བློ་གསལ་གླིང་།

ཡོང་ཁུངས་Wikipedia
Jump to navigation Jump to search

བློ་གསལ་གླིང་ནི། བོད་ཀྱི་དགེ་ལུགས་པའི་གདན་ས་ཆེན་པོ་གསུམ་དུ་གྲགས་པའི་ནང་ཚན་དཔལ་ལྡན་འབྲས་དཀར་སྤུངས་པའི་ཁོངས་ཀྱི་གྲྭ་ཚང་ཞིག་ཡིན། གྲྭ་ཚང་འདི་ལས་མཁས་གྲུབ་ཀྱི་སྐྱེ་བོ་གྲངས་ལས་འདས་པ་བྱོན་ཡོད་ལ། ད་ལྟའང་དགའ་ལྡན་ཁྲི་པ་རིམ་པས་འབྱུང་བཞིན་ཡོད། སྲིད་ཕྱོགས་ནས་ཀྱང་གྲྭ་ཚང་འདི་ལས་བོད་མི་མང་ལ་ཞབས་ཞུ་སྒྲུབ་མཁན་བཀའ་བློན་ཁྲི་པ་གཙོས་པའི་༸བོད་གཞུང་གི་བཀའ་བློན་དང་། དེ་བཞིན་སྤྱི་འཐུས་འགན་འཛིན་སོགས་དང་། ཡང་གཞོན་ནུ་ལྷན་ཚོགས་སོགས་ཚོགས་པ་སྒེར་གྱི་འགོ་ཁྲིད་པ་འབྱུང་བཞིན་ཡོད། ད་ལྟའི་ཆར་བོད་དུ་བཙན་འཛུལ་བྱུང་བ་ལས་བློ་གསལ་གླིང་གི་མཁན་པོ་གཙོས་པའི་གྲྭ་མང་སྐྱབས་བཅོལ་དུ་ཕེབས་ཏེ་རྒྱ་གར་ལྷོ་ཕྱོགས་སུ་སྐབས་འཕྲལ་གྱི་དགོན་པ་གསར་བཙུགས་གནང་སྟེ། ད་ལྟ་༢༠༠༩་ལོར་སློབ་གཉེར་རྣལ་མ་གནང་བཞིན་པའི་གྲྭ་གྲངས་ཉིས་སྟོང་ལྔ་བརྒྱ་ཡས་མས་ཡོད་ལ། སྤྱིར་བཏང་གྲྭ་ཚང་དེར་མཚན་ཐོ་ཡོད་པ་གྲྭ་གསུམ་སྟོང་བརྒལ་བ་ཡོད།