བུ་དེས་ཚེ་རིང་།

ཡོང་ཁུངས་Wikipedia

བོད་ཆབ་མདོ་ས་ཁུལ་མཁར་རོ་ཆུས་འགུ་རོ་གྲོང་རྡལ་བྱང་མདའ་གྲོང་ཚོ་ནང་ཧ་རའི་རུས་ཅན་ཕ་ཚེ་རིང་ནོར་བུ་དང་།   མ་ག་ལུག་གཉིས་ཀྱི་རིགས་སུ་༡༩༦༥ལོར་སྐྱེས།   ༡༩༨༦ལོར་བོད་ལྗོངས་བོད་སྨན་སློབ་གྲྭ་ནས་ཐོན། སྔ་རྗེས་སུ་མཁན་ཚེ་རྣམ་མཆོག་དང་།  དེད་དཔོན་ཆེན་པོ་བྱམས་པ་འཕྲིན་ལས་མཆོག   སློབ་དཔོན་ཉི་མ་ཚེ་རིང་།  གོ་འཇོ་དབང་འདུས།   མགོ་ལོག་ཏིང་འཛིན།  སོག་རྫོང་བསྟན་སྲུང་གྲགས་པ།  བྲག་གཡབ་བཀྲ་རྒྱལ་སོགས་ཀྱི་དྲུང་ནས་ཐོས་བསམ་སློབ་གཉེར་གནང་།


ནད་ཐོག་དང་སྨན་སྦྱོར།  [རྩོམ་སྒྲིག]

ཆབ་མདོ་སྨན་རྩིས་ཁང་གི་མཆིན་མཁྲིས་སྡེ་ཁག་ནང་མཆིན་སྐྲན་སོགས་ལ་ཞིབ་དཔྱད་བྱས་ནས་མཆིན་སྨན་དགུ་སྦྱོར་དང་།   མཆིན་སྨན་སོ་གཉིས།   ཏིག་ཏ་ཆེན་མོ་སོགས་སྦྱོར་བཟོའི་གཙོ་འགན་ཁུར།   དེ་བཞིན་ཡུལ་ནད་གྲུམ་བུ་ཚིགས་ཆེར་སྒོས་ཀྱི་གཉེན་པོ་ཉི་མ་རིལ་བུ་དང་།   བདེ་དགའ་རིལ་བུ་གསར་བཟོ་བྱས། རུས་ཆག་ལ་རུས་འབྱོར་ཆེན་མོ་དང་།   ཁྲག་འབྲུམ་ལ་ཁྲག་འབྲུམ་ཀུན་སེལ་སོགས་ནད་ཐོག་དངོས་ཀྱི་མྱོང་བ་དང་སྦྲེལ་ནས་སྨན་སྣ་བཅུ་གྲངས་ཙམ་གསར་དུ་བཟོས།   སྐྲ་ནད་སྤྱི་ཐེར་དང་།  རླུང་ནད་ཤིང་རེངས་དང་ཁ་ཡོ་སོགས་ལ་མན་ངག་བཞིན་བརྟག་ནས་བཅོས་པའང་མང་།   དེ་བཞིན་འགུ་རོ་གཡོ་མདའི་གྲོང་ཁུལ་གཅིག་ལ་རིན་མེད་སྨན་སྦྱིན་དང་།   ཇོ་དགོན་འཁོས་ཀ་ཞན་པ།   དབུལ་ཕོང་ནད་པ་ལ་རྒྱུན་དུ་རིན་མེད་སྨན་སྦྱིན་གནང་གི་ཡོད།   སྨན་ཆང་གི་ལག་ལེན་དང་།   དངུལ་ཆུ་བཙོ་བཀྲུ་སོགས་ལའང་མྱོང་བ་ཅུང་ཐོབ།

སློབ་མ་གསོ་སྐྱོང་།  [རྩོམ་སྒྲིག]

༡༩༩༤ལོར་ཆབ་མདོ་བོད་སྨན་སློབ་གྲྭའི་འགན་ཁུར་ནས་སློབ་མ་ལྔ་བཅུ་བསྐྱངས།   ཆབ་མདོ་ལས་རིགས་སློབ་གྲྭའི་བོད་སྨན་འཛིན་གྲྭར་ཡུན་རིང་དགེ་རྒན་མཛད།   དེ་མིན་ཞར་ཞོར་བསྐྱངས་པའི་སློབ་མ་ནི་ཧ་ཅང་མང་།

རྩོམ་སྒྲིག།[རྩོམ་སྒྲིག]

 《ཟླ་ཆུ་》དང་།   《ནད་ཐོག་སྨན་པའི་ལག་དེབ་》གཉིས་མི་རིགས་དཔེ་སྐྲུན་ཁང་ནས་དཔར།    ད་དུང་《ཀྲུང་གོའི་བོད་ཀྱི་གསོ་བ་རིག་པའི་ཚིག་མཛོད་ཆེན་མོའི་》རྩོམ་སྒྲིག་གཞོན་པ་དང་། 《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ།  》བསྡུ་སྒྲིག་སྐབས་ཀྱི་བློ་འདྲི་ཡུལ།《གསོ་རིག་ཀུན་འདུས་ཆེན་མོའི་》རྩོམ་སྒྲིག་པ།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་《བོད་ཀྱི་གསོ་བ་རིག་པའི་གསོ་ཐབས་ལག་ལེན་ཚད་གཞི་ཞིབ་འཇུག》གི་ལས་གཞིའི་ཁོངས་མི། རྒྱ་ཡིག་གི《中国藏药材大全》རྩོམ་སྒྲིག་མི་སྣ།  གསོ་རིག་དཔེ་རྙིང་ཕྱོགས་བསྒྲིགས《གངས་རི་དཀར་པོའི་》རྩོམ་སྒྲིག་གཞོན་པ 《ཆབ་མདོ་ཚན་རྩལ་》གྱི་གདན་ཞུའི་རྩོམ་སྒྲིག་པ།  དེ་བཞིན་《བོད་ལྗོངས་ཞིབ་འཇུག་》སོཌ་དུས་དེབ་ཁག་ནང་ཆེད་རྩོམ་ལྔ་བཅུ་ལྷག་ཙམ་སྤེལ། ༢༠༡༣ལོར་ལྗོངས་ཡོངས་ཀྱི་གསོ་རིག་རིག་གཞུང་ཚོགས་འདུའི་ཐོག《ཕོ་བའི་རྡོ་སྐྲན་བཅོས་པའི་མྱོང་བྱང་》ལ་ཕུལ་བྱུང་གི་དཔྱད་རྩོམ་བྱ་དགའ་ཐོབ།   གཞན་ཡང་བོད་ལྗོངས་ལྷ་ས་སྨན་རྩིས་ཁང་གི་སྨན་རྩིས་རིག་གཞུང་བཀའ་འདྲི་ཞུ་ཡུལ་མཁས་དབང་དུ་གདན་ཞུ་དང་། མཚོ་སྔོན་གསོ་རིག་ཞིབ་འཇུག་གླིང་གི་ཆེད་ཞུས་ཞིབ་འཇུག་པར་གདན་ཞུའི་དཔང་ཡིག་ཐོབ།།