ཀྲའུ་ཡི་ཤར་ལྷོ་རྒྱུད )ཡིན་ཞིང་། ཧྲའན་ཤིས་བྱང་རྒྱུད། ཀའན་སུའུ་ནུབ་བྱང་རྒྱུད། མཚོ་སྔོན་བྱང་ཤར་རྒྱུད། ནང་སོག་གི་དུམ་བུ་གཅིག་བཅས་ཚུད་ཡོད་པ་དང་། ཡུལ་མིའི་ནང་ཡང་ཤང་ཆང་རིགསདང་། རྒྱ་རིགས། སོག་རིགས་སོགས་ཡོད། རྒྱལ་རབས་འདིར་རྒྱལ་པོ་མི་རབས་བཅུ་བྱུང་ཞིང་། རུས་མིང་ལི་ཡིན། སྤྱི་ལོ་༡༠༣༨ནས་༡༢༢༧བར་ལོ་བརྒྱ་དང་དགུ་བཅུ་རིང་སྲིད་དབང་བཟུང་མཐར། ཡོན་རྒྱལ་པོ་ཇིང་གེར་ཧན་གྱིས་དམག་དྲངས་ནས་རྒྱལ་པོ་བསད་དེ་མི་ཉག་གི་ཡུལ་ཐམས་ཅད་དབང་དུ་བསྡུས་ནས་ཤིས་ཞཱ་རྒྱལ་རབས་མཇུག་བསྒྲིལ་བ་ཡིན།