བོད་ཀྱི་ཆོལ་ཁ་གསུམ་གྱི་ས་མཚམས་

ཡོང་ཁུངས་Wikipedia

བོད་ཆོལ་ཁ་གསུམ་གྱི་ས་མཚམས་ནི། མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་ཆད་དབུས་གཙང་ཆོས་ཀྱི་ཆོལ་ཁ་ཡིན། སོག་ལ་སྐྱ་བོ་ནས་རྨ་ཆུའི་ཁུགས་པ་ཡན་ཆད་མདོ་སྟོད་མིའི་ཆོལ་ཁ་ཡིན། རྨ་ཆུའི་ཁུགས་པ་ནས་རྒྱ་ནག་མཆོད་རྟེན་དཀར་པོ་ཡན་ཆད་མདོ་སྨད་རྟའི་ཆོལ་ཁ་རུ་གྲགས་སོ་