Jump to content

མཚོ་རླབས་

ཡོང་ཁུངས་Wikipedia

དབྱར་གྱི་གཙང་ཆུ་རྒྱས་པས་མཚོ་དང་མཉམ། མཁའ་ལ་ཟླ་བ་འཆར་དང་གཉིས་སུ་མེད། གཙང་ཆུ་རྒྱས་པའི་ཚུལ་འདི་ནི་མཛེས་སྡུག་ལྡན་ཞིང་ངོ་མཚར་གྱིས་ཕྱུག་པ་ཞིག་ཏུ་ཀུན་གྱིས་འདོད། མཚོ་རླབས་ཞེས་པ་འདི་ཇི་ལྟར་བྱས་ནས་གྲུབ་པ་ཡིན། དེ་དོན་རྟོགས་དགོས་ཚེ་ལས་སླ་མོ་ཞིག་མེད། སྤྱི་ལོ་༡༠༠༠ཙམ་ལ། སུང་རྒྱལ་རབས་བྱང་མའི་དཔོན་རིགས་ཡུའུ་ཅིན་གྱིས་ཐིག་ལེན་དངོས་སུ་འཇལ་བར་གཞིགས་ནས། མཚོ་རླབས་ཀྱི་གྲུབ་ཚུལ་འདི་ཟླ་བ་དང་འབྲེལ་བ་ཡོད་ཅིང་། ཟླ་བའི་འཕེལ་གྲིབ་ལས་མཚོ་རླབས་ཀྱི་སྐོར་ཞེས་པའི་རྩོམ་ཡིག་ཅིག་ཡོད་པ་དེ་རང་ཉིད་ཀྱི་《མཚོ་རླབས་འགུལ་རིས་》ནང་དུ་འཇུག་པ་དང་། ཁོང་གིས་གསུངས་དོན་ལ་མཚོ་རླབས་དེ་གཙོ་བོ་ཟླ་བའི་བྱེད་ནུས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞེས་བཀོད་པ་དང་། རྗེས་ལ་རྩོམ་ཡིག་འདི་ཡང་ཀྲུང་གོའི་ཚན་རྩལ་ལོ་རྒྱུས་ཐོག་གི་གལ་ཆེན་དཔྱད་རྩོམ་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་ཏུ་དཔྱད་རྩོམ་འདིས་ས་གནས་ཁག་གི་ཆུ་རགས་འཛུགས་སྐྲུན་དང་རླབས་བཅོས་གནོད་འགོག་དེ་བཞིན་མཚོ་ཐོག་ཚོང་འདྲེན་བཅས་ལ་མཛུབ་སྟོན་རང་བཞིན་གྱི་ཕན་ནུས་ཐོན་ཡོད་ལ་ཐོན་སྐྱེད་བྱེད་སྒོའི་ཐད་ལའང་སྐུལ་འདེད་བཏང་ཡོད།

མཚོ་རླབས་ཀྱི་སྣང་ཚུལ་དངོས་དེ་ཇི་ལྟར་བྱས་ནས་གྲུབ་པ་ཞིག་ཡིན།

[རྩོམ་སྒྲིག]

མཚོ་རླབས་ནི་ཉི་མ་དང་ཟླ་བ་ལ་སོགས་པའི་རླུང་ཁམས་ཀྱི་འཐེན་ཤུགས་འོག་ལ་བྱུང་བ་ཞིག་ཡིན། ཀུན་ལྡན་འགུག་ཤུགས་ཀྱི་བྱེད་ནུས་འོག་ཟླ་བའི་གོ་ལས་སའི་གོ་ལའི་སྟེང་གི་མཚོ་མོ་ལ་འགུག་འདྲེན་བྱེད་ཤུགས་ལྡན་པས་ཀུན་གྱིས་མཚོ་རླབས་འགུག་འདྲེན་གྱི་ཤུགས་དེར་རླབས་འདྲེན་ཤུགས་ཞེས་བརྗོད་ཀྱི་ཡོད། སའི་གོ་ལའི་ངོས་ཀྱི་ས་གནས་ཁག་དང་ཟླ་བའི་གོ་ལའི་དབར་ལ་ཉེ་འགྱངས་མི་གཅིག་པས། མཚོ་མོ་ཁག་ལ་ཐེབས་པའི་རླབས་འདྲེན་བྱེད་ཤུགས་ཀྱང་མི་གཅིག་པའོ། ཟླ་བའི་ངོས་ལ་ཕྱོགས་པའི་རླབས་འདྲེན་བྱེད་ཤུགས་ཆེ་ཞིང་། དེ་ལས་ལྡོག་ཚེ་རླབས་འདྲེན་གྱི་བྱེད་ཤུགས་ཆུང་བ་ཡོད། དེ་མིན་ལྟེ་བྲལ་ནུས་ཤུགས་ཆེ་རུ་སོང་བ་བསྟུན་མཚོ་མོའི་ལྟེ་བྲལ་ནུས་ཤུགས་ཀྱི་བྱེད་ནུས་འོག་མཚོ་རླབས་བྱུང་། བར་ཁམས་ནི་འགུལ་བསྐྱོད་ཅན་ཞིག་ཡིན་པས། མཚོ་མ་དག་ལ་ཐེབས་པའི་འགུག་འདྲེན་བྱེད་ཤུགས་མི་འདྲ་བས་མཚོ་མོར་མཚོ་རླབས་ཆེ་ཆུང་མི་འདྲ་བ་ཐེབས་པས་མཚོ་རླབས་ཀྱི་སྣང་ཚུལ་གྲུབ་ཀྱི་ཡོད།

དོན་དངོས་ཐོག་མཚོ་རླབས་ནི་ཆུ་ཚོད་ཀྱི་ཐེར་སྒྲ་ཞིག་དང་འདྲ་བར་ཀུན་གྱིས་ཚད་མ་འཛིན།སའི་གོ་ལར་ཟླ་བས་སྐོར་གཅིག་བརྒྱབ་ཚེ་ཆུ་ཚོད་༢༤དང་སྐར་མ་༤༨འགོར་གྱི་ཡོད། མཚོ་རླབས་ཀྱི་འཁོར་ཡུན་ཡང་ཆུ་ཚོད་༢༤དང་སྐར་མ་༤༨ཡིན། ཉིན་ཞག་གཅིག་གི་ནང་ལ་རྒྱ་མཚོ་འདིས་ཟླ་བའི་ངོས་སུ་ཕྱོགས་པ་ཞིག་དང་དེ་ལས་ལྡོག་པའི་སྣང་ཚུལ་གཉིས་ཡོད་པས། རྒྱ་མཚོ་དེ་ལའང་མཚོ་རླབས་གཉིས་ཙམ་ཡོང་གི་ཡོད།

སའི་གོ་ལའི་ཐོག་གི་མཚོ་རླབས་ནི་གཙོ་བོ་ཟླ་བའི་རྐྱེན་གྱིས་ཡིན།དེའི་ཞོར་ལ་ཉི་མའི་བཀའ་དྲིན་ཡང་ཡོད། ཉ་གང་ཟླ་བའམ་ཟླ་བ་གསར་པ་ཤར་བའི་སྐབས་ཉི་མ་དང་སའི་གོ་ལ་དེ་བཞིན་ཟླ་བ་བཅས་ཚངས་ཐིག་གཅིག་གི་ཐོག་ལ་གནས་ཤིང་། སྐབས་དེའི་མཚམས་ལ་སའི་གོ་ལར་ཉི་མའི་རྔུབ་ཤུགས་སམ་སའི་གོ་ལའི་འཐེན་ཤུགས་དེས་ཕྱོགས་གཅིག་གམ་ཕྱོགས་ལྡོག་པའི་གནས་སུ་ཚུད་པས་མཐོ་རླབས་བྱུང་། ཟླ་བ་ཡར་འགྲོའམ་མར་འགྲོའི་མཚམས་འདིར་ཟླ་བའི་འཐེན་ཤུགས་ཀྱི་བྱེད་ནུས་དེས་ཉི་མའི་རྔུབ་ཤུགས་ལ་བྱེད་ནུས་ལ་ཁ་གཏད་པས་དམའ་རླབས་དེ་བྱུང་། མཚོ་རླབས་གཅིག་གི་འཁོར་ཡུན་ནང་། ཉི་མ་དང་ཟླ་བ་དེ་བཞིན་སའི་གོ་ལ་བཅས་གསུམ་གྱི་གནས་བབ་མི་འདྲ་བས་མཚོ་རླབས་བྱུང་ཁུངས་ལ་ཤུགས་རྐྱེན་མི་འདྲ་བ་ཐེབས་ཀྱི་ཡོད།

མཚོ་རླབས་ཀྱི་འགྱུར་བ་དེས་མི་རྣམས་ཀྱི་འཚོ་བ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། མཐའ་ཡས་རྒྱ་མཚོ་ཆེན་པོའི་ཕ་མཐར་འགྲོལ་བའམ་མཚོ་ཐོག་ཏུ་ཉ་སྲིན་བཟུང་བ། དེ་མིན་མཚོ་ཐོག་ལས་གྲྭའམ་མཚོ་འགྲམ་གྱི་ཐོན་སྐྱེད་བྱེད་སྒོ་ཚང་མར་མཚོ་རླབས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད། མཚོ་རླབས་ཀྱི་ཆོས་ཉིད་རྟོགས་པའི་ཆེད་དུ་ཚན་རིག་མཁས་ཅན་ཚོས་མཚོ་རླབས་ཀྱི་ཞིབ་འཇུག་དེ་སྔར་མུས་གནང་བཞིན་ཡོད། མཚོ་རླབས་ཀྱི་ཁྲོད་དུ་ནུས་པ་ཆེན་པོ་ཞིག་བསྡུས་ཡོད། མཚོ་རླབས་གློག་འདོན་ནི་མཚོ་མོའི་རྦ་རླབས་ཀྱི་འཕེལ་གྲིབ་ལ་བརྟེན་ནས་མངོན་འགྱུར་བྱུང་བ་ཞིག་ཡིན། མིག་སྔར་རང་རྒྱལ་གྱིས་མཚོ་རླབས་གློག་འདོན་ས་ཚིགས་བཅུ་ལྷག་ཙམ་བཙུགས་ཟིན། ༡༩༨༠ལོར་ཅང་ཤཱ་མཚོ་རླབས་གློག་འདོན་ས་ཚིགས་ལས་གྲུབ་ཟིན་པ་དང་། ལོ་རེར་གློག་ཏུའུ་༡༠༧༠༠ལྷག་མཁོ་འདོན་གནང་ཐུབ་ཀྱི་ཡོད། མཚོ་རླབས་གློག་འདོན་ས་ཚིགས་དེས་གཅིག་ནས་ནུས་ཁུངས་འཕྲོ་བརླག་ཏུ་བཏང་མེད་ལ་གཉིས་ནས་ཁོར་ཡུག་ལ་གནོད་སྐྱོན་གང་ཡང་བྱུང་མེད་པས་ཀུན་ལ་ཕན་པ་ཆེན་པོ་བསྐྲུན།

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག

[རྩོམ་སྒྲིག]