བུ་ལྡོམ་པོ་དང་ཀླུའི་སྲས་མོ།

ཡོང་ཁུངས་Wikipedia

===== :གནའ་སྔ་མོ་ཞིག་ལ། ས་ཆ་ཞིག་ན་བུ་སྐལ་བཟང་ཟེར་ཞིག་ཡོད་དེ། ཆུང་དུས་ནས་ཕ་མ་གཉིས་ཀ་ཤི་ཏེ་

དྭ་ཕྲུག་ཏུ་ལུས་སྟབས། ཁོ་རང་ཕྱོགས་ཕྱོཌ་སུ་འཁྱམས་ཤིང་སྡོམ་པ་དང་། གླ་བྱེད་ས་རྙེད་ན་གླ་བྱས།
མ་རྙེད་ན་སློང་མོ་བྱས་ཏེ་འཚོ་བ་སྐྱེལ་གྱིན་ཡོད་པས། ཡུལ་དེའི་མི་རྣམས་ཀྱི་ཀྱང་ཁོང་ལ་བུ་ལྡོམ་པོ་ཞེས་
འབོད་ཅིང་། རིམ་གྱི་སྐལ་བཟང་ཞེས་པའི་མིང་དེ་ཡུལ་མི་ཀུན་གྱིས་བརྗེད་པ་དང་། ཐ་ན་སྐལ་བཟང་
རང་གི་ཀྱང་མིང་དེ་དོན་ལ་གནས་པ་ཞིག་མ་རེད་སྙམ་པའི་ཕྱིར། བུ་སྡོམ་པོ་ནི་སྐལ་བཟང་གི་མིང་ངོ་
མར་འགྱུར་བ་རེད།
བུ་སྡོམ་པོ་དེ་ཆུང་དུས་ནས་དྭ་ཕྲུག་ཏུ་ལུས་པའི་རྐྱེན་གྱིས་ཤ་རིད་ཅིང་གཟུགས་ཕྲ་ཞིང་རིང་བ་
དང་། བལྟས་པ་ཙམ་གྱིས་ཉམ་ཐག་པ་ཞིག་ཏུ་མཐོང་ན་ཡང་། ངང་རྒྱུད་བཟང་ལ་གཞུང་རྒྱུད་དྲང་བ།
བྱམས་སེམས་ལྡན་ཞིང་ལས་ལ་བྲཙོན་པ་སོགས་མི་ཡ་རབས་ཀྱི་གཤིས་སྤྱོད་དང་ལྡན་པ་ཞིག་རེད།
ཉིན་ཞིག་ལ། བུ་སྡོམ་པོ་དེ་འཁྱམས་འཁྱམས་ནས་ས་ཆ་རྒྱུད་མེད་སླེབས་པ་ན། ཡུལ་དེའི་ཕྱུག་པོ་ཚང་
ལ་ལུག་ཛི་ཞིག་ཡོད་པ་དེ་ནད་དྲག་པོ་ཞིག་གི་གཟིར་བ་དང་། ཕྱུག་པོ་ཚང་གི་ལུག་ཁྱུ་ལ་རྫི་བོ་མེད་པས།
ཕྱུག་པོ་དེ་སེམས་ཚིགས་སྟེ་ལུག་རྫི་ཞིག་འཚོལ་དུ་འོངས་པ་དང་འཕྲད། ཕྲུག་པོས་ཁོང་ལྡོམ་པོ་ཞིག་ཡིན་པ་ཤེས་ནས་ལུག་རྫིའི་ནས་དྲག་རག་བར་དུ་རྫི་གླ་བྱེད་པའི་གྲོས་བྱས་པ་ལ། བུ་སྡོམ་པོའི་སེམས་ལ་དེ་མི་ཆོག་རྒྱུ་ཅང་མི་འདུག་སྙམ་ནས་ཁས་བླངས། དེ་ནས་ཁོས་ཟླ་ངོ་ཧྲེལ་པོ་གསུམ་ལ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་ལུག་རྨས་ཙྭ་བཟང་ས་དང་ཆུ་ཞིམ་སར་དེད་ནས་འཚོས་པ་དང། བོར་ཤི་གཅིག་ཀྱང་མ་བྱུང་བའི་ཁར་ལུགས་རྣམས་ཤ་ཤེད་སྔར་ལས་རྒྱས་པར་གྱུར། དེའི་ཚེ་སྔོན་ཆད་ཀྱི་ལུག་རྫི་རྒན་པོའི་ནད་ཀྱང་དྲག་པ་དང། ཕྱུག་པོ་ལ་དེ་ལུགས་ཀྱི་གནས་ཚུལ་ཞུས། ཕྱུག་པོས་ཁོ་རང་ལུག་འཚོ་བ་ལ་མཁས་པས་མུ་མཐུད་དུ་ལུག་རྫི་བྱེད་པའི་གྲོས་བཏབ་ཀྱང། བུ་སྡོམ་པོའི་སེམས་ལ། ངས་ཕྱུག་པོ་འདིར་མུ་མཐུད་ནས་ལུག་འཚོས་ན། ལུག་རྫི་རྒན་པོ་ཁོང་སྤྲང་པོར་འགྲོ་དགོས། ཁོང་ནི་ལོ་ན་བགྲེས་པས་སློང་མོ་བྱེད་པའང་དཀའ་སྙམ་སྟེ་ཕྱུག་པོའི་ཁ་ལ་མ་ཉན། དེར་ཕྱུག་པོའི་སེམས་ལ། མི་འདི་ལྡོམ་ལུགས་སུ་སོང་ཡོད་པས་ཕན་ཨེ་ཐོགས་ཀྱང་མི་ཤེས། དེ་བས་ཤབ་ཟན་གསུམ་རྔན་པ་ལ་བྱིན་པ་དང། རྗེས་སུ་ཡོང་འདོད་ཡོདན་ཕྱིར་ཡོང་ནས་ངའི་ལུག་རྫི་བྱས་ཆོག་ཅེས་ཁ་ཡག་ཚིག་བཟང་བཤད་ནས་འགྲོ་རུ་བཅུག།
དེ་ནས་བུ་སྡོམ་པོས་གླ་རྔན་ལ་ཐོབ་པའི་ཤབ་ཟན་གསུམ་པོ་དེ་དེད་ནས་ཤར་ཕྱོགས་སུ་སོང་བ་ལ་བ། ཕྱི་ཇའི་དུས་ཙམ་ལ་མཚོ་མོ་ཞིག་གི་ཁ་རུ་སླེབས། མཚོ་མོ་དེའི་ཁ་ན་ཉ་པ་མང་པོ་འདུས་ཏེ་ཉ་འཛིན་ཞིང་འདུག་པ་ལ། ཡུད་ཙམནས་དོལ་རྒྱ་ཤིན་དུ་ཆེན་པོ་ཞིག་གི་རང་དུ་གསེར་ཉ་དང་། ཁྱི་ཉ།སྦྲུལ་ཉ་སོགས་ཉ་རིགས་ཤིན་ཏུ་ངམ་པོ་འཕག་འཚག་བྱེད་པའི་དཀྱིལ་ན།ཁོག་བསྟོད་གསེར་ལས་གྲུབ་པ། ཁོག་སྨད་དངུལ་ལས་གྲུབ་པ། སྐེད་པ་དུང་ལས་གྲུབ་པ། མགོ་གཡུ་ལས་གྲུབ་པའི་ཉ་མོ་ངོ་མཚར་དང་ལྡན་པ་ཞིག་གིས་ཚེ་ཐར་བཏོང་རོགས་གནང་། ང་ཚེ་ཐར་བཏོང་རོགས་གནང་ཞེད་སྐད་དང་བཅས་ཏེ་ཞུ་བ་བྱེད་བཞིན། མིག་མཆི་མ་ཤ་ལེར་བུ་ལྡོམ་ལ་ལྟ་ཞིང་འདུག། དེར་བུ་སྡོམ་པོ་ནི་སྙིང་རྗེ་ཚདམེད་སྐྱེས་ཏེ། ཉ་པའི་དཔོན་པོ་དེ་ལ་ཉ་མོ་འདི་ཚེ་ཐར་གཏོང་རོགས་མཛོད་ཅེས་ཞུ་འབུལ་བྱས་པ་ལ། ཉ་པའི་དཔོན་པོ་དེས་བུ་ལྡོམ་པོ་ལ་ཞིབ་ལྟ་ཞིག་བྱས་ཤིང་ཁོང་བགོད་བཞིན་དུ། ང་ཚོ་ཉ་པས་ཉ་འཛིན་པ་ལ་སྤྲག་ཕྲུག་ཁྱོད་ཇུས་གཏོགས་ཅི་ལ་བྱེད། ཅེས་ཟེར་བཞིན་དུ། བུ་སྡོམ་པོའི་རྗེས་སུ་ལུག་གསུམ་ཁྲིད་ཡོད་པ་མཐོང་ནས། ཁྱོད་དེ་འདྲའི་མི་སྙིང་རྗེ་དང་ལྡན་པ་ཞིག་ཡིན་ན། ཁྱོད་ཀྱི་ལུག་གསུམ་པོ་དེ་ང་ལ་ཕུལ་དང་། ཉ་མོ་དེ་ཚེ་ཐར་ལ་བཏང་ཆོག། དེ་མ་གཏོགས་ཐབས་གཞན་མེད་
ཅེས་ཟེར།
བུ་སྡོམ་གྱི་སེམས་ལ། ལུག་འདི་གསུམ་པོ་ནི་རང་གི་ཟླ་བ་གསུམ་རིང་ལ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་ཐིབ་པའི་ལས་གླ་ཡིན་པས་གཏོང་ཕོདཔ་རང་མི་འདུག་མོད། གིས་སུ་སྙིང་ཤིན་ཏུ་རྗེ་བ་ཞིག་འདུག་པས་ད་ལན་སྲོག་སྐྱོབ་པ་གལ་ཆེ་བསམས་ནས། ཞུག་གསུམ་པི་ཉ་པའི་དཔོན་ལ་བྱིན་ཏེ། །་མོ་དེ་ཚ་ཐར་ལས་ཐར་བ་བྱས་སོ། ཉ་པ་རྣམས་གྱི་ཉ་ལྷག་འཕྲོ་མ་རྣམས་ཁུར། ཤབ་ཟན་གསུམ་པོ་ཁྲིད་དེ་ཧཧ། དེ་རིང་ཡོང་འབབ་ཆེ། ཉ་ཡང་མང་པོ་ཟིན། ཤབ་ཟན་གསུམ་པོ་ཡང་ཐོབ་དགའ་བ་ཨང། སྐྱིད་པ་ལ་ཨང། ཞེས་ཟིན་བཞིན་ཕྱིར་ལོག་སོང།
=====