མཁའ་རླུང་གྲང་མོ།

ཡོང་ཁུངས་Wikipedia

མཁའ་རླུང་གྲང་མོ་ནི་དྲོད་ཚད་དམའ་བའི་ཁུལ་གྱི་མཁའ་རླུང་ལ་གོ་བ་དང་མཁའ་རླུང་གྲང་མོ་དང་མཁའ་རླུང་དྲོན་མོ་ནི་དྲོད་ཚད་ཆ་སྙོམས་ཀྱི་ཁ་ཕྱོགས་སྟེང་གི་ཧེ་བག་ལས་དབྱེ་བ་འབྱེད་ཀྱི་ཡོད།ཐག་རིང་གི་བྱང་འཁྱགས་རོམ་རྒྱ་མཚོ་དང་གྲང་ངར་ཆེ་བའི་ཞི་པོ་ལི་ཡ་སོགས་ནི་མཁའ་རླུང་གྲང་མོའི་འབྱུང་ཁུངས་ཡིན།

མཁའ་རླུང་གྲང་མོ་མང་ཆེ་བ་ནི་གླིང་སྣེའི་ཁུལ་དང་ཞི་པོ་ལི་ཡ་སྐམ་སའི་ཐོག་ཆགས་པ་ཞིག་ཡིན་ཞིང་དེ་ཁུལ་གྱི་མཁའ་རླུང་གྲང་མོ་ནི་སྤྱི་ལེ་སྟོང་ཕྲག་ཁ་ཤས་སུ་ཁྱབ་ཡོད་ཅིང་མཐུག་ཚད་ནི་སྤྱི་ལེ་ཁ་ཤས་ནས་བཅུ་ཕྲག་བར་ཡིན།

ཤུགས་ཚད་ཆེ་ཆུང་ལ་གཞིགས་ཏེ་རང་རྒྱལ་གྱི་མཁའ་རླུང་གྲང་མོ་ནི་རིམ་ཁག་ལྔར་དབྱེ་ཡོད་དེ།ཚད་དམའ་བའི་མཁའ་རླུང་གྲང་མོ་དང་ཚད་འབྲིང་གི་མཁའ་རླུང་གྲང་མོ།ཅུང་ཤུགས་ཆེ་བའི་མཁའ་རླུང་གྲང་མོ།ཤུགས་ཆེའི་མཁའ་རླུང་གྲང་མོ།གྲང་རླབས་བཅས་སོ།

པར་རིས་བར་འཁྱམས།[རྩོམ་སྒྲིག]