བྱ་སྦྱིན་

ཡོང་ཁུངས་Wikipedia

བྱ་སྦྱིན་གཏོང་སྲོལ་འདི་ནང་བའི་ཆོས་བོད་དུ་དར་བ་ནས་རིམ་གྱིས་བྱུང་ཞིང་། བོད་རྒྱལ་གནམ་གྱི་ཁྲི་བདུན་སྐབས་མེ་ལ་སྲེག་པ་དང་། སའི་ལེགས་དྲུག་སྐབས་ས་འོག་ཏུ་སྦ་བ་དང་། འོག་གི་ལྡེ་བརྒྱད་སྐབས་ཆུ་ལ་སྐུར་སྲོལ་བྱུང་བར་ལོ་རྒྱུས་སུ་གསལ་ལ། ད་ལྟའང་དེ་ལྟར་བྱེད་མཁན་མེད་པ་མིན། སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་རབས་སྔ་མ་རྣམས་སུ་ལུས་སྦྱིན་པ་བཏང་བའི་ཚུལ་མང་དུ་འབྱུང་བ་ལྟར། སྟོན་པའི་རྗེས་འཇུག་རྣལ་མ་དག་གིས་སྐུ་ཚེ་གང་བོར་གཞན་དོན་རྐྱང་བ་མཛད་མཐར། ཁ་ཆེམས་བཞག་སྟེ་རང་ཉིད་ཤི་ཟིན་པའི་ལུས་ཀྱིས་ཀྱང་བཀྲེས་ལྟོགས་ཀྱི་ཚོར་བ་ཡོད་མཁན་ཞིག་གི་བཀྲེས་ལྟོགས་རེ་ཞིག་སེལ་ཐུབ་ན། དེ་ཡང་གཞན་དོན་དང་། སྟོན་པའི་རྣམ་ཐར་དང་ཡང་མཐུན་པར་དགོངས་ནས་དེ་ལྟར་གནང་བ་རིམ་གྱིས་ལུགས་སྲོལ་དུ་ཆགས། བོད་ཀྱི་འབྱུང་རྩིས་ལྟར་ན། འབྱུང་བ་ཤིང་ཁམས་ཅན་བྱ་སྦྱིན་བྱེད་པ། མེ་ཁམས་ཅན་མེར་སྲེག་པ། ཆུ་ཁམས་ཅན་ཆུ་ལ་བསྐྱུར་བ་ལས། ཆུ་ཁམས་ཅན་ས་ལ་སྦ་བ་སོགས་བྱེད་མི་རུང་ཟེར་ཞིང་། འདི་དག་རིག་གནས་ཀྱི་མཚོན་རྟགས་དང་། ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེའོ།། སྦྲང་ཆར་གྱིས་རྩོམ་པ་པོའི་༼ཡང་དག་རིག་པའི་ངར་སྐད་༽ལས་བཤུས་བཀོད་བྱས།