མཚན་ལྟའི

ཡོང་ཁུངས་Wikipedia

དབྱིན་ཇིའི་ཞིབ་འཇུག་པས་ཤེས་རྟོགས་བྱུང་བ་ལྟར་ན།རིག་ནུས་ཁ་པར་མང་ཆེ་བར༼མཚན་ལྟ༽འམ་ཡང་ན༼མིག་སྲུང༽གི་བྱེད་ནུས་ལྡན་སྟབས་མ་གཞི་འཆར་ཤེལ་གྱི་ཟེར་སྔོན་ཆུང་དུ་འགྲོ་ཡི་ཡོད་ཀྱང་།ལག་ཐོགས་ཁ་པར་སྤྱོད་མཁན་དེ་བས་ཀྱང་གཉིད་ཁུག་དཀའ་བ་ཡོད།

དེའི་གོང་གི་ཞིབ་འཇུག་བྱས་འབྲས་ཤིག་ལས་མངོན་དོན།ཟེར་སྔོན་གྱིས་མིག་ཤེད་ལ་གནོད་པ་མ་ཟད་གཉིད་ཁུག་པར་ཡང་སྐྱོན་རྒྱག་གི་ཡོད།དེས་ན་རིག་ནུས་ཁ་པར་བཟོ་གྲྭ་དང་ཚོང་པས༼མཚན་ལྟ༽དང༼མིག་སྲུང༽གི་བྱེད་ནུས་བཟོས་ཡོད།དེས་ཁ་པར་ནས་ཟེར་སྔོན་འཕྲོ་ཚད་ཉུང་དུ་འགྲོ་ཐུབ་ཀྱི་ཡོད་མོད།འོན་ཀྱང་དབྱིན་ཇིའི་མན་ཁྲེ་སི་ཐེ་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་ཟེར་སྔོན་གྱིས་གཉིད་ཁུག་པར་སྐྱོན་རྒྱག་པ་དང༼མཚན་ལྟ༽དང༼མིག་སྲུང༽གི་བྱེད་ནུས་སྤྱད་པ་དང་བསྡུར་ན་གཉིད་མ་ཉལ་གོང་ཁ་པར་སྤྱོད་སྐབས་འཆར་ཤེལ་གྱི་འོད་མདངས་ཆུང་དུ་བཏང་ན་གཉིད་ཁུག་པར་དེ་བས་ཕན་ཐོགས་ཡོད་པ་ཤེས་ཡོད།