མི་ཆོས་ཆེན་མོ་གཙང་མ་བཅུ་དྲུག

ཡོང་ཁུངས་Wikipedia

མི་ཆོས་ཆེན་མོ་གཙང་མ་བཅུ་དྲུག[རྩོམ་སྒྲིག]

《ཆོས་འབྱུང་མཁས་པའི་དགའ་སྟོན་》ནས་གསུངས་པ་ལྟར་ན། མི་དགེ་བཅུ་སྤོངས་བའི་སྟེང་དུ། ༡ མ་ལ་མའི་འདུ་ཤེས་བཟུང་ནས་གུས་བཀུར་བྱ་བ། ༢ ཕ་ལ་ཕ་ཡི་འདུ་ཤེས་བཟུང་ནས་གུས་བཀུར་བྱ་བ། ༣ དགེ་སྦྱོང་དང་བྲམ་ཟེ་ལ་དེ་ཡི་འདུ་ཤེས་བཟུང་ནས་གུས་བཀུར་བྱ་བ། ༤རིགས་མཐོ་བ་དང་རྒན་རབས་ལ་གུས་བཀུར་ཞུ་བ། ༥ དྲིན་ཅན་གྱི་མི་ལ་དྲིན་ལན་འཇལ་བ། ༦གཞན་ལ་གཡོ་སྒྱུ་བྱས་ནས་མགོ་བསྐོར་མི་གཏོང་བ་བཅས་བཅུ་དྲུག་ཡིན་པར་གསུངས་ལ། ཡང་འདྲེན་ཚུལ་གཞན་ཞིག་སྟེ། སྔར་བོད་རྒྱལ་སྲོང་བཙན་སྒམ་པོས་གཏན་འབེབས་མཛད་པའི་ཁྲིམས་སྲོལ་དོན་ཚན་བཅུ་དྲུག་ནི། ༡ ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ། ༢ དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ། ༣ ཕ་མ་ལ་དྲིན་ལན་འཇལ་བ། ༤ ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ། ༥ རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ། ༦ ཡུལ་མི་ཁྱིམ་མཚེས་ལ་ཕན་གདགས་པ། ༧ བཀའ་དྲང་ཞིང་སེམས་ཆུང་བ། ༨ ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ། ༩ ཡ་རབས་ཀྱི་རྗེས་བསྙེག་ཅིང་ཕྱི་ཐག་རིང་བ། ༡༠ ཟས་ནོར་ལ་ཚོད་འཛིན་པ། ༡༡ སནངར་དྲིན་ཅན་གྱི་མི་རྩད་གཅད་པ། ༡༢ བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་མེད་པ། ༡༣ ཀུན་ལ་ཕྲག་དོག་ཆུང་བ། ༡༤ ངན་པའི་གྲོས་མི་ཉན་ཞིང་རང་ཚུགས་འཛིན་པ། ༡༥ ངག་འཇམ་ཞིང་སྨྲ་བ་ཉུང་བ། ༡༦ ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་བཅས་སོ། །