བོད་ཡིག་གི་ཆ་འཕྲིན

ཡོང་ཁུངས་Wikipedia

ཆ་འཕྲིན་སྒྲིག་གཅོད་ལས་བོད་ཡིག་གི་ཡི་གེའི་སྦྱོར་བའི་སྐོར་རགས་ཙམ་གླེང་བ། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལག་རྩལ་ཀྱི་རྨང་གཞི་ནི་བོད་ཡིག་གི་ཆོས་ཉིད་ལ་ཞིབ་འཇུག་བྱ་རྒྱུ་ཡིན་ལ།དེའི་ཞིབ་འཇུག་གི་ཁྱབ་ཁོངས་ཅུང་རྒྱ་ཆེ་ལ།གཙོ་བོ་བོད་ཡིག་གི་ཡིག་རྟགས་ཀྱི་གྲངས་དང༌།གཞི་རྩའི་ཡི་གེ་དང་ཡན་ལག་གི་ཡི་གེའི་དབྱེ་བ།ཡི་གེའི་རྒྱུགས་ཚད།ཡིག་གཟུགས།བོད་ཡིག་གི་གྲུབ་ལུགས་དང་རིང་ཚད་སོགས་ཡི་གེའི་རྨང་གཞི་ཤེས་བྱ་དང་འབྲེལ་ནས་བོད་ཡིག་གི་ཆ་འཕྲིན་ལག་རྩལ་གྱི་རྨང་གཞིའི་ལས་ཀ་གཉེར་དགོས་པས།ཐོག་མར།བོད་ཡིག་གི་ཡི་གེའི་སྦྱོར་བའི་སྐོར་ཅུང་ཙམ་བརྗོད་པར་བྱ་བ་ལ།ཡི་གེ་དང་མིང་དང་ཚིག་གི་ཚོགས་ཀྱི་རྣམ་པར་བཞག་པ་བཤད་པར་བྱ་བ་ལས།དེ་ལ་དང་བོར་ཡི་གེའི་དབྱེ་བ་བརྗོད་པར་བྱ་སྟེ།[1]ཞེས་སྔ་མའི་བརྡ་སྤྲོད་པའི་བསྟན་བཅོས་ཁག་ཏུ་ཚོགས་གསུམ་ལས་མིང་དང་ཚིག་གི་གཞིར་གྱུར་བའི་ཐོག་མ་ཡིག་གེའི་སྦྱོར་བ་བཤད་པར་བྱ་སྟེ།ཞེས་དང༌།སུམ་ཅུ་བའི་རྩ་བར།བསླབ་པ་ཀུན་ཀྱི་གཞི་འཛིན་་་་ཅིང༌།།རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།།མིང་ཚིག་བརྗོད་པ་ཀུན་ཀྱི་གཞི།།ཡི་གེ་སྦྱོར་བ་བཤད་པར་བྱ།།ཞེས་དང༌།ཡང་ན༌།མིང་ཚིག་བརྗོད་གསུམ་རྟོགས་འདོད་ན༌།།ཐོག་མར་ཡིག་སྦྱོར་བསླབ་པར་བྱ།།དེ་ནས་མིང་ཚིག་གི་སྦྱོར་བ།བསླབས་ཚེ་བརྗོད་དོན་ལ་མི་རྨོངས།།ཞེས་པ་དང༌།ཡང་ན།ཡིག་སྦྱོར་དག་ན་མིང་གི་འཁྲུལ་བ་སྤོང༌།།མིང་སྦྱོར་དག་ན་ཚིག་དོན་འཁྲུལ་བ་སྤོང༌།ཚིག་སྦྱོར་དག་ན་བརྗོད་པའི་འཁྲུལ་བ་སྤོང༌།།དེས་ན་དག་གསུམ་སྤོང་གསུམ་ཤིན་ཏུ་གཅེས།།[2]ཞེས་ཐོག་མར་མིང་དང་ཚིགབརྗོད་པ་ཐམས་ཅད་གཞིར་གྱུར་བ་ཡི་གེ་འདི་ཡིན་ལ།འདི་ནི་འཇིག་རྟེན་གྱི་མུན་པ་སེལ་བའི་སྒྲོན་མེ་ལྟ་བུ་ཡིན་པས།ཐོག་མར་ཡི་གེ་བསླབ་རྒྱུ་ཤིན་ཏུ་གལ་ཆེ་ལ།ལྷག་པར་དུ།མི་དང་རྩིས་འཁོར་གྱི་གླེང་མོལ་བྱེད་པའི་དེང་གི་དུས་འདིར་མཚོན་ན་སྐད་དང་ཡི་གེ་གང་རུང་གི་ཆོས་ཉིད་ལ་ཞིབ་འཇུག་བྱ་རྒྱུ་དེ་ལས་གལ་ཆེ་བར་མ་ཟད།ཡི་གེའི་སྦྱོར་བའི་ཁ་གཏོད་ཡུལ་གྱི་ངོས་ནས་ལྟོས་ནའང་སྨྲ་ཤེས་ཞིང་དོན་གོ་བའི་མི་ལ་གཞིགས་པ་ཞིག་མ་ཡིན་པས།ཡིག་སྦྱོར་གྱི་ཆོས་ཉིད་ཞིབ་ཅིང་ཁ་གསལ་བ།ཆོས་ཉིད་དང་ལྡན་པ་ཞིག་དགོས་པས།ཡི་གེའི་སྒྲིག་གཞིའི་ཆོས་ཉིད་འཚོལ་སྐབས་སྲོལ་རྒྱུན་བརྡ་སྤྲོད་པའི་རྣམ་བཞག་ལས་འགོངས་དགོས་སྙམ་མོ། དང་པོ། ཡིག་སྦྱོར་གྱི་གོ་དོན། ཡིག་སྦྱོར་རམ་ཡི་གེའི་སྦྱོར་བ།བོད་ཡིག་གི་སྡེབ་སྦྱོར་འདི་བོད་ཡིག་ལ་འཇུག་པའི་སྒོ་ལྟ་བུ་ཡིན་པར་མ་ཟད།བོད་ཡིག་གི་ཆ་འཕྲིན་ལ་འཇུག་པའི་སྒོ་འང་ཡིན་པས།མིང་ཚིག་བརྗོད་པ་དག་གི་རྨང་གཞིའི་རྨང་གཞི་འམ་ཐོག་མའི་ཐོག་མར་གྱུར་བ་ཡི་གེའི་སྦྱོར་བ་ཡིན་ལ།ཆ་འཕྲིན་གྱི་ལག་རྩལ་གྱི་རྨང་གཞིའང་འདི་ཉིད་ཡིན་ནོ།འདིའི་གོ་དོན་ལ།鉄གངས་ཅན་བོད་ཀྱི་སྐད་ཡིག་གི་ཁྲིད་གཞི་བདུད་རྩིའི་ཐིགས་པ鉅རུ།བོད་དམངས་སྐད་གདངས་ལས་ཐོན་པའི།།སྒྲ་ཡི་རྣམ་འགྱུར་ཡི་གེ་སྟེ།།དེ་ནི་མཚོན་པར་ཡིག་རིས་སོ།།བྱ་དངོས་སོ་སོ་བརྗོད་པའི་ཚེ།།གཞིར་གྱུར་རྒྱུའམ་ཡོ་བྱད་ནི།།ཡི་གེ་ཡིན་ལ་མིང་དང་ཚིག།བརྗོད་པ་གསུམ་གྱི་གཞི་རྩའི་རྒྱུ།།ཞེས་པ་ཡང་ནི་ཡི་གེའོ།།དེ་ཡང་ལུས་ཡིག་གཞིར་བཟུང་ནས།།ཡན་ལག་ཡིག་རིས་སོ་སོ་ནི།།སྟེང་འོག་སྔ་གཞུག་སྦྱར་ཞིང་བསྡེབས།།གསལ་བོར་བརྗོད་ན་ལུས་ཡིག་ནི།།སུམ་ཅུ་ཡན་ལག་ཡིག་རིས་སོགས།།དབྱངས་གཞི་སྔོན་ལྔ་རྗེས་བཅུ་དང༌།།ཉིས་བརྩེགས་སུམ་བརྩེགས་ཚེག་རྐྱེན་བདུན།།འཇུག་ཡུལ་མིང་གཞི་སོ་སོ་ལ།།བསྡེབས་སུ་རུང་བ་བརྗོད་ལས་འདས།།དངོས་བཀོལ་ཕལ་ཆེར་ཁྲི་འགའ་ཙམ།།[3]ཞེས་བོད་མི་བྱིངས་ཀྱི་སྐད་གདངས་ལས་ཐོན་པའི་སྒྲའི་རྣམ་འགྱུར་རམ་རྣམ་པ་མི་འགྱུར་བར་གནས་པའི་དོད་དུ་ཡི་གེའི་གཟུགས་གསར་དུ་བཟོས་ཤིང༌།དེ་དག་ཕན་ཚུན་གྱིས་སྡེབ་སྦྱོར་ལས་ཡི་གེ་དང༌།ཡི་གེ་དུ་མ་འདུས་པ་ལས་མིང་དང་ཚིག་གི་རྣམ་བཞག་གསར་བོར་མཚོན་པར་བྱས་ཡོད་པ་དེ་ལ་བོད་ཡིག་གི་ཡིག་སྦྱོར་ཟེར།འདི་ལ་གཞི་རྩའི་ཡི་གེའི་སྦྱོར་བ་དང༌།སྒྲ་གདངས་ཀྱི་སྦྱོར་བ་语音合成དང༌།མིང་གི་སྦྱོར་བ་དང༌།ཚིག་གི་སྦྱོར་བར་དབྱེ་རུང་ལ།ཡི་གེའི་སྦྱོར་བའི་ཐད་དུས་རབས་བཅུ་གཉིས་པའི་དུས་ཀྱི་ས་སྐྱ་དགེ་བརྙེན་བསོད་ནམས་རྩེ་མོའི་鉄ཡི་གེའི་བཀླགས་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་ཞེས་བྱ་བ鉅དང་དེང་གི་དུས་ཀྱི་མཁས་དབང་ཚེ་ཏན་ཞབས་དྲུང་གི་鉄བོད་གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས鉅སོགས་སུ་བོད་ཡིག་གི་ཡི་གེ་ཕན་ཚུན་སྦྱོར་རུང་བའི་ཡི་གེར་གྲངས་ཀའི་ལམ་ནས་ཚོད་འགམས་བྱས་ཡོད།

   སྦྱོར་ཀློག་གམ་སྒྲ་གདངས་ཀྱི་ངོས་ནས་འཆད་ན།བོད་ཡིག་གི་སྒྲ་གདངས་འདི་ལ་དུས་ཀྱི་འཕེལ་རྒྱས་དང་ལོ་རྒྱུས་འགྱུར་ལྡོག་ཁྲོད་ཡི་གེའི་སྦྱོར་ཀློག་ལ་གདངས་ཀྱི་ཐད་ནས་འགྱུར་བ་བྱུང་ཡོད་པ་མངོན་སུམ་ཚད་མའི་ཡུལ་དུ་སྣང་བར་མ་ཟད།ཡུལ་དང་ལུང་བ་བྱེ་བྲག་གི་སྦྱོར་སྟངས་རྟ་མོག་མོག་གི་སྤུ་ལྟར་མང་བས།ཡི་གེ་དང་སྐད་གྱི་བར་ལ་བར་ཐག་རིང་བོ་བྱུང་ཡོད་དེ།དུས་རབས་10བའི་ཡར་སྔོན་དུ་མགོ་འདོགས་འཕུལ་རྟེན་གྱི་སྒྲའི་ཟུར་མ་ཆགས་པར་ངེས་མོད།འོན་ཀྱང༌།བོད་སིལ་བུལ་ཐོར་རྗེས་སུ་ཡུལ་སྐད་ཆེན་པོ་གསུམ་དུ་གྱེས་པ་དང༌།ལྷག་པར་དབུས་གཙང་གི་སྐད་ཀྱིས་མགོ་འདོགས་འཕུལ་རྟེན་གྱི་སྒྲའི་ཟུར་ཉམས་ཏེ་དབྱངས་དང་གསལ་བྱེད་མཚུངས་པའི་སྒྲ་འདྲ་བ་ཤིན་ཏུ་མང་པོ་འཕེལ་བ་དང་སྦྲགས་དོན་གྱིས་ཁྱད་པར་འབྱེད་པའི་སྒྲའི་ང་རོ་ཆགས་པ་རེད།འདིས་བོད་སྐད་ཀྱི་སྒྲ་གདངས་ལྷན་སྦྱོར་ཐད་དུ་ཡུལ་དུས་བྱེ་བྲག་གི་བཀག་རྒྱ་ཐེབས་པ་རེད།དེའི་ཕྱིན།དེང་གི་བོད་སྐད་ཞིབ་འཇུག་པ་ཧུའུ་ཐན་(胡坦)གྱིས།དེང་རབས་བོད་སྐད་འདི་ལོ་རྒྱུས་ཚད་གཞི་གཞིར་བཟུང་ནས་སྦྱོར་འབྲི་བྱེད་པ་ཁ་སྐད་ལས་བརྒལ་བའི་སྦྱོར་ཀློག་ཡི་གེ་ཞིག་ཡིན་ཟེར་ལ།་བོད་ཡིག་འདི་དེང་རབས་སྦྱོར་ཀློག་གི་ཡི་གེ་དངོས་མིན་པས།སྒྲ་རྒྱུའི་ཡི་གེའི་ཐབས་ཐད་ཀར་བཀོད་ནས་ཆ་འཕྲིན་སྒྲིག་གཅོད་བྱ་མི་རུང་བ་དང༌།བོད་ཡིག་གི་འབྲི་སྟངས་ཀྱང་ཐིག་རིས་ཀྱི་སྔ་རྗེས་ལྟར་འབྲི་པ་ཞིག་མ་ཡིན་པར།རིས་གཟུགས་འདུས་མའི་ཐབས་ཀྱིས་གྲུབ་པ་ཞིག་ཡིན་པས།ཡི་གེའི་སྡེབ་སྦྱོར་དེང་གི་སྦྱོར་ཀློག་གི་ཡི་གེ་དངོས་ལྟ་བུ་ཞིག་མིན་པར་བསམ་ཀྱིན་ཡོད།[ ]འོན་ཀྱང༌།བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་གཞུང་འདི་གཉིས་རྣམ་དབྱེ་དང་ཚིག་ཕྲད་ཀྱི་འཇུག་པ་ལ་བརྟེན་ནས་ཚིག་གི་གྲུབ་ལུགས་དང་ཡི་གེའི་ཕོ་མོ་མ་ནིང་གི་རྟགས་ཀྱི་ཁྱད་པར་ལ་བརྟེན་ནས་མིང་དང་ཐ་སྙད་ཀྱི་གྲུབ་ལུགས་སྟོན་པའི་བརྡ་སྤྲོད་གཞུང་ལུ་གས་ཡིན་པས།ཡི་གེའི་སྡེབ་སྦྱོར་དང་མིང་གི་གྲུབ་ཚུལ།ཚིག་སྦྱོར་གྱི་ཕྱིའི་རྣམ་པའི་ཐད་དུ་ཐོན་མི་བཀའ་དྲིན་ཅན་དང་ཕྱིས་ཀྱིས་བཀས་བཅད་དང་ལོ་པཎ་བཀའ་དྲིན་ཅན་རྣམས་པའི་བྲི་སྣོན་ལས་གཏན་ཆགས་ཀྱིས་རྣམ་པར་བཏང་ཡོད།

དེའི་ཕྱིར།བོད་ཀྱི་བརྡ་སྤྲོད་གཞུང་གི་གསལ་བྱེད་སུམ་ཅུ་དང༌།དབྱངས་བཞི།འགོ་འདོགས་འཕུལ་རྟེན་གྱི་རིས་གཟུགས་ཀྱིས་བོད་སྐད་ཀྱི་བརྗོད་པ་མཚོན་པར་བྱས་པ་འདི་བོད་ཡིག་གི་གཞི་རྩའི་སྡེབ་སྦྱོར་གྱི་རྣམ་པ་ཡིན་ལ།དེ་ཉིད་བོད་ཡིག་གི་རྨང་གཞི་ཡིན་པར་མ་ཟད།བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྨང་གཞིའི་ལས་ཀའང་ཡིན་པས།དེ་ནན་ཏན་བྱ་རྒྱུ་ནི་བོད་ཡིག་གི་ཆ་འཕྲིན་ལག་རྩལ་གྱི་བྱ་བ་གཉེར་མཁན་གྱིས་བོད་ཡིག་གི་སྒྲ་གཟུགས་ནང་སྡུད་ཕྱིར་གཏོང་གི་ཆེས་སྤྱིར་བཏང་གི་བྱ་བར་འཁུམས་དགོས་སོ། སྤྱིར་ན་བོད་ཡིག་སྦྱོར་ཀློག་བྱེད་སྐབས་འཕྲེད་ཕྱོགས་དང་གཞུང་ཕྱོགས་གཉིས་སུ་སྦྱོར་ཀློག་བྱེད་དགོས་ལ།ཡང་གཅིག་བཤད་ན།ཚེག་བར་ལ་དབྱངས་མེད་ཚེ་གཡས་ནས་གཡོན་དང་ཡང་ན་གོང་ནས་འོག་ཏུ་ཚེག་བརྡར་བྱས་ཏེ་ཀློག་དགོས།དཔེར་ན།༼བསྒྲགས༽ཀྱི་ཚེག་བརྡར་གོ་རིམ་ནི།སྔོན་འཇུག་བ――མགོ་ཅན་ས――མིང་གཞི་ག――འདོགས་ཅན་ར――རྗེས་འཇུག་ག་ཡི་གོ་རིམ་ལྟར་ཀློག་དགོས།གལ་ཏེ་དབྱངས་ཡིག་འདུས་སྐབས།གཡས་ནས་གཡོན་དང་ཡང་ན་གོང་ནས་འོག་ཏུ་ཚེག་བརྡར་བྱས་ཏེ་ཀློག་དགོས་མོད།འོན་ཀྱང༌།དབྱངས་ཡིག་ངེས་པར་དུ་བརྩེགས་ཡིག་གི་གཞུག་ཏུ་ཀློག་དགོས།དཔེར་ན།༼བསྒྲིགས༽ཀྱི་ཚེག་བརྡར་གྱི་གོ་རིམ་ནི་སྔོན་འཇུག་བ――མགོ་ཅན་ས――མིང་གཞི་ག――འདོགས་ཅན་ར――དབྱངསི་――རྗེས་འཇུག་ག――ཡང་འཇུག་ས་ལྟར་ཀློག་དགོས།འོན་ཀྱང༌།ཆ་འཕྲིན་ལག་རྩལ་གྱིས་ངོས་ནས་ལྟོས་ན།སྦྱོར་ཀློག་གི་ཡི་གེ་འདིར་ཡང༌།སྟབས་བདེ་སྦྱོར་ཀློག་དང་རྙོག་འཛིང་སྦྱོར་ཀློག་གི་ཡི་གེ་གཉིས་ཡོད་པ་ལས་བོད་ཡིག་ཕྱི་མར་གཏོགས་ཟེར་ལ།ཆ་འཕྲིན་སྒྲིག་གཅོད་ཀྱི་སྐབས་སུའང་རྙོག་འཛིང་གི་ཡིག་ཆ་ལྟར་སྒྲིག་གཅོད་བྱས་པས།ང་ཚོས་བཀོལ་སྤྱོད་སྐབས་སུ་སྦྱོར་ཀློག་གི་ཡི་གེ་གཞན་དང་མི་མཚུངས་པ་འདི།བོད་ཡིག་ཉིད་སྦྱོར་ཀློག་གི་ཡི་གེ་གཞན་ཏེ་འཕྲེད་ཐིག་གི་ངོས་ནས་ཐག་གཅོད་བྱས་ཆོག་པ་ཞིག་མ་ཡིན་པར།འཕྲེད་གཞུང་གཉིས་ཀ་སྟེ་རྒྱ་གྲམ་ལྟ་བུའི་ཡི་གེའི་གཟུགས་ཀྱིས་གྲུབ་པས།ཡི་གེའི་མཐོ་དམའ་དང་ཐིག་གི་མཐོ་ཚད།ཚེག་ཁྱིམ་གཅིག་གི་རིང་ཚད།ཚེག་གིས་ཐིག་ཕྲེང་གི་རྗེས་གཅོད་སྟངས་སོགས་གནད་དོན་མང་པོ་རི་ལྟར་སྤུངས་འདུག་པས།བོད་ཡིག་གི་ཆ་འཕྲིན་ལས་ཀ་གཉེར་མཁན་དག་གིས་བོད་ཡིག་གི་སྦྱོར་ཀློག་གི་གི་ཆོས་ཉིད་དང༌།སྦྱོར་དུ་རུང་བའི་ཡི་གེར་སྡོམ་རྩིས་འགྱིས་ནས་དེའི་གྲུབ་ལུགས་དང་ཡི་གེའི་རིང་ཚད་སོགས་ལ་ཞིབ་འཇུག་བྱེད་པར་རྨང་གཞིའི་རྒྱུ་ཆ་མང་པོ་མཁོ་སྤྲོད་བྱེད་པར་ཕྱར་པ་གྲུ་འདེགས་ཀྱི་ནུས་ཤུགས་འདོན་སྙམ་ལ།མ་མཐའ་འང་བོད་ཡིག་སྦྱོར་ཀློག་གི་ཆོས་ཉིད་ལ་བྱང་ན་བོད་ཡིག་གི་གཏགས་ཐབས་གང་ཡིན་ཡང་ཕན་ཚུན་བར་གཅིག་གྱུར་གྱི་ཆོས་ཉིད་ཡོད་པ་ངོས་འཛིན་སླ་ལ།བོད་ཡིག་གི་གཏག་ཐབས་མི་འདྲ་བ་དག་སྦྱང་སླ་ལ་ཡིད་དུ་འཛིན་བདེ་བའི་ནུས་པའང་འདོན་ཐུབ། གཉིས་པ། གཞི་རྩའི་ཡི་གེ་དང་ཡན་ལག་གམ་རྐྱེན་གྱི་ཡི་གེ ༼གཅིག༽ གཞི་རྩའི་ཡི་གེ ཡི་གེ་བཀླགས་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པའི་སྒོ་རུ རྐྱང་བ་བཏགས་དང་འཕུལ་བ་དང༌།།འཕུལ་ཞིང་བཏགས་པ་གང་ཡིན་པ།།དེ་དག་ལུས་ཀྱི་ཡི་གེའོ།། [ ]ཞེས་མིང་གཞི་རྐྱང་པ་ལས་གཞན་ཡི་གེ་ཕན་ཚུན་སྦྱོར་བ་ལས་གྲུབ་པའི་ཡི་གེ་དག་ཀྱང་གཞི་རྩའི་ཡི་གེར་འདོད་མོད།བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་ཨང་ཡིག་སྟེ།དེ་སྔའི་GB2312-80鉄ཆ་འཕྲིན་བརྗེ་རེས་ལ་མཁོ་བའི་རྒྱ་ཡིག་གི་གཞི་རྩའི་ཨང་ཡིག་ཚོགས鉅ཀྱི་གྲལ་དུ་བཞག་པའི་ཨང་ཡིག་དང༌།དེང་གི་Unicodeཀུང་སུས་འདོན་སྤྲོད་བྱས་པའི་གཞི་རྩའི་ཨང་ཡིག་གང་ཡིན་ཡང་འགུལ་ལྡན་ཡི་གེའི་ངོས་ནས་བཞག་པའི་བོད་ཡིག་གི་གཞི་རྩའི་ཡི་གེ་ཡིན་པས།སྲོལ་རྒྱུན་བརྡ་སྤྲོད་གཞུང་དུ་བསྟན་པའི་ལུས་ཡིག་གམ་གཞི་རྩའི་ཡི་གེའི་དོན་དེ་ཙམ་ལ་བཞག་ན་མི་འོས་ཞིང༌།འདིར་བསྟན་པའི་གཞི་རྩའི་ཡི་གེ་ལ་རྩ་བའི་ཡི་གེ་དང་ལུས་ཡིག་ཟེར་ཞིང༌།རྒྱ་ཡིག་ཏུ་ཅིས་པིན་ཅིས་(基本集)ཟེར།དེ་ནི་ཆ་འཕྲིན་སྒྲིག་གཅོད་མ་ལག་ཁྲོད་ཀྱི་རྨང་གཞིའི་རང་བཞིན་གྱི་ཚད་ལྡན་ཚབ་ཨང་ཡིན། བོད་སྐད་ཀྱི་གདངས་མཚོན་པའི་ཡི་གེ་ལ་གྲངས་ཀྱི་ཆ་ནས་གསལ་བྱེད་སུམ་ཅུའམ་ཀ་ཁ་སུམ་ཅུའི་ལུས་ཀྱི་བདག་ཉིད་ཅན་སྟེ།རྩ་བ་ལས།ཡི་གེ་ཨཱ་ལི་ཀཱ་ལི་གཉིས༌།ཨཱ་ལི་གསལ་བྱེད་ཨི་སོགས་བཞི།།ཀཱ་ལི་སུམ་ཅུ་ཐམ་པའོ།།ཞེས་བོད་ཡིག་ལ་གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་སྒྲ་ཙམ་དང་ང་རོ་ཤས་ཆེ་བའི་དབྱངས་བཞི་དང༌།གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་མཆུ་སོགས་ཕྱེ་འཛུམ་གྱི་དབང་གིས་ཅུང་ཟད་བརྗོད་བྱ་གསལ་བར་བྱེད་པའི་ཁྱད་པར་ཅན་ཏུ་གྱུར་པ་ནི་གསལ་བྱེད་དུ་ངོས་འཛིན་ལ།དེ་དག་རིམ་པར་བཀོད་ན། ཀ་ཁ་ག་ང༌།ཅ་ཆ་ཇ་ཉ།ཏ་ཐ་ད་ན།པ་ཕ་བ་མ།ཙ་ཚ་ཛ་ཝ།ཞ་ཟ་འ་ཡ།ར་ལ་ཤ་ས།ཧ་ཨ་སྟེ་སྡེ་བ་་་ཕྱེད་དང་བརྒྱད་དུ་ངོས་འཛིན་ལ།དབྱངས་བཞི་ནི།ཨི་ཨུ་ཨེ་ཨོ་སྟེ་དབྱངས་བཞིའོ།དེའི་དོད་དུ་གི་གི་དང་ཞབས་ཀྱུ།འགྲེང་བུ།རྣ་རོ་ཞེས་༼ི ེོུ༽རྟགས་མི་འདྲ་བ་བཞིས་མཚོན་ཅིང༌།གཞན་ཡང་ལེགས་སྦྱར་གྱི་བོད་འགྱུར་ཡི་གེ་བོད་ཡིག་གི་བསྟན་བཅོས་དག་ཏུ་རྒྱུན་པར་མཐོང་བ་གསལ་བྱེད་ཀྱི་ཡིག་རྟགས་བཅུ་གཅིག་དང་དབྱངས་ཀྱི་ཡིག་རྟགས་ལྔ་དང་རྣམ་བཅད་དང་རྗེས་སུ་ང་རོ་སོགས་ཀྱི་ཡིག་རྟགས་རིམ་པར་བཀོད་ན།.གྷ་ཌྷ་དྷ་བྷ་ཛྷ་ཊ་ཋ་ཌ་ཎ་ཥ་ཀྵ་སྟེ་ལེགས་སྦྱར་གྱི་ཡི་གེའི་གཟུགས་བོད་ཡིག་ཏུ་འགྱུར་བའི་གསལ་བྱེད་ཀྱི་ཡི་གེ་བཅུ་གཅིག་དང༌།བོད་ཡིག་གི་གསལ་བྱེད་སུམ་ཅུ་སོགས་བསྡོམས་པའི་ཡིག་རྟགས་ཞེ་གཅིག་གིས་དང༌།བོད་སྐད་ཀྱི་དབྱངས་བཞིར་མ་འདུས་པའི་ཨཱ་རྀ་ཨ྅་ཨཻ་ཨཽ་སོགས་བོད་སྐད་དུ་མེད་པའི་ལེགས་སྦྱར་གྱི་དབྱངས་བཞིའི་ཡིག་རྟགས།གཞན་རྣམ་བཅད་ཀྱི་རྟགས་༼ཿ༽དང༌།རྗེས་སུ་ང་རོའི་རྟགས༼༚༽དང༌།ཌ་མ་རའི་རྟགས༼༽དང༌།མྱོས་བུམ་གྱི་རྟགས༼ྉ༽སོགས་བསྟན་བཅོས་སུ་མཐོང་སྲིད་པའི་ཡིག་རྟགས་དགུ་དང༌།བོད་ཡིག་གི་དབྱངས་གི་རྟགས་བཞི་སོགས་བསྡོམས་པའི་ཡིག་རྟགས་བཅུ་གསུམ་གྱིས་གྲུབ་ཡོད།རེའུ་མིག་ཏུ་ཕབ་ན།

གསལ་བྱེད།དབྱངས།རྟགས་གཞན།བོད།ལེགས།བོད།ལེགས།ཿ ༚ ྉཀ་ཁ་ག་ང༌།ཅ་ཆ་ཇ་ཉ།ཏ་ཐ་ད་ན།པ་ཕ་བ་མ།ཙ་ཚ་ཛ་ཝ།ཞ་ཟ་འ་ཡ།ར་ལ་ཤ་ས།ཧ་ཨ།གྷ་ཌྷ་དྷ་བྷ་ཛྷ་ཊ་ཋ་ཌ་ཎ་ཥ་ཀྵ།ི ེོུཨཱ་རྀ་ཨ྅་ཨཻ་ཨཽགཞན་བོད་ཡིག་ལ་སྲོག་དང་རྐྱེན།ཕ་མ་བུ་ཚའི་ཡི་གེ་རུ་དབྱེ་རྒྱུ་ཡོད་ལ།སྲོག་གི་ཡི་གེ་ནི་དབྱངས་བཞི་དང་ཚེག་༼་༽ཡིན་ཏེ།བོད་ཡིག་ཚེག་གིས་མ་བཅད་ན་ཚེག་ཁྱིམ་མི་འགྲུབ་ཅིང༌།ཚེག་ཁྱིམ་མེད་ན་སྔོན་རྗེས་རྣམས་འདྲེས་པར་འགྱུར་བས་བརྗོད་བྱ་སྟོན་པའི་བྱ་བ་སྟོན་མི་ནུས་ཟེར་ལ།དེང་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་鉄བསྟན་འགྱུར鉅གྱི་ཡི་གེའི་རྒྱུགས་ཚད་སྡོམ་རྩིས་བྱས་པའི་གཞི་འཛིན་གྲངས་ལ་གཞིགས་ན།བོད་ཡིག་ཚེག་ཁྱིམ་གྲུབ་ཚུལ་གྱི་ཆ་སྙོམས་གྲངས་ནི་2.54ཡིན་ཟེར[ ]།དེའི་ཕྱིན།བོད་སྐད་ཀྱི་བརྗོད་པའི་ཁྲོད་དུ་ཕལ་ཆེར་ཡིག་འབྲུ་གཉིས་རེའི་རྗེས་སུ་ཚེག་རེ་དགོས་པས།ཚེག་གིས་བྱེད་ནུས་ཆ་འཕྲིན་ལག་རྩལ་ཁྲོད་དུ་གལ་ཆེ་ལ།ཚེག་གི་གནད་དོན་ཐག་གཅོད་རྒྱུ་དེ་ཆ་འཕྲིན་ལག་རྩལ་རྨང་གཞིའི་ལས་གལ་ཆེན་ཞིག་ཡིན། རྐྱེན་གྱི་ཡི་གེ་ནི།དབུ་དང་ཤད་གཉིས་ཡིན་ཏེ།དབུ་དང་ཤད་ཀྱིས་རྐྱེན་བྱས་ཏེ་དེ་ནས་གཞུང་ཡིག་རྣམས་བྲི་དགོས་སོ །རིམ་པར་བཀོད་ན། ༼༄༅༽འདི་ལ་དང་ཀྱོག་གམ་བེརྒ་དང་དབུ་ཁྱུད་ཀྱང་ཟེར།༼།༽འདི་ལ་ཕུར་ཤད།འདི་ལ་ཉིས་ཤད་དང་བཞི་ཤད་ཀྱི་འབྲི་སྲོལ་ཡོད་མོད།ཡིག་རྟགས་ཀྱི་ངོས་ནས་གཅིག་གིས་་ཆོག་པར་བྱས་སོ།༼༈༽འདི་ལ་སྤྲུལ་ཤད༌།༼༽འདི་ལ་རིན་ཆེན་སྤུངས་ཤདབཅས་བསྡོམས་པའི་དབྱངས་དང་གསལ་བྱེད་མ་ཡིན་པའི་ཡིག་རྟགས་5ཡོད། སྤྱིར་ན་གསལ་བྱེད་ཀྱི་ཡི་གེ་ལས་ཨ་ཡིག་མ་དང༌།ལྷག་མའི་གསལ་བྱེད་ཉེར་དགུ་ཕ་ཡིན་ཞེས༌།གསལ་བྱེད་ཀ་ནས་ཧའི་བར་གྱི་ཡི་གེ་ཉེར་དགུའི་དོན་སྟོན་པའི་ལས་གཙོར་བཟུང་ཡོད་པའི་ཕྱིར་དང༌།མའི་ཡི་གེ་ནི་གསལ་བྱེད་ཉེར་དགུའི་སྲོག་ཏུ་ཞུགས་རུང་ལ།དེ་དག་གི་རྩ་བ་དང་བུ་ཡིག་རྣམས་ཀྱི་སྒྲའི་འབྱུང་ཁུངས་མ་ལྟར་གྱུར་ཡོད་པས་ན་མ་ཞེས་བྱ་སྟེ།གྲངས་ཀྱི་ངོས་ནས་གཞི་རྩའི་ཡི་གེ་ལ་གསལ་བྱེད་སུམ་ཅུར་ངོས་དགོས་སོ། བུ་ཡིག་ལ་སྟེང་ན་ཞྭ་ལྟར་མཛེས་པ་གསུམ་དང་འོག་ན་གདན་ལྟར་མཛེས་པ་གསུམ་དུ་་་་་་འདྲེན་རྒྱུ་ཡོད་ཀྱང༌།ཞྭ་ལྟར་མཛེས་པའི་ཡི་གེ་གུག་གུ ཞབས་ཀྱུ། འགྲེང་བུ་གསུམ་གོང་ནས་ཡིག་་རྟགས་ཀྱི་གྲས་སུ་བཞག་ཟིན་པས།འདིར་འོག་ན་གདན་ལྟར་མཛེས་པ་གསུམ། དབྱངས་ལས་ཞབས་ཀྱུ་བཞག་པའི་ཡིག་རྟགས་རིམ་པར་བཀོད་ན།ཡ་སྟ༼ྱ༽དང་ར་སྟ་༼ྲ༽དང༌།གཞན་༼ྭ༽ཝ་བཏགས་ཀྱི་དོད་དང་༼༽ར་མགོ་ཅན་གྱི་ཡིག་རྟགས་སོགས་གཟུགས་འགྱུར་ཞིང་མགོ་འདོགས་ལ་མཁོ་བའི་ཡིག་རྟགས་བཞི་ཡོད་ལ།བསྡོམས་པའི་དབྱངས་དང་གསལ་བྱེད།ཚིག་རྟགས།མགོ་འདོགས་ལ་མཁོ་བའི་ཡིག་རྟགས་་རེ་གཅིག་ཡོད།འདི་རྣམས་སྲོལ་རྒྱུན་བརྡ་སྤྲོད་གཞུང་དུ་བཀོད་པའི་བོད་ཡིག་གི་ཆ་འཕྲིན་སྒྲིག་གཅོད་ལ་མཁོ་བའི་གཞི་རྩའི་ཡི་གེ་ཡིན་ལ།འདི་དག་དེང་གི་བོད་ཡིག་གི་རྒྱལ་སྤྱིའི་ཚད་ལྡན་ཡི་གེར་བཀོད་པའི་ཡིག་རྟགས་དང་ཤིན་ཏུ་མཐུན་ལ།སྤྱི་ལོ་1988ལོའི་ཟླ་7པའི་ཚེས་12ཉིན་དབྱིན་ཇུས་ཚད་ལྡན་ཅུས་ཀྱིས་ཐོག་མར་འདོན་སྤྲོད་བྱས་པའི་བོད་ཡིག་གིས་ཡིག་རྟགས་རེ་གསུམ་དང་རྩ་བ་ནས་མཐུན་པ་ཡིན། ༼གཉིས༽ ཡན་ལག་གམ་རྐྱེན་གྱི་ཡི་གེ ཡན་ལག་གམ་རྐྱེན་གྱི་ཡི་གེ་ཟེར་བ་ནི་མིང་གཞིའི་ཡི་གེ་དག་ལ་འཇུག་པའི་མགོ་འདོགས་འཕུལ་རྟེན་གྱི་ཡི་གེ་དག་ཡིན།འདིའི་འཇུག་ཚུལ་གྱིས་གཞི་འཛིན་གྲངས་ལ་བརྟེན་ནས་ཆ་འཕྲིན་ལག་རྩལ་གྱི་རྨང་གཞིའི་ལས་ཀ་དང༌།བོད་ཡིག་གི་ཕབ་གཞོང་བཀོད་སྒྲིག་སོགས་ལ་ཚན་རིག་གི་རྒྱུ་ཆ་འདོན་སྤྲོད་བྱས་པ་ཡིན། ཆ་འཕྲིན་སྒྲིག་གཅོད་ཀྱི་རྨང་གཞིའི་སྐབས་སུ་ཐོག་མར་བོད་ཡིག་གི་གཞི་རྩའི་ཡིག་རྟགས་གཏན་ལ་ཕབ།དེའི་གྲངས་ཀྱིས་འདུས་ཚད་ལ་ཨང་ཡིག་བཀོད་ནས་ཆ་འཕྲིན་གྱི་བྱ་བ་མངོན་་་འགྱུར་བྱེད་དགོས་པ་དང༌།བོད་ཡིག་གི་གཞི་རྩའི་ཡི་གེ་གཏན་ལ་ཕབ་པ་དང་བསྟུན་ནས།དེའི་ཡན་ལག་གི་ཡི་གེ་ལ་གྲངས་ཚད་ལེན་ཐུབ་ཚེ།ཡི་གེའི་རྒྱུགས་ཚད་དང༌།མིང་གི་གྲུབ་ཚུལ།ཡིག་མཛོད།ཕབ་གཞོང་ངོས་ཀྱི་བོད་ཡིག་གི་གནས་གཏན་ཁེལ་བགྱི་ཐུབ་པར་རམ་འདེགས་བྱེད་ཐུབ་པས།འདིར་སྔ་མའི་བརྡ་སྤྲོད་གཞུང་གི་ཡི་གེ་རྣམ་བཞག་ལས་ཡན་ལག་གི་ཡི་གེ་གང་དག་གནས་པ་དང༌།དེ་དག་ལས་གང་དག་ཅུང་ཙམ་རྒྱུགས་ཆེ་བའི་གྲངས་བརྗོད་པར་བྱའོ། བོད་ཡིག་གི་ཡན་ལག་གི་ཡི་གེའམ་རྐྱེན་གྱིས་ཡི་གེར་ལུས་ཡིག་དང་ཡན་ལག་གི་ཡི་གེ་དབྱེ་སྟངས་དང་གཅིག མིང་དང་མིང་གི་ཆ་ཤས་སུ་གཉིས་དབྱེ་སྟངས་དང་གཉིས།སྒྲ་གདངས་མི་འདྲ་བར་དབྱེ་སྟངས་མི་འདྲ་བ་ཞིག་ཡོད་པ་དང་གསུམ།ཡིག་གཟུགས་དབྱིབས་འདྲ་བ་ཙམ་ལ་མི་འདྲ་བའི་ཁྱད་པར་གྱི་དབྱེ་སྟངས་ཤིག་ཡོད་པ་དང་བཞི་བཅས་སོ།[ ]ཞེས་གཞི་འཛིན་ས་མི་འདྲ་བའི་ངོས་དབྱེ་སྟངས་ཡོད་པས།འདིར་བྱེ་བྲག་གི་ལུས་ཡིག་དང་ཡན་ལག་གི་ཡི་གེ་དབྱེ་སྟངས་བརྗོད་པར་བྱ་སྟེ།གཞི་རྩའི་ཡི་གེ་ལས་ལོགས་སུ་བོད་ཡིག་གི་སྦྱོར་ཀློག་གི་ཆོས་ཉིད་གཞིར་བཟུང་ནས་མགོ་འདོགས་འཕུལ་ཡིག་གི་ཡི་གེར་ཡན་ལག་གི་ཡི་གེ་ཅེས་གཙོ་བོ་ཡི་གེའི་ཕན་ནུས་སམ་རྒྱུགས་ཚད་ལ་གཞི་བཅོལ་བ་ཡིན།སྤྱིར་གཞི་རྩའི་ལུས་ཡིག་སུམ་ཅུ་ཐམ་པ་ནི་མིང་གཞིའི་ཡི་གེ་ཡིན་ནའང་དེར་ནང་གསེས་ཀྱི་དབྱེ་ན་ཡན་ལག་གི་ཡི་གེར་མཁོ་བ་(ད་དྲག་དོར་ཤུལ་ན)ཁྱོན་ཡི་གེ་བཅུ་གཉིས་དེ།དེ་ཡང་ག་ང་ད་ན་བ་མ་འ་ར་ལ་ས་དང་འདོགས་ཅན་ལ་མཁོ་བའི་ཡ་ཝ་རྣམས་སོ།འདིའི་ནང་ཕན་ནུས་གཉིས་ནས་བཞི་ལྡན་པ་སྣ་ཚོགས་ཤིག་ཡོད།དཔེར་ན།ཕན་ནུས་གཉིས་ལྡན་པ་ང་ན་ཡ་ཝ་བཞི་ཡིན་ཏེ་ང་ན་གཉིས་ནི་མིང་གཞི་དང་རྗེས་འཇུག་གཉིས་ལ་དགོས་བ་དང་ཡ་ཝ་གཉིས་ནི་མིང་གཞི་དང་འདོགས་གཉིས་ལ་དགོས་པ་རེད།ཕན་ནུས་གསུམ་ལྡན་པ་ག་ད་བ་མ་འ་ལྔ་ཡིན་ཏེ་འདི་དག་མིང་གཞི་ཡིན་ལ་སྔོན་རྗེས་གཉིས་ཀའང་ཡིན།ཕན་ནུས་བཞི་ལྡན་པ་ར་ལ་ས་གསུམ་ཡིན་ཏེ།ར་ལ་གཉིས་ནི་མིང་གཞི་ཡིན་ལ་མགོ་ཡང་ཡིན།ད་དུང་རྗེས་འཇུག་ཡིན་ལ་འདོགས་ཀྱང་ཡིན།ས་ནི་མིང་གཞི་ཡིན་ལ་རྗེས་འཇུག་ཀྱང་ཡིན།མགོ་ཅན་ཡིན་ལ་ཡང་འཇུག་ཀྱང་ཡིན།དེ་ལས་གཞན་ཕན་ནུས་གཅིག་ལྡན་པ་ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཞ་ཟ་ཤ་ཧ་ཨ་བཅས་བཅོ་བརྒྱད་མིང་གཞི་རྐྱང་བ་ཉིད་དོ །[5]ཞེས་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་ཐམ་པ་དེའི་མིང་འགྲུབ་པའི་སྐབས་སུ་ཡི་གེ་རྐྱང་བའི་ངོས་ནས་དོན་སྟོན་པ་དང༌།ཡང་ན་ཡི་གེ་གཉིས་དང་གསུམ་སོགས་འདུས་ནས་མིང་འགྲུབ་པ་སོགས་མིང་གཞིའི་འཇུག་ཡུལ་གྱི་ངོས་ནས་གསལ་བྱེད་གང་དག་རྒྱུན་པར་འབྱུང་ལ་གང་དག་ཕལ་བར་འབྱུང་བ་སོགས་སྲོལ་རྒྱུན་བརྡ་སྤྲོད་པའི་ཆོས་ཉིད་གཞིར་བཟུང་ནས་བརྗོད་ཡོད་དེ།རྩ་བ་ལས།མིང་གཞི་གཉིས་སམ་སུམ་སྦྲེལ་ལམ།དེ་ལ་དབྱངས་ཀྱི་བཞི་ལྡན་ཡང༌།།གང་དུའང་འཇུག་མིན་སྦྱར་བ་མིན།།ཞེས་སྔོན་རྗེས་གཉིས་ཀའི་དོར་བའི་ཤུལ་གྱི་ཡི་གེ་རྐྱང་བ་ཉི་ཤུ་ནི་སྔོན་རྗེས་ཡང་གསུམ་དང་དབྱངས་ཀྱི་འཇུག་ཡུལ་ཡིན་མོད།འོན་ཀྱང༌།དེ་དག་རང་རང་ནང་ཁུལ་ཏུ་ཚེག་ཁྱིམ་གཅིག་ཏུ་བསྡེབས་ནས་དོན་སྟོན་པའི་ཐ་སྙད་མི་འགྲུབ་ལ།དེ་བཞིན་དུ་དབྱངས་སྦྱར་ནའང་སྐབས་དེར་དོན་སྟོན་པའི་ཐ་སྙད་དུ་མི་འགྲུབ་པས་རྐྱང་ཡིག་ཉི་ཤུ་རུ་འགྲང་རྒྱུ་ཡོད་དེ།རིམ་པར་བཀོད་ན།ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་བཅས་སོ།འོན་ཀྱང༌།རྐྱང་ཡིག་གི་ཡི་གེ་ཡིན་ན་བོད་སྐད་ཁྲོད་རྒྱུགས་ཚད་ཉུང་བའི་མ་ཁྱབ་སྟེ།སྐུ་ཞབས་ཅང་ཏུས་ཀྱིས་ལྷ་སའི་ཁ་སྐད་ཚིག་མཛོད་སོགས་ལས་མིང་གི་རྒྱུགས་ཚད་བསྡོམས་རྩིས་བྱས་པའི་འབྲས་བུར་ལྟོས་ཚེ།སྔོན་དུ་ཚུད་པའི་མིང་སུམ་ཅུའི་གཉིས་པ་དང་གསུམ་པ་༼པོ་༽དང་༼པ་༽ཡིན་པར་[ ]གཞིགས་ན་བརྡ་སྤྲོད་གཞུང་དུ་བསྟན་པའི་མགོ་འདོགས་འཕུལ་རྟེན་ཡི་གེ་རྒྱུགས་ཡིན་པའི་ངེས་པ་མེད་དོ། དེ་བཞིན་དུ་མིང་སྔོན་རྗེས་གསུམ་དང་མིང་རྗེས་གཉིས་ལ་འཇུག་པ།མིང་རྗེས་ཡང་གསུམ་ལ་འཇུག་པའི་ཡི་གེ་ཡོད་ལ།མིང་སྔོན་རྗེས་གསུམ་ལ་འཇུག་པའི་ཡི་གེ་ལྔ་ཡོད་དེ།དེ་མིང་གི་སྔོན་རྗེས་ལས་གཞན་མིང་གཞིར་འཇུག་སྟེ།དེ་དག་རེའུ་མིག་ཏུ་ཕབ་ན་གཤམ་ལྟར་རོ།


ཡི་གེམིང་གཞི།སྔོན་འཇུགརྗེས་འཇུགགདགའགདའབདགདའདོདདམགའཐདབའབེབསབདེནའཚུབམདམོདམགོནལམའའོནའདུནམདའམིང་རྗེས་གཉིས་ལ་འཇུག་པའི་ཡི་གེ་བཞི་ཡོད་དེ་དེ་དག་ནི་རང་རང་གི་འཇུག་པའི་ཡི་གེའི་གཞུག་ཏུ་མ་ཟད།ད་དུང་མིང་གཞི་ལའང་བཞག་ཆོག་སྟེ་རེའུ་མིག་ཏུ་ཕབ་ན།

ཡི་གེམིང་གཞིརྗེས་འཇུགངམངའགངནམནའབསྟནརརིགདརལལགདལམིང་རྗེས་ཡང་གསུམ་ཡིན་པ་ནི་ས་སྟེ།མིང་གཞི་དང་རྗེས་འཇུག་མ་ཟད།རྗེས་འཇུག་ག་ང་བ་མ་བཞིའི་རྗེས་སུ་འཇུག་སྟེ།རིམ་པར་རེའུ་མིག་ཏུ་ཕབ་ན།

ཡི་གེམིང་གཞིརྗེས་འཇུགཡང་འཇུགསགསུམགོསརིགས། གངས། འབེབས། སེམས།དེ་བཞིན་དུ་བུ་ཡིག་བཅུ་བཞི་ཡོད་དེ་དེ་དག་སོ་སོའི་མགོར་ར་ལ་ས་གསུམ་བཞག་ཆོག་པའི་ཡིག་གཟུགས་ཡིན་པའི་བུ་ཡིག་ཟེར།རིམ་པར་བཀོད་ན།སྐ་རྐ་ལྐ་སྒ་རྒ་སྒ་སྔ་རྔ་ལྔ་སྙ་རྙ་སྟ་རྟ་ལྟ་སྡ་རྡ་ལྡ་རྣ་སྣ་སྤ་ལྤ་རྦ་སྦ་སྨ་སྨ་སྩ་རྩ་ལྕ་རྗ་ལྗ་རྫ་ལྷ་བཅས་ལྟ་བུ་རེད།འཇུག་ཡུལ་གྱི་ཡི་གེ་ཀ་ག་ང་ཅ་ཉ་ཏ་ད་ན་པ་བ་མ་ཙ་ཛ་ཧ་བཅས་སོ།རང་འཇུག་ཡུལ་གྱི་ཡི་གེའི་གཟུགས་ཧྲིལ་བོ་ལྡན་པའི་མགོ་ལ་རང་རང་སོ་སོའི་གཟུགས་ཧྲིལ་བོ་གང་འཚམ་སྒོས་བཞག་ཆོག་པའི་ཡི་གེ་ཡིན་པར་མ་ཡིག་ཅེས་བྱ་སྟེ།རིམ་པར་བཀོད་ན།ཀླ་གླ་བླ་ཟླ་རླ་སླ་ལྟ་བུ་བཅས་སོ ། གཞན་རང་ས་འཛིན་པའི་ཡི་གེ་བཅུ་ཡོད་དེ།གཙོ་བོ་སྔོན་རྗེས་ཡང་གསུམ་དང་བུ་ཡིག་མ་ཡིག་གཉིས་བཅས་ལྔ་ལ་མི་གཏོགས་པའི་ཡི་གེ་ཡིན་པས་རང་འཛིན་ཡི་གེ་ཞེས་བྱ་སྟེ།རིམ་པར་བཀོད་ན།ཁ་ཆ་ཐ་ཕ་ཚ་ཕ་ཝ་ཞ་ཡ་ཤ་ཨ་བཅས་སོ། མེད་ཀྱང་རུང་བའི་ཡི་གེ་གཅིག་ནི་སྔོན་རྗེས་ཡང་གསུམ་དང་བུ་ཡིག་མ་ཡིག་གཉིས་བཅས་སྔ་མ་ཟད།ད་དུང་མིང་འགའ་རེར་མ་གཏོགས་མི་འཇུག་པའི་ཡི་གེ་ཡིན་པས་མེད་དུ་རུང་བའི་ཡི་གེ་ཡིན་ཏེ།དཔེར་ན།ཝའོ། ཀུན་ཏུ་རྒྱུ་བའི་ཡི་གེ་གཉིས་ཏེ་དེ་དག་མིང་གཞི་སྔོན་རྗེས་གསུམ་དང་བུ་ཡིག་མ་ཡིག་བཅས་ལྔ་ལ་འཇུག་པའི་ཡི་གེ་ཡིན་པས་ཀུན་ཡིག་ཅེས་བྱ་སྟེ།རིམ་པར་བཀོད་ན།ག་བ་གཉིས་སོ །ཅེས་ཡན་ལག་གམ་རྐྱེན་གྱིས་ཡི་གེར་གཞིགས་ཚེ་རྒྱུགས་ཆེ་བ་ག་བ་གཉིས་ཡིན་པ་དང༌།དེ་བཞིན་ལྷ་སའི་ཁ་སྐད་ཚིག་མཛོད་སོགས་ཀྱི་མིང་གི་རྒྱུགས་ཚད་སྡོམ་རྩིས་བྱས་པའི་གཞི་འཛིན་གྲངས་ཀྱི་སྔོན་དུ་ཚུད་པའི་ཡི་གེ་སུམ་ཅུའི་གྲས་སུའང་ག་བ་གཉིས་ཚུད་ཡོད་པས།ག་དང་བ་ཡིས་གྲུབ་པའི་མིང་གིས་བོད་ཡིག་གི་ཐ་སྙད་མང་པོ་ཞིག་གྲུབ་ཡོད་པ་ཤེས་ཐུབ། གསུམ་པ། བོད་ཡིག་གི་གྲུབ་ཚུལ།

༼ཀ༽གསལ་བྱེད་ཀྱི་གྲུབ་ཚུལ། བོད་ཡིག་ནི་གསལ་བྱེད་གཅིག་གམ་ཡང་ན་དབྱངས་དང་གསལ་བྱེད་དུ་མས་གྲུབ་པ་ཡིན་ལ།དེར་ཆོས་ཉིད་གསལ་ཞིང་དག་པ་ཞིག་ཡོད་པས།སྲོལ་རྒྱུན་བརྡ་སྤྲོད་གཞུང་དུའང་མིང་གཞི།སྔོན་འཇུག་དང༌།རྗེས་འཇུག ཡང་འཇུག འགོ་འདོགས་འཕུལ་རྟེན་སོགས་ཀྱིས་གྲུབ་པར་བསྟན་ཡོད་པར་མ་ཟད།གསལ་བྱེད་གཅིག་ལས་གྲུབ་པ་དང༌།གཉིས་ལས་གྲུབ་པ་སོགས་ཆེས་མང་པ་གསལ་བྱེད་དང་དབྱངས་བདུན་གྱིས་གྲུབ་ཅིང༌།སྐུ་ཞབས་ཅིང་ཏིས་ཀྱིས་ལྷ་སའི་ཁ་སྐད་ཀྱི་རྒྱུགས་ཚད་སྡོམ་རྩིས་བྱས་པའི་གྲངས་ལས་མིང་གི་གྲུབ་ལུགས་རིམ་པ་ལྟར་རེའུ་མིག་ཏུ་བཀོད་ན། རིམ་པ།གྲུབ་ལུགས།གྲངས་ཀབརྒྱ་ཆའི་གྲངས།༡མིང་རྐྱང༌།114229.09༢སྔོན་འཇུག+མིང་གཞི།93724.78༣མགོ་ཅན+མིང་གཞི།57714.70༤མིང་གཞི།+འདོགས་ཅན།49912.71༥སྔོན་འཇུག+མིང་གཞི+འདོགས་ཅན།2947.49༦སྔོན་འཇུག+མགོ་ཅན།+མིང་གཞི།1894.81༧མགོ་ཅན།+མིང་གཞི །+འདོགས་ཅན།1894.81༨སྔོན་འཇུག+མགོ་ཅན།+མིང་གཞི།+འདོགས་ཅན།631.60གོང་གི་སྡོམ་རྩིས་ཀྱི་རེའུ་མིག་འདི་ལས་ང་ཚོར་བསྟན་དོན།སྤྱིར་བཏང་བརྒྱ་ཆའི་30%ཙམ་བོད་ཡིག་གི་ཆེས་སླ་བའི་གསལ་བྱེད་རྐྱང་བའི་གྲུབ་ཅིང༌།བརྒྱ་ཆའི་གཉིས་ཟིན་མ་ཟིན་ཙམ་ཆེས་རྙོག་འཛིང་གི་གསལ་བྱེད་འདུས་མས་གྲུབ་པ་ཡིན་ལ།འདི་ལས་སྔོན་འཇུག་དང་མིང་གཞིའི་གྲུབ་པའི་ཡི་གེ་དེ་མགོ་འདོགས་ཀྱིས་གྲུབ་པའི་ཡི་གེ་ལས་མང་བ་འདིས་བོད་ཡིག་གི་འཕྲེད་དང་གཞུང་གི་རིས་དབྱིབས་ཀྱིས་གྲུབ་པའི་ཁྱད་པར་ཤེས་ཐུབ། ༼ཁ༽དབྱངས་ཀྱིས་གྲུབ་ཚུལ། དབྱངས་བཞིར་གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་གདངས་ཀྱི་རང་བཞིན་དང་ང་རོ་ཤས་ཆེ་བའི་ཆ་ནས་དབྱངས་ཞེས་བརྗོད་ལ།ཡི་གེ་གཞན་གྱིས་མགོ་སྨད་གང་རུང་དུ་མ་སྦྱར་ན།དབྱངས་རང་སྟོབས་ཀྱིས་མིང་སོགས་ཀྱི་བརྗོད་པའི་གནས་དང་རྣམ་འགྱུར་གསལ་མི་ནུས་བ་ཞིག་ཡིན་ལ།གསལ་བྱེད་སྲོག་ཏུ་ཞུགས་པའི་དབྱངས་ཀྱི་གྲུབ་ལུགས་དོར་བ་དང༌།ཡིག་རྟགས་ཡོད་ལ་སྒྲ་གསལ་བོར་འབྱིན་རྒྱུ་མེད་པའི་དབྱངས་ཨུ་ཡིག་སོགས་ཀྱི་གྲུབ་ལུགས་ལའང་ཞིབ་འཇུག་བྱ་རུང་ངོ༌། ས་བཅད་བཞི་བ། བོད་ཡིག་གི་རིང་ཚད། བོད་ཡིག་ནི་གསལ་བྱེད་དང་དབྱངས་འདུས་པས་གྲུབ་ཅིང༌།ཉུང་ན་གཅིག་དང་མང་ན་ཡི་གེ་བདུན་གྱིས་གྲུབ་པས།བོད་ཡིག་གི་རིང་ཚད་ནི་བོད་ཡིག་གི་ཡིག་རྟགས་ཀྱི་མང་ཉུང་གིས་གྲུབ་པ་ཡིན།བོད་ཡིག་གྲུབ་ལུགས་ངོས་ནས་དོ་མཉམ་པ་ཞིག་མིན་ལ།ཡི་གེ་གཅིག་གིས་གྲུབ་པའི་ཡི་གེ་ལ་མཚོན་ནའང་རྣམ་པའི་ཆ་ནས་ཡི་གེ་གཅིག་ཡིན་ཡང༌།དོན་དངོས་སུ་སྲོག་ཏུ་དབྱངས་ཨ་ཞུགས་ཡོད་པ་དང༌།འདུས་མའི་གྲུབ་པའི་ཡི་གེ་གཞན་ཀྱང་དེ་ལས་མ་འདས་སོ།འདིས་བོད་ཡིག་གི་ཡིག་རྟགས་ཀྱི་གྲངས་ཀའི་ཞིབ་འཇུག་ལ་དོན་དངོས་དང་གཞུང་ལུགས་ཀྱི་ནང་དོན་ལྡན་པར་མ་ཟད།བོད་ཡིག་གི་ཨང་ཡིག་དང༌།ཡིག་མཛོད་བློས་བསླངས།བོད་ཡིག་ནང་སྡུད།པར་རྒྱག་དང་ཤན་འབྱེད་སོགས་ལ་ཤིན་ཏུ་མཁོའོ།ཡི་གེའི་རིང་ཚད་ལ་སྡོམ་རྩིས་བྱས་པའི་འབྲས་བུ་ལྟར་རེའུ་མིག་ཏུ་ཕབ་ན།

ཡིག་རྟགས་ཀྱི་རིང་ཚད།བོད་ཡིག་གི་གྲངས་ཀརྒྱུགས་ཚད།(བརྒྱ་ཆའི་གྲངས%)1300.76240210.243128732.784143636.58563616.2061233.137120.31གོང་གི་སྡོམ་རྩིས་ཀྱིས་བསྟན་དོན༌།ཡི་གེ་གསུམ་དང་བཞིའི་གྲུབ་པའི་བོད་ཡིག་ནི་ཡི་གེ་གཞན་པའི་གྲུབ་ལུགས་ཀྱི་ལྡབ་བརྒྱ་འགྱུར་གྱིས་མང་ལ།ཡི་གེ་གསུམ་དང་བཞིའི་གྲུབ་པའི་བོད་ཡིག་ནི་རིང་ཚད་ཡི་གེ་སྤྱིའི་བརྒྱ་ཆའི་69.36%ཟིན་ཡོད་པ་འདིས་བོད་མིའི་བློ་གྲོས་ཀྱི་རྩལ་སྟེ།མང་ན་ཉོག་ཅིང་ཉུང་ན་མིང་གི་ཁྱད་པར་འབྱེད་དཀའ་བའི་ཁྱད་ཆོས་ཀྱང་མངོན་ཡོད།། སྦྱང་གཞི། གཞི་རྩའི་ཡི་གེ་དང་ཡན་ལག་གམ་རྐྱེན་གྱི་ཡི་གེར་དབྱེ་བ་འདིས་ཆ་འཕྲིན་སྒྲིག་གཅོད་ཀྱི་བྱ་བར་ནུས་པ་ཅི་ཞིག་འདོན་ཐུབ།ཁྱོད་ཀྱིས་རང་གི་གོ་བ་དང་འབྲེལ་ནས་རྒྱས་བརྗོད་བྱས།