མ་གཅིག་ལབ་སྒྲོན།

ཡོང་ཁུངས་Wikipedia

མ་གཅིག་ལབ་སྒྲོན་

མ་གཅིག་ལབ་སྒྲོན།[རྩོམ་སྒྲིག]

འདི་ཉིད་རབ་བྱུང་གཉིས་པའི་ཆུ་ལུག་(༡༡༠༣)ལོར་སྐུ་འཁྲུངས། ཤིང་རྟ་ལོར་དགེ་བཤེས་ཨ་སྟོན་ལས་གསན་སྦྱོང་མཛད། དེ་རྗེས་ཕ་དམ་པ་སངས་རྒྱས་བསྟེན་ནས་ཞི་བྱེད་གཅོད་ཀྱི་གདམས་པའི་བདག་པོར་གྱུར། རབ་བྱུང་གསུམ་པའི་ཤིང་འབྲུག་(༡༡༨༤)ལོའི་ཟླ་གསུམ་པའི་ཚེས་བཅུར་གཡའ་རིའི་རྨོག་ལུང་དུ་གཏེར་སྦས། འདི་ཉིད་ཀྱིས་མཛད་པའི་གཅོད་གཞུང་ནི། 《གཅོད་གཞུང་བཀའ་རྩོམ་ཆེན་མོ》དང་《ཡང་རྩོམ་》《ཉིང་རྩོམ་》《ལེའུ་ལག་》《གནས་ཐེམ་》《ཁོང་རྒོལ་》《གསང་བ་བརྡ་ཆོས་》《ལ་བཟླས་སྐོར་གསུམ་》《གཞི་ལམ་སློང་བ་》《ཁྱད་པར་གྱི་མན་ངག་》དང་བཅས་བཅུ་ཡོད། མཐར་རབ་བྱུང་གསུམ་པའི་ལྕགས་བྱ་(༡༢༠༡) ལོར་འདས། །

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

མ་གཅིག་ལབ་སྒྲོན་རླབས་ཆེ་བའི་བུད་མེད་བསམ་བློ་བ།

རླབས་ཆེ་བའི་བུད་མེད་བསམ་བློ་བ་ཐོག་མ།

བོད་ཀྱི་ལོ་རྒྱུས་ཁྲོད་ན་གྲགས་ཆེ་བའི་མ་གཅིག་ལབ་སྒྲོན་ནི་སྤྱི་ལོ ༡༡༤༩ ལོར་ལྷོ་ཁར་ཡབ་ཆོས་ཀྱི་ཟླ་བ་དང་ཡུམ་འབུམ་ལྩམ་གཉིས་ལ་འཁྲུངས། དགུང་ལོ་ལྔ་ནས་བཟུང་ཡུམ་ལས་ཡི་གེ་འབྲི་ཀློག་ཐོག་མར་བསླབས། དགུང་ལོ་བརྒྱད་ཀྱི་ཐོག་བཟུང་ཉིན་རེར་བརྒྱད་སྟོང་བ་ཚར་གཉིས་རེ་ཀློག་ཐུབ་པ་མ་ཟད། དོན་ཡོངས་སུ་མཁྱེན་ཐུབ་པས་ཤེས་རབ་ཅན་དུ་ཀུན་གྱིས་བསྔགས། ལོ་བཅུ་དྲུག་སྟེང་གྲ་ཐང་དུ་ཕེབས་ནས་གྲྭ་པ་མངོན་ཤེས་ཅན་གྱི་དྲུང་དུ་མཆཱོད་གནས་མ་མཛད་ཅིང་བཞུགས། ཡུམ་ཕར་ཕྱིན་གྱི་ཡིག་ཆ་རྒྱས་འབྲིང་བསྡུས་གསུམ་ཀུན་ལ་མཁས་པར་གྱུར། སྐྱོ་སྟོན་བསོད་ནམས་བླ་མ་དང་ཞྭ་དམར་བ། སྦས་སྟོན། ཡར་ཐིང་བ། ཕ་དམ་པ་སངས་རྒྱས་སོགས་མཁས་གྲུབ་དུ་མ་བསྟེན་ནས་ཞི་བྱེད་དང་རྫོགས་ཆེན་ཕྱག་ཆེན་སོགས་མཐའ་ཡས་པ་གསན་པར་བྱས་ཤིང་སྒོམ་སྒྲུབ་མཛད་པས་མཁས་ཤིང་གྲུབ་པའི་རྣལ་འབྱོར་མ་ཆེན་མོར་གྱུར། དགུང་གྲངས་ཉེར་གསུམ་ལ་ཐོད་པ་བྷ་ཊ་དང་གཉེན་སྒྲིག་མཛད་དེ། ཀོང་པོ་དང་དབུས་སོགས་སུ་བྱོན་ནས་སྲས་གྲུབ་པ་དང། གྲུབ་ཆེན། སྲས་མོ་ལབ་འདུས་རྡེ་རྗེ་གསུམ་འཁྲུངས། བཟའ་ཟླ་གྲོངས་པས་ཆོས་ཀློག་པའི་ཡོན་གྱིས་སྲས་རྣམས་གསོ་དགོས་པའི་འོ་བརྒྱལ་མང་དུ་མྱང་དགུང་གྲངས་སོ་བཞིའི་སྟེང་ནས་འཁོར་བར་སྐྱོ་བ་སྐྱེས་ནས་གོང་སྨོས་བླ་མ་ལས་དམ་པས་ཟབ་ཆོས་ཀྱི་སྙིང་པོ་མཐའ་དག་བསྟན་པས་། དབུས་གཙང་གི་སྒྲུབ་གནས་ངེས་མེད། ལྷོ་ཁ་ཟངས་རི་ཁང་དམར་སོགས་སུ་སྒྲུབ་པ་ཁོ་ན་མཛད། སློབ་མ་མང་དུ་འདུས་པར་ཟབ་ཆོས་ཕྱག་རྒྱ་ཆེན་པོ་གཅོད་ཡུལ་ཞེས་ཕར་ཕྱིན་གྱི་དགོངས་པ་དེ་ཉིད་བསྟན། ཁོང་གིས་ཕུང་པོ་གཟན་བསྐྱུར་གྱི་ཆོས་གསུངས་པ་ལ་བརྟེན་ནས་བོད་དུ་ཕུང་པོ་བྱ་གཏོར་གྱི་སྲོལ་བྱུང་བའི་བཤད་སྲོལ་ཡོད། བོད་དུ་དར་བའི་ཕོ་གཅོད་མོ་གཅོད་གཉིས་ལས་མོ་གཅོད་ཀྱི་ཆོས་རྒྱུན་འདི་གྲུབ་མཐའ་ཚང་མར་ཁྱབ་སྤེལ་ཆེ་ཤོས་སུ་གྱུར་པས། བོད་ཀྱི་སྐྱེས་མ་ཚོའི་སྤྱི་ཚོགས་གནས་བབ་བླ་ལྷག་ཏུ་མཐོར་འདེགས་བྱུང་ཡོད་ལ། འཛམ་གླིང་ནས་དཔྱད་ནའང་སྐྱེས་མའི་བསམ་བློ་བ་ཐོག་མར་གྱུར་པ་ཟད། མཆོག་ཏུ་གྱུར་པ་ཞིག་ཡིན་པས། རང་རིགས་སྐྱེས་མའི་ཁྲོད་ནས་མཚན་སྙན་མཐོ་ཤོས་སུ་གྱུར།

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

དགོངས་སྤྱོད།[རྩོམ་སྒྲིག]

ཡང་དག་དོན་ལ་ལྷ་དང་འདྲེ་མེད་ཀྱང་། །རྣམ་རྟོག་ཅན་ལ་ལྷ་དང་འདྲེ་རུ་སྣང་། །རྣམ་རྟོག་མི་རྟོག་སློམས་སུ་བཞག་ནས་ཀྱང་། །རྟོག་ཅན་རྟོག་འདུལ་མའི་ཆོས་ལུགས་ཡིན།།