བྱམས་ཆེན་དགོན

ཡོང་ཁུངས་Wikipedia

མི་ལོ་གཅིག་སྟོང་དྲུག་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པའི་བྱམས་ཆེན་དགོན་པ་ནི་སྤོས་ལྡན་གྲོང་ཁྱེར་གྱི་གྲོང་དཀྱིལ་དུ་བཞུགས་ལ་ད་སྐབས་ཀྱང་ནང་པའི་དུས་ཆེན་རྣམས་སུ་ཆོས་ཀྱི་བྱེད་སྒོ་རྒྱུན་ཆགས་སུ་ཡོད། ཐང་ཟིན་བླ་མས་དགེ་སློང་གི་སྡོམ་པ་ཡང་དགོན་པ་འདི་ནས་བཞེས་ཞེས་ཟེར་ཞིང་སྐབས་དེར་ཁོང་དགོང་ལོ་20དང་སྤྱི་ལོ་622ཡིན། ཐང་ཟིན་བླ་མ་ལོ་བཞི་ལྔ་ཙམ་ལ་ཁྲིན་ཏུའུ་ན་བཞུགས་པ་དང་རྒྱུན་ལྡན་དུ་བྱམས་ཆེན་དགོན་པ་ནས་བཞུགས་པ་ཡིན་འདུག

ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་དགོན་པ་འདི་ལ་ཆགས་འཇིག་ལན་མང་བྱུང་ཞིང་ད་སྐབས་ཀྱི་དགོན་པ་ནི་ཆིང་རྒྱལ་རབས་སྐབས་སུ་བསྐྱར་བཞེངས་བྱས་པ་དེ་ཡིན། ཛམ་བྷ་ལའི་ལྷ་ཁང་དང་སྨན་བླའི་ལྷ་ཁང་། འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་། སངས་རྒྱས་ཀྱི་ལྷ་ཁང་སོགས་ལྷ་ཁང་མང་པོ་བཞུགས་ཤིང་ཚང་མ་རིན་མི་དགོས་པར་མཇལ་ཆོག མ་འོངས་པར་ཐང་ཟིན་བླ་མའི་ལྷ་ཁང་ཤིན་ཏུ་ངོ་མཚར་བ་ཞིག་བཞེངས་འཆར་ཡོད་ཅེས་ཟེར་ཞིང་རྒྱུན་ལྡན་དུ་མི་སྣ་མིང་གྲགས་ཅན་མང་པོ་དགོན་པ་འདི་ལ་མཇལ་སར་ཡོང་བ་ཞིག་ཡིན།