བསྟན་པ་འཇིག་པའི་སྔ་ལྟས་

ཡོང་ཁུངས་Wikipedia

དུང་དཀར་ཡོན་ཏན་རྒྱ་མཚོ། ཅོ་ནེ།


༡ རབ་བྱུང་བ་འདི་དག་བྱ་ཉུང་དོན་ཉུང་ལ་མི་དགའ་བར་ཁྲ་ཁྲ་རིག་ལ་ཁྱིམ་པ་ལས་དད་ཅིང་འདུན་པ།

༢ ནང་གི་ཆགས་སྡང་དང་ཕྱོགས་རིས་དེ་མི་སྐྱ་ལས་ངར་མཐོ་བ།

༣ དོན་དངོས་ཀྱི་ཉམས་ལེན་ལས་མི་ཐུབ་པར་ཕྱི་ཚུལ་གྱི་སྤྱོད་ལམ་འདྲ་ཆགས་པོ་བཟོ་བར་དགའ་བ།

༤ སྐྱབས་གནས་བསླུ་མེད་དཀོན་མཆོག་གསུམ་ལས་ཁྱིམ་པ་ཇི་བཞིན་ནོར་ལྷ་དང་སྲུང་མར་དགའ་བ།

༥ ལམ་རིམ་བློ་སྦྱོང་དང་སྐྱབས་འགྲོའི་བསླབ་བྱ་ལས་རྔ་སྦུག་བརྡུང་ནས་རྫིག་ཉམས་ལ་དགའ་བ།

༦ དགོས་པ་ཡོད་མེད་དང་གནས་ཚུལ་ཤེས་མིན་གང་ཡིན་ཡང་དགེ་ཚུལ་ཕ་ལས་དགེ་ཚུལ་མ་ཇེ་མང་ཡིན་པ། ༧ མཁས་པ་དང་དམ་པའི་གསུང་ལས་བཙན་པོ་དང་གཡོ་ཁྲམ་ཅན་ཚོའི་དབང་འཁོར་ཚོགས་ཇེ་རྒྱས་ཡིན་པ། ༨ དགོན་སྡེ་དག་གིས་བསླབ་པ་སློབ་གཉེར་གལ་ཆེན་དང་སྙིང་དགོས་སུ་མི་འཛིན་པར་ལྷ་ཁང་དང་བླ་བྲང་འགྲན་བསྡུར་སོགས་ཕྱིའི་རྣམ་པའི་འཛུགས་བསྐྲུན་གལ་ཆེན་དུ་འཛིན་པ།

༩ དཔེ་ཁྲིད་དཔེ་བལྟས་དང་གནས་ལུགས་འཚོལ་རྒྱུ་ལས་གླུ་གར་གྱི་བརྙན་པར་དང་གློག་ཀླད་ཁ་པར་ལ་བལྟ་བར་འབད་པ། ༡༠ དགོས་པ་དང་རྒྱུ་མཚན་མེད་པར་དབེན་གནས་དང་འདུ་འཛི་མེད་ས་ལས་ཁྲོམ་ཆེན་ཚོགས་ས་དང་རྒྱ་གྲོང་ལ་སྤྲོ་བ།