བརྡ་དཀྲོལ་འགའ་བཞུགས་

ཡོང་ཁུངས་Wikipedia

༄༅། །བརྡ་དཀྲོལ་འགའ་བཞུགས། ། པྲ་ཛྙཱ་ཝདྷནྟུ། ཛ་གད་ནི་སྨྲ་བྱེད་དོ། །ཆང་ངམ་ཆང་གི་ཉིང་ཁུ་ལ་རག་གང་རུང་ངོ༌། །གསེར་སྐྱེམས་ནི་བཏུང་བའི་ནང་གསེར་ཕྱེ་བླུག་པར་གསེར་སྐྱེས་པ་ཡིན་ཟེར་སྲོལ་འདུག་ཀྱང༌། ཞལ་ལ་གསེར་ཞལ་ཞེས་ཞེ་ས་སྦྱར་བ་ལ་སྐྱེམས་འདྲེན་པས་གསེར་ སྐྱེམས་བྱེད་པར་འཐད། གསེར་སྔོན་དང༌། གཡུ་སྔོན་ནི་བཟའ་བ་བཟང་པོའི་སྟེང་དུ་གསེར་དང་གཡུ་བཞག་པ་ལ་འདོད་དོ། །གསེར་ཞལ་ནི་རྒྱལ་པོ་སོགས་ཆེན་པོའི་ཞལ་རས་ལ་ཟེར་ཞིང༌། དེ་མཇལ་བ་ལ་གསེར་ཞལ་མཇལ་ཞེས་ཞེ་ས་སྦྱར་བའོ། །གསེར་སྐྱེམས་ནི་རྒྱལ་པོ་སོགས་ཞལ་སྐོམ་པའི་སྐབས་སུ་བཏུང་བ་ཆང་ལྟ་བུ་བཞེས་རྒྱུུ་ལ་སྐྱེམས་ཟེར་ཞིང་གསེར་ཞེས་ཞེ་ས་སྦྱར་བའོ། །ད་ལྟར་ཇ་ཆང་སོགས་ཀྱི་ནང་དུ་གསེར་སོགས་བླུག་སྟེ་ཕུལ་བར་གསེར་སྐྱེམས་སུ་བྱེད་པ་ནི་བརྡའ་དོན་མ་གོ་བའི་བབ་ཅོལ་ཡིན་ནོ། །ཙཱ་རུའི་བཟའ་བ་ནི་འདིའི་ངོ་བོ་ནི་དགའ་སྟོན་གྱི་ལོངས་སྤྱོད་ལྟ་བུ་ཡིན། མིང་གི་ངེས་ཚིག་ནི། ཙཱ་རུ་ནི་སྤྱད་བྱའོ། །བཟའ་བ་ནི་བཟའ་བྱ་ཡིན་པའི་ཕྱིར་རོ། །ཙ་ར་ནི་ར། ཙ་མ་ར་ནི་གཡག །ཙ་མ་རཱི་ནི་འབྲི། ནལ་བུ་ནི་མིང་སྲིང་སྦྱོར་བ་ལ་ནལ། དེ་ལས་བྱུང་བའི་བྱིས་པ་ནི་ནལ་བུའམ་ནལ་ཕྲུག་ཅེས་བྱའོ། །གསང་བའི་རྔ་ཆུང་ནི་ཚང་རའི་ཨོ་ཚང་ལས་འཆོས་པའི་རྔ་ཆུང༌། ཀོ་རོ་ཙ་ན་ནི་ཀླད་པ། མཾ་ས་ནི་ཤ །རཀྟ་ནི་ཁྲག །པཉྩ་ལི་ཀ་ནི་ཙ་ཀ་ལི་ཀའི་དར་ཤ་མི་སྒྲིབས་པ་སྟེ་ལྷའི་གོས་ཡིན། ལྷ་དང་ལྷ་མོ་ཕལ་ཆེར་གྱི་སྨད་དཀྲིས་ལ་འོང༌། འཇོལ་བེར་ནི་དར་ཟབ་སོགས་ལས་བཟོས་པའི་གོས་ལྡིང་གྱོན་གྱི་རིགས་ལ་བེར་ཟེར་ཞིང༌། ཆ་ཆེ་ལྷུག་པ་མིག་ལ་བརྗིད་ཅིང་ལུས་ལ་འཇོལ་བས་ན་འཇོལ་བེར་རོ། །ཆོས་གོས་ཟླུམ་པོར་བགོ་བ་ནི་གཟན་སོགས་ཕབ་པ། བཟང་པོའི་འདུག་སྟངས་ནི་ལག་སྟབས་བྱས་ན་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། རྐང་ སྟབས་བྱས་ན་གདན་མཐོན་པོའི་སྟེང་དུ་བཞུགས་ནས་རྐང་པ་གཉིས་གཤིབས་ཏེ་ བརྐྱངས་པ་བྱམས་བཞུགས་ལྟ་བུ། ཕེཾ་གྱི་སྒྲ་དོན་ནི། མཁའ་འགྲོ་མའི་དམ་ཚིག་གི་ ཕེཾ་ཞེས་པ་ཕ་དང་ཨི་དང་མ་སྟེ་ཡི་གེ་གསུམ་གྱི་གདངས་ཐོན་ཙམ་བྱ་སྟེ། ཞིང་སྔགས་ལྷན་སྐྱེས་གསུམ་གྱི་དོན་གཅིག་ཏུ་བསྡུས་པའི་དོན་ཡིན་ལ། བོད་སྐད་དུ། ཁོས་ཞེས་བྱ་སྟེ། སྔགས་དང་འབར་བའི་ཕྱག་རྒྱ་འདིས་སྤྱན་དྲངས་པས་གལ་ཏེ་མི་བྱོན་ན། དམ་ཚིག་གི་ཉེས་པས་མགོ་བོ་ཁོས་བྱ་བའི་དོན་ཡིན་གསུངས། ཨ་ཏི་པུ་ཧོ། པྲ་ཏི་ཛ་ཧོ་ནི་ཉེར་བསྒྱུར་ཨ་ ཏི་དང༌། པྲ་ཏི་སྔོན་དུ་བཞག་ནས། མཆོད་པའི་དོན་གྱི་པུ་ཛ་ཁ་ཕྲལ་ནས། ཛས་ཙ་བྱས་ པའང་འོང་ཞིང༌། ཧོ་ནི་དགྱེས་པར་གྱིས་ཤིག་གམ། དགྱེས་པར་གྱུར་ཅིག་སྟེ་བསྐུལ་ཚིག་ ཡིན། བསྡོམས་ན། ཨ་ཏི་པུ་ཧོ་ནི་མཆོག་ཏུ་མཆོད་པས་དགྱེས་པར་གྱིས་ཤིག་དང༌། པྲ་ཏི་ཛའམ་ཙ་ཧོ་ནི་སོ་སོར་ཚིམ་པར་གྱུར་ཅིག ། ཞེས་སོ། །མངོན་སུམ་རྗེས་དཔག་ནི་མངོན་རྗེས་ ཚད་མས་སྦྱར་བ་སྟེ། དབང་ཡུལ་དུ་མེ་དང་མཚོ་ལྟ་བུ་མཐོང་བ་ནི་མངོན་སུམ་ཚད་མ། དུ་བ་དང་ཆུ་སྐྱར་མཐོང་བས་རྗེས་སུ་དཔག་སྟེ་མེ་དང་མཚོ་ཡོད་པར་ཤེས་པ་ལྟ་བུ་རྗེས་ དཔག་ཚད་མའོ། །སྒྲོ་སྐུར་ནི་བསྟོད་པའི་སྒྲོ་དང་སྨད་པའི་སྐུར་བ་འདེབས་པའོ། །དགག་སྒྲུབ་ནི་གཞན་ལུགས་མི་འཐད་པ་དགག་པ་དང༌། རང་ལུགས་འཐད་པ་སྒྲུབ་པའོ། །འོལ་སྤྱི་ནི་བྱེ་བྲག་ཇི་བཞིན་མ་ཤེས་པར། འོལ་ཚོད་ཀྱིས་སྤྱི་ཁྱབ་ཙམ་བཤད་པའོ། །ངོ་བོ་ཅིག་ལ་ལྡོག་པ་ཐ་དད་ནི་ཨུཏྤལ་དང་དེའི་སྔོན་པོ་ལྟ་བུའོ། །དཔེ་ལ་ཐི་བ་ཚོད་དུ་འཇུག་པ་ནི་བྱ་ཐི་ བ་དེ་ཚང་མ་བྱས་གོང་ནས་དགྲས་ཚུགས་སམ་མི་ཚུགས་བརྟག་དཔྱད་ཞིབ་ཏུ་བྱས་ཏེ། འཚེ་བ་མེད་ངེས་ཞིག་ཏུ་ཚང་བཅའ། ཕྱིས་ཚང་དུ་འཇུག་དུས་ཡིད་གཉིས་ཐེ་ཚོམ་མེད་པར་ཡིད་ཆེས་ཀྱི་གདེངས་དང་ལྡན་པར་འཇུག་པར་ལྟར་རོ། །བ་གམ་ནི་ཁང་པའི་ཁེབས་སམ་རྩག །མ་ག་དྷཱ་ནི་བོད་དུ་བྱིངས་འཛིན་ཞེས་བྱ་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ འཛིན་པའི་ཕྱིར་རོ། །ནཻ་རཉྫ་ན་ནི་ཆུ་ཀླུང་ངེས་པར་སྐྱེ་བའམ། ངེས་པར་འབྱུང་བ་ཞེས་བྱ་སྟེ། དེའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བ་སྤྱད་ཅིང༌། འཁོར་བ་ལ་ཐུགས་ངེས་པར་འབྱུང་བའི་བསམ་གཏན་བསྐྱེད་པའི་ཕྱིར། ལུམྦི་ནིའི་ཚལ་ནི་ཡུམ་ལྷ་མོ་སྒྱུ་འཕྲུལ་མའི་མཚན་གཞན་པར་ལྷ་མོ་ལུམྦི་ནཱི་ཞེས་ཟེར་ཞིང་དེ་རྩེ་བའི་བསྐྱེད་མོའི་ཚལ་ཡིན་པའི་ཕྱིར་རོ། །ནཱ་ལེནྡྲ་ནི་རྒྱུན་སྟེར་དབང་པོའོ། །ན་ལནྡ་འདུག་པ་ལྟར་བྱས་ན་འདམ་བུའི་བྱིན་དུ་གྲགས་སོ། །བི་ཀ་མ་ལ་ཤཱི་ལ་ནི་པདྨ་རྣམ་པར་རྒྱས་པའི་ངང་ཚུལ་ལོ། །མི་ཏྲ་ཛོ་ཀི་ནི་ཡོ་གི་ཞེས་པ་འཕྲལ་སྐད་ལ་ཛོ་ཀི་བྱས་པ་ཤེས་དགོས་པ་གཞིར་བཅས་ཏེ་བཤེས་གཉེན་རྣལ་འབྱོར་ཟེར། ག་ཡ་དྷ་ར་ནི་བོད་སྐད་དུ་སྤྲིན་འཛིན་ནོ། །ཀ་ལྱཱ་མི་ཏྲ་ནི་དགེ་བའི་བཤེས་གཉེན་ནོ། །ཝ་ལ་ཙནྡྲ་ནི་དོན་འགྱུར་གྱི་དབང་དུ་བྱས་ན་སྟོབས་ལྡན་ཟླ་བའམ་མི་ཐུབ་ཟླ་བའོ། །སྭཱ་མི་གུ་རུ་ནི་རྗེ་བླ་མ། ཤྲེཥྟ་ནིརྨཱ་ཎཿནི་མཆོག་སྤྲུལ། ཨུ་པ་སི་ཀ་ནི་དགེ་བསྙེན། ཨུ་པ་སི་ཀཱ་ནི་དགེ་བསྙེན་མ། ཤྲ་མ་ཎེ་རཿ ནི་དགེ་ཚུལ། ཤྲ་མ་ཎེ་རི་ཀཱ་ནི་དགེ་ཚུལ་མ། བྷིཀྵུ་ནི་དགེ་སློང༌། བྷིཀྵུ་ཎི་དགེ་སློང་མ། ཀ་ལྱ་མི་ཏྲ་ནི་དགེ་བཤེས། ཁ་སཪྤ་ཎི་ནི་མཁའ་སྤྱོད་པ་སྟེ་སྤྱན་རས་གཟིགས་ཀྱི་མཚན། ཨ་རོ་ལིཀ྄་ནི་ཆགས་མཆོག་མཚོན་པའམ། ཆགས་པ་ཆེན་པོ་མཚོན་པ་སྟེ། སྙིང་རྗེས་འགྲོ་ལ་ཆགས་པ་ཆེན་པོ་མཚོན་ཕྱིར་དེའི་ལྷ་ཕྱག་ན་པདྨར་འཇུག །ནཱ་མ་མི་ནི་ཕྱག་བགྱིའོ། །སེ་ན་ཤུ་བྷ་ནི་སྡེ་དགེ། དེ་ཝ་དྷཱ་ར་ནི་ལྷ་ཐོགས། མ་ཧཱནྟཿ ནི་ནང་ཆེན། མ་ཧཱ་པཪྤ་ཏ་ནི་རི་བོ་ཆེ། ཛ་ལཾ་སུ་ཏྲ་ནི་ཆབ་མདོ། །ཤཻ་ལ་གཉྫ་ནི་བྲག་གཡབ། དེ་བ་པུ་ཏྲ་ལྷ་སྲས། པི་ཏྲྀ་རཱ་ཛ་ནི་ཡབ་རྒྱལ་པོ། མ་ཏྲི་ཀཱནྟ་པུ་རཾ་ནི་ཡུམ་བཙུན་མོ། ས་ཙི་ཝ་ནི་བློན་པོ། པ་ཏི་ནི་བདག་པོ། ཨ་དྷི་བྷུ་ནི་དཔོན་པོ། ཀ་སརྦྷཉྫི་ནི་གཟིམ་དཔོན། པྲ་ཛ་ནི་སྐྱེ་དགུ། ཛ་ན་ནི་སྐྱེ་བོ། བནྡེ་ནི་སེར་མོ་བ། སུ་བྷ་ག་ནི་སྐལ་བཟང༌། བི་ཥུ་ནི་བཙུན་པ། ཏྲཻ་ཡཱ་དྷཱི་ཀ་སརྦ་ཛི་ན་ཛྙ་ར་ཡརྨ་ཡ་སྱ་ཀཱ་ཡ་མུ་ལེ་ནི་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེའི་བདག་ཉིད་གང་གི་སྐུ་དྲུང་དུ། བི་བྷུ་མ་ཧཱ་བཛྲ་དྷ་ར་ཨ་ས་མཛྙ་ཀྲྀ་པདྨ་ཡ་སྱ་པཱ་ཎཽ་ནི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་མཚུངས་པ་མེད་པའི་མཁྱེན་བརྩེའི་བདག་ཉིད་གང་གི་ཕྱག་ཏུ། སཾ་ཀལྤ་སིདྷྱནྟུ་ནི་བསམ་པ་འགྲུབ་པར་གྱུར་ཅིག ། སངྒུ་རུ་ཤ་ར་ཎཾ་གཙྪ་མི་ནི་བླ་མ་དམ་པ་ལ་སྐྱབས་སུ་མཆིའོ། །ཨ་ཏི་ཤ་ནི་ཕུལ་བྱུང་ངམ། དབང་པོ་ཞི་བ། གོ་ལ་ནི་ཟླུམ་པོ། སཻནྡྷ་{ནི་བོད་སྐད་དུ། རྒྱ་མཚོ་སྐྱེས་ཏེ་ཞེས་འགྲེལ་བ་འདོད་འཇོར་བཤད། } ནི་རྒྱ་མཚོ་ལས་བྱུང་བ་སྟེ། ཚྭ་དང༌། རལ་གྲི་དང༌། རྟ་སོགས་ལ་འཇུག་པས་སྒྲ་དོན་སྐབས་ཐོབ་ཀྱི་ཤེས་དགོས་སོ། །སི་ཧླ་ནི་ཚིམ་བྱེད་དེ་རུ་རུཥྐ་དང་མིང་གཅིག་གོ། །པོ་ཏ་ལ་དང༌། པོ་ཊ་ལ་ནི་གྲུ་འཛིན། དོ་ཧ་ནི་མི་ཟད་པ། ནཱ་རོ་པ་ནི་རྩ་བཤད་པ། ཤ་ས་ནི་ཨ་ཀ་རུའི་མིང་གི་རྣམ་གྲངས་སོ། །ནཱ་རོ་པ་ཞེས་པ་བོད་སྐད་དུ་རྩོད་མེད་ཞབས་ཡིན་པར་མཁྱེན་བརྩེའི་ཀ་འབུམ་ད་པའི་ནང་དུ་ཡོད། མ་ད་ན་ཞེས་པ་བོད་སྐད་དུ་མྱོས་བྱེད། ཨུཏྤ་ལཾ་ཞེས་བོད་སྐད་དུ་སྟེང་འཐུང༌། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་ནི་ཁྱོད་ཀྱི་པདྨའི་ཆེད་དུ་པདྨ་ཞེས་པ་སྟེ། དོན་ནི་ཁྱོད་ཀྱི་ཞབས་པད་ཀྱི་ཆེད་དུ་པདྨའི་གདན་དབུལ་བར་བགྱིའོ། །ཞེས་པའོ། །ནཱ་རོ་ཏཱ་པ་ནི་མི་མཆོག་ཞབས་སམ། རྩོད་ མེད་ཞབས། བཛྲ་མུཿནི་རྡོ་རྗེར་འཆིང་བ་སྟེ་ཡེ་ཤེས་ཀྱི་དབྱིངས་སུ་གཤེགས་ཤིག་ཅེས་པའོ། །ཨོཾ་ན་མོ་མཉྫུ་སོགས་ཀྱི་དོན་རིམ་བཞིན་འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། ། ལེགས་པའི་དཔལ་ལ་ཕྱག་འཚལ་ལོ། །མཆོག་གི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དེ་དག་གིས་བྱིན་གྱིས་བརླབ་པའི་གཟུངས་སྔགས་ཁྱད་པར་ཅན་ཡིན་པས་བརྗོད་ན་དགེ་བ་མང་པོ་འཕེལ་བ་དང་སྨོན་ལམ་འགྲུབ་པའི་ཐབས་ཡིན་ནོ། །ཏདྱ་ཐཱ། པཉྩ་སོགས་ནི། དབང་པོ་ལྔ་ཡོངས་སུ་དག་པའི་གཞི་ཚུགས་ཞེས་སྨོན་ལམ་འགྲུབ་པའི་འགྱུར་སྔགས་ཡིན།གོ་མི་ནི་བཙུན་པ། བ་ཤི་ཀ་ཞེས་ཡ་མ་རླ་སྟེ། སྟོང་པ་ཉིད་ཡིན་པར་མི་ཕམ་གྱིས་གསུངས་སོ། །ཨུཏྤ་ལ་ཞེས་པ་ནི་སྟེང་འཐུང་ངོ༌། །གངྒཱ་ནི་འགྲོ་ལྡན་མའོ་ཞེས་འགྲེལ་བ་འདོད་འཇོར་བཤད་དོ། །ཀ་མ་ཐ་ནི་རུས་སྦལ་ཏེ་འགྲོ་བ་བུལ་བས་སོ་ ཞེས་འགྲེལ་བ་འདོད་འཇོར་བཤད་དོ། །ཀུ་མུ་ད་ནི་ས་དགའ་མ་ས་མོས་སོ་ཞེས་འགྲེལ་བ་འདོད་འཇོར་བཤད་དོ། །ཙནྡན་ནི་ཚིམ་བྱེད་ཅེས་བྱ་སྟེ་ཞེས་འདོད་འཇོར་བཤད། དྭི་རེ་ཕ་ནི་ར་ཡིག་གཉིས་པ་སྟེ་འདིའི་མིང་ལ་ར་ཡིག་གཉིས་ཡོད་པས་སོ་ཞེས་འདོད་འཇོར་བཤད། བྷྲ་མ་ར་ནི་འཁོར་འགྲོའོ། །ཙ་ཏ་ཀ་ནི་བྱེའུ་ཁུག་རྟའི་མིང་ཡིན་པ་འདོད་འཇོར་བཤད། པྲྀཥྞ་སཱ་ར་ནི་རི་དྭགས་གཞུང་ནག་གོ་ཞེས་འདོད་འཇོར་བཤད། ཛཱ་ཏི་ནི་སྣ་མའོ། །ཨུ་དུམྦཱ་ར་ནི་བདུད་འཇོམས་སོ། །ཞེས་འདོད་འཇོར་བཤད། ཨག་ནི་འགྲོ་མེད་དེ་རི་བོ་ཡིན་ལ། ཏྱཱ་ཡ་ནི་འདོར་བམ་འཕེན་པ་སྟེ། པཱ་ར་སྐ་ར་ལ་སོགས་པའི་ཕྱིར། སུ་ཊ་སྦྱར་བའི་ཚིག་ཕྲད་ཀྱིས་ཨགསྟྱཿཞེས་རི་འདོར་རམ་རི་འཕེན་ཞེས་པར་འགྱུར་རོ། །ཞེས་འདོད་འཇོར་བཤད། སུ་པྲ་ཏིཥྟ་བཛྲེ་སྭཱ་ཧཱ་ནི་ལེགས་པར་རབ་ཏུ་གནས་པའི་རྡོ་རྗེ་ལ་གཞི་ཚུགས། སིནྡྷུ་ར་ནི་སིནྡྷུ་ནི་རྒྱ་མཚོ་དང༌། ར་ནི་ཆགས་པའམ་ཁྲག་ལའང་འཇུག་གོ། ། ཡང༌། སིནྡྷུ་ར་ཞེས་པ་བོད་སྐད་དུ་རྒྱ་མཚོའི་དྲེག་པ་ཟེར། ལི་ཁྲི་དང་སྐད་དོད་གཅིག་པར་མཛད་ཀྱང་ངོ་བོ་སོ་སོར་ཡིན་ནོ། །དོན་ལ་ཆུའི་དྲེག་པ་ཡིན་ནོ། །ཀཏྤཱུ་རཾ་ནི་ག་བུར། པ་ཊ་ཧཿ ནི་སྒྲ་འདོར་ཏེ་རྔ་ཆུང་གི་མིང་ཡིན་ནོ། །ཀ་ལ་པིངྒ་ནི་རྒྱ་མཚོའི་བྱ། ཨོཾ་སཱ་དྷཱུཿཤྲཱི་གུ་ཎ་སིདྡྷི་རསྟུ་ནི་ལེགས་པའི་དཔལ་ཡོན་འགྲུབ་པར་གྱུར་ཅིག །ཨོཾ་ཨ་ཏི་མངྒ་ལཾ་བྷ་ཝ་བ་ཏུ་ནི་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཨ་བ་དྷཱུ་ཏི་ནི་ཀུན་སྤངས། མ་ཎི་པདྨེ་ཀྱེ་ནོར་བུ་པདྨ་ཅན། ཨུ་མཱ་དཀའ་བཟློག །དྲ་བྱ་རྫས། བྷཱུ་ཡཱ་ཏྲ་གྱུར་ཅིག །བྷ་བ་ཏུ་གྱུར་ཅིག །བྷ་ཝནྟུ་གྱུར་ཅིག །སིདྡྷི་གྲུབ་པ། རསྟུ་གྱུར་ཅིག །ཤུ་བྷ་མསྟུ་དགེ་བར་གྱུར་ཅིག །མཱུ་ལ་དྲུང་དུ། དཏྟི་ཕུལ། ཙེ་དྷ་དབུའོ། །ཙ་དང༌། ཀུ་ས་ལ་ནི་དགེ་བ་སྟེ། དེའང་ཀུ་ནི་ངན་པ་ལ་འཇུག་ཅིང༌། ས་ལ་ནི་སྤོང་བའམ་འདོར་བ་ལ་འཇུག་པས་ན་ངན་སྤོང་ཞེས་བྱ་བར་འགྱུར་རོ། །ཨི་དཾ་འདི། བ་ལིཾ་ཏ་གཏོར་མ། ཁ་ཁ་ཟོ་ཟོ། ཁཱ་ཧི་ཟ་བར་གྱིས། བུདྡྷ་ནི་སངས་པ་དང་རྒྱས་པ་གཉིས་ལ་འཇུག་པས་དེ་བསྡམས་པས་སངས་རྒྱས་ཞེས་བྱའོ། ། ག་རུ་ཌ་བྱ་ཁྱུང༌། གླིང་ནི་ཆུའི་དབུས་ཀྱི་ས་གཞི་གནས་སུ་རུང་བ་ལ་བརྗོད་དོ། །དྭཱི་པ་ཞེས་ཆུ་གཉིས་ཀྱི་བར་ན་གནས་པའི་མིང་ངོ༌། །བརྡ་གསར་རྙིང་གི་དབྱེ་བ་ནི། ཆབ་འབངས་ནི་འཁོར་གཡོག །ཞམ་རིང་པ་ནི་ཕྱག་གཡོག །སུག་པ་ནི་ལག་པ། ཆེ་གཞི་ནི་དཔང་པོ། སྣ་བོ་ནི་གཙོ་བོ། བཀར་བཏག་ནི་ཁྲིམས། འགུམ་པ་ནི་ནད་ཀྱིས་ཤི་བ། བཀུམས་པ་ནི་གསོད་པ། བཀྲོངས་པ་ནི་བསད་པ། གྲོང་བ་ནི་ཤི་བ། གཤིན་པོ་ནི་ཤི་བོ། མནོག་ཆུང་བ་ནི་ཁེ་ཆུང་བ། གནའ་ནི་ཐོག་མའམ་སྔོན་ཚེ། བྲོ་བོར་བ་ནི་མནའ་བསྐྱལ་བ། བྲུ་བ་ཚ་ནི་བཀྲེས་སྐོམ། ཟོང་ནི་ནོར། ཟང་ཟིང་ནི་ནོར། ཨརྫ་ཀ་ཡི་དོག་པ་ནི་ལྕམ་པའི་འབྲས་བུ། ལྷ་བ་ནི་རུས་པའི་ནང་གི་ཞག །བསྙེམས་པ་ནི་ང་རྒྱལ། བསྙེངས་པ་ནི་འཇིགས་པ། ཕུང་ཀྲོལ་ནི་ཉེས་པ་མང་པོའི་རྩ་བ། སྤྱི་བརྟོལ་ནི་ངོ་ཚ་མེད་པ། རིད་པ་ནི་ཤ་ཆུང་བ། བརྐམ་པ་ནི་ཆགས་ཞེན། སྤྱུགས་པ་ནི་ཕུད་པའམ་བསྐྲད་པ། ཁེངས་སྐྱུངས་བ་ནི་ང་རྒྱལ་མི་བྱེད་པ། སྒེག་པ་ནི་ཆགས་པས་གཟུགས་མཛེས་པའི་རྣམ་འགྱུར་སྟོན་པ། དཀུ་སྟ་ཟུར་ ནི་གཡས་གཡོན་གང་རུང༌། སྣམ་ལོག་ནི་སྐུའི་ཟུར་དང་རྒྱབ། བསྙིལ་ནི་རྐན། འཕྱོ་བ་ནི་ནམ་མཁའ་ལ་ལྡིང་བའམ་ཆུ་ལ་ཆུ་ བྱ་ལྟར་འགྲོ་བ། བཟེ་རེ་ཆུང་བ་ནི་བཟོད་པ་སྲན་ཆུང་བ། ན་རེ་ནི་བཤད་དེ། སུན་འབྱིན་ནི་སྐྱོན་བརྗོད་པ། ཁ་གསག་ནི་ངོ་བསྟོད། མཐིང་བསླད་ཨཱཿཨཱཿནི་སྨོད་པ། བསྟིང་ཚིག་ནི་ངན་པ་ལ་ཡ་མཚན་ཅན་དུ་བརྗོད་པ་སྟེ་ཟུར་གྱིས་སྨོད་པ། ཀུན་དོང་ནི་ཙོང༌། ཀེའུ་ནི་སྒོག་པ་སྤྱིའི་མིང༌། གམ་ནི་དྲུང༌། བཀུར་སྟི་ནི་གདན་དང་ཁྲི་སྟེང་སོགས་སུ་བཞག་པ། བསྟི་སྟངས་ནི་ལུས་ཀྱི་གུས་འདུད། གཞན་དྲིང་མི་འཇོག་པ་ནི་གཞན་ལ་འདྲི་ལྟོས་མི་དགོས་པ། པོག་ནི་སྤོས། པོག་ཕོར་ནི་སྤོས་ཕོར། བྱུར་ནི་མྱ་ངན། རྨིག་མེད་ནི་གཏན་མེད། གཡན་སྤྱོ་བ་ནི་འཛེམ་མེད་དུ་སྤྱོད་པ། སྒྱིད་ལུག་པ་ནི་ཡིད་ཞུམ་པ། ཡ་མ་བརླ་ནི་སྙིང་པོ་མེད་པ། ཐེར་ཟུག་ནི་འགྱུར་བ་མེད་པ། གཟོད་མ་ནི་དང་པོ། ཚིག་གུ་ནི་འབྲུ། རལ་ནི་སྣོད། ཚར་ནི་ཕྲེང་བ། ཟོལ་ནི་གཡོ་སྒྱུ། ཞོ་ཤ་ནི་ནུས་པ། བསྟངས་པ་ནི་ཕན་གདགས་པར་བྱའོ། །སྟོངས་འགྲོགས་ཡང་ཕན་གདགས་པའི་བརྡ་རྙིང་ངོ༌། །འཁོན་བཅུག་ནི་ཞེ་འགྲས་པ། ཏེ་བོར་ནི་ཧ་ཅང༌། སྡུག་པ་ནི་ཡིད་ལ་འཐད་པའོ། །སྤྲ་ཚིལ་{སྦྲ་ཚིལ་ཡང་ཟེར། }ནི་སྦྲང་རྩིའི་སྙིང་མའོ། །རྣམ་ཐོས་སྲས་ནི་དྲང་སྲོང་རྣམ་ཐོས་ཀྱི་བུ་ཡིན་པས་སོ། །བདུད་སྡིག་ཅན་ནི་དགའ་རབ་དབང་ཕྱུག་ཁྱབ་འཇུག་གི་བུ་ཡིན་ནོ། །ཚོགས་བདག་གླང་སྣ་ནི་དབང་ཕྱུག་ལ་ཆུང་མ་གཉིས་ཏེ་ཨུ་མ་དང་གངྒཱའོ། །གངྒཱ་ལ་བུ་གཅིག་སྐྱེས་ཏེ་ཨུ་མས་བལྟར་ཕྱིན་པ་ན་བུ་ལ་མགོ་མེད་ཅེས་སྟོན་དུ་མི་འདོད་པ་ན། ཨུ་མ་ཁྲོས་ཏེ་མགོ་མེད་པར་གྱུར་ཅིག་ཅེས་བརྗོད་པས་དེ་ལྟར་གྱུར་ཏེ། སླར་ཨུ་མ་ལ་ཞུས་པས་མགོ་བྱང་དུ་བསྟན་པའི་རོ་གང་རྙེད་ཀྱི་མགོ་སྦྱོར་ཅིག་བྱས་པས། དེས་གཞན་མ་རྙེད་ནས་གླང་པོ་ཆེའི་རོ་ཞིག་གི་མགོ་བཅད་ནས་སྦྱར་བས་གླང་པོའི་མགོར་སོང་ངོ༌། །ཁ་ཊཱཾ་ཀ་ནི་ཨ་བྷི་དྷ་ན་ནས་བཤད་པའི་ལུགས་དང༌། ཨུ་མ་པ་ཏིའི་ལུགས་དང༌། ཤེས་རབ་སྣང་བའི་ལུགས་དང༌། ནཱ་རོ་པའི་ལུགས་ཏེ་བཞི་ལས། དང་པོ་ནི། ཡུ་བའི་ སྟེང་དུ་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རྫོགས་པ། དྲིལ་བུ་དང་འཕན་རྩེ་གསུམ་པས་མཚན་པ། རྩ་བར་རྡོ་རྗེ་རྩེ་གཅིག་པ་ཅན་ནོ། །གཉིས་པ་ནི། ཡུ་བའི་སྟེང་དུ་བུམ་པ་དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་མི་མགོ་རློན་པ། དེའི་སྟེང་དུ་སྐམ་པོ། དེའི་སྟེང་དུ་རྡོ་རྗེ་སྔོན་པོ་རྫོགས་པ། གཡེར་ཁ་དང༌། འཕན་རྩེ་གསུམ་པ་འཕྱང་བ། རྩ་བར་རྡོ་རྗེ་རྩེ་གཅིག་པས་མཚན་ པའོ། །གསུམ་པ་ནི། ཡུ་བའི་སྟེང་དུ་བུམ་པ། དེའི་སྟེང་དུ་རྡོ་རྗེ། དེའི་སྟེང་དུ་མི་མགོ་ རློན་པ། རིད་པ། སྐམ་པོ་སུམ་བརྩེགས་ཀྱི་རྩེར་རྡོ་རྗེ་རྩེ་ལྔ་པ་རྫོགས་པ། དྲིལ་བུ་དང་ གཡེར་ཁ་འཕན་རྩེ་གསུམ་པ་འཕྱང་བ། རྩ་བར་རྡོ་རྗེ་བྱེད་པས་མཚན་པའོ། །བཞི་པ་ ནི། ཡུ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་བུམ་པ། དེའི་སྟེང་དུ་མི་མགོ་སྐམ་པོ་སུམ་བརྩེགས་ཀྱི་རྩེར་རྡོ་རྗེ་རྩེ་ལྔ་པ་རྫོགས་པ་ཡོད་པ། ཌ་མ་རུ་དང༌། དྲིལ་བུ་དང༌། འཕན་རྩེ་གསུམ་པ་འཕྱང་བ། རྩ་བར་རྡོ་རྗེ་ཕྱེད་པས་མཚན་པའོ། །ཨོཾ་པྲ་ཛྙཱ་ཝརྟནྟུ། དེ་ཡང་ལེགས་སྦྱར་གྱི་སྐད་ཟུར་ཆག་པས་བརྡ་རྙིང་པར་འཁྲུལ་བ་སོགས་འགའ་ཞིག་སྣང་སྟེ། ཨ་ཎུ་ཞེས་པ་ཆུང་ངུའམ། ཕྲ་མོའི་སྐད་དོ། །ཟུར་ཆག་པས་ཨ་ནུ་ཞེས་གྲགས་པ་དང༌། ཀིངྐི་ར་ཞེས་པ་ཅི་བགྱི་སྟེ་ལས་བྱེད་དམ་གཡོག་གི་སྐད་དོད་ཟུར་ཆག་པས་གིང་པ་དང་གིང་མོ་དང་གིང་མོ་ཞེས་གྲགས་པ་དང༌། དྷཱུ་ལི་ཞེས་པ་ཟུར་ཆག་པས་རྡུལ་ཞེས་པ་དང༌། བྷཱུ་ཀ་ཟུར་ཆག་པས་བུག་པ་ཞེས་པ་དང༌། བྲཱཧྨ་ཎ་ཞེས་པ་ཚངས་པ་ལས་བྱུང་བ་སྟེ་ཟུར་ཆག་པས་བྲམ་ཟེ་དང༌། ཀལྤ་ཞེས་པ་བསྐལ་པ་ཞེས་བོད་ཀྱི་བརྡ་མཛད་པ་དང༌། བི་ཧཱ་ར་ཞེས་པ་གཙུག་ལག་ཁང་པ་སྟེ་ཟུར་ཆག་པས་དཔེ་ཧར་དང་དཔེ་དཀར་སོགས་སུ་བོད་པ་དང༌། ཨིནྡྲ་ནཱི་ལ་ཞེས་པ་དབང་པོ་སྔོན་པོ་སྟེ་ཟུར་ཆག་པས་ཨནྡ་རྙིལ་ཞེས་གྲགས་པ་དང༌། ཨ་མི་ཏཱ་བྷ་ཞེས་པ་འོད་དཔག་མེད་དེ་ཟུར་ཆག་པས་ཨ་མི་དེ་ཝ་ཞེས་གྲགས་པ་དང༌། ཨཱཪྻཱ་བ་ལོ་ཀི་ཏེ་ཞེས་པ་འཕགས་པ་སྤྱན་རས་གཟིགས་ཏེ་ཟུར་ཆག་པས་ཨཱརྱ་པ་ལོ་དང༌། པུསྟ་ཀ་གླེགས་བམ་གྱི་སྐད་དོད་ཟུར་ཆག་པས་པོ་ཏི་ཞེས་གྲགས་པ་དང༌། རུ་དྲཱཀྵ་ཞེས་པ་དྲག་པོའི་མིག་ཅེས་པ་ཟུར་ ཆག་པས་རག་ཤ་དང༌། ཀུངྐུ་མ་ཟུར་ཆག་པས་གུར་གུམ་དང༌། གུགྒུ་ལ་ཞེས་པ་གདོན་འཇོམས་ཏེ་ཟུར་ཆག་པས་གུ་གུལ་དང༌། བིམྤ་ཞེས་པ་སྐུ་གཟུགས་ཏེ་ཟུར་ཆག་པས་འབུམ་པ་དང༌། གཉྫི་ར་ཞེས་པ་མཛོད་ལྡན་ཏེ་ཟུར་ཆག་པས་འགན་འཇི་ར་དང༌། ན་གུ་ལ་ཞེས་པ་རིགས་མེད་དེ་ཟུར་ཆག་པས་ནེའུ་ལེ་ཞེས་པ་དང༌། བ་ཏཱ་ཀ་ཞེས་པ་ཟུར་ཆག་པས་བ་དན་དང༌། སཱཙྪ་ཞེས་པ་དམ་པའི་གཟུགས་བརྙན་ཏེ་ཟུར་ཆག་པས་ཚ་ཚ་དང༌། མུཀྟི་ཀ་ཞེས་པ་གྲོལ་བ་ཅན་ཏེ་ཟུར་ཆག་པས་མུ་ཏིག་དང༌། ཀེ་ས་ར་ཞེས་པ་རལ་པ་སྟེ་ཟུར་ཆག་པས་ གེ་སར་དང༌། ས་ཧོ་ར་ཞེས་པ་རྒྱ་གར་གྱི་རྒྱལ་རིགས་ཞིག་གི་མིང་ཟུར་ཆག་པས་ཟ་ཧོར་དང༌། ཀ་ཊོ་ར་སྣོད་ཀྱི་སྐད་དོད་ཟུར་ཆག་པས་ཀ་ཏོ་ར་དང༌། ལ་ཧུ་ཞེས་པ་མྱུར་བའི་སྐད་དོད་ཟུར་ཆག་པས་ལ་མོ་དང་ལ་གོར། མ་ཧཱིཪྵ་ཞེས་པ་སར་ཉལ་གྱི་སྐད་དོད་ཟུར་ ཆག་པས་མ་ཧེ་དང༌། མགྲིན་པའི་སྐད་དོད། གྲཱི་བ་ཞེས་པ་ཟུར་ཆག་པས་གྲེ་བ་དང༌། རྒྱལ་ པོའི་ཞལ་ལ་གསེར་ཞལ་དང༌། བང་ཆེན་ལ་གསེར་ཡིག་པ་དང༌། བཏུང་བ་ལ་གསེར་ སྐྱེམས་སོགས་ནི་རྒྱ་ནག་གི་བརྡར་སྣང་ངོ༌། །བསོད་ནམས་ཆེ་བ་ལ་གནམ་གྱིས་བསྐོས་པ་ཞེས་པ་ནི་བོན་པོའི་བརྡར་སྣང་ངོ༌། །ཆུ་ལ་ཆབ་དང༌། མེ་ལ་ཞུགས་དང༌། རླུང་ལ་སེར་བུ། ས་ལ་དོག་མ། རྡོ་ལ་གོར་མ༌། གནམ་ལ་དགུང༌། གནམ་ལོ་ལ་དགུང་ལོ། བཞུགས་པ་ལ་བཞེངས་པ་དང༌། ཆབ་ཤོག་ཆབ་སྲིད་ཆབ་འབངས་ཆབ་སྒོ་སོགས་ནི་བོད་སྐད་ཉིད་ལ་ཞེ་སར་སྦྱར་བ་ཡིན་ནོ། །དཱ་རི་དྲ། ཕོངས་པ། པཱ་ཀ་ཞེས་པ་ཟུར་བརྒྱད་དེ། ཟུར་ཆག་པས་སྤར་ཁའོ། །ག་ཞ་ནི་བཞད་གད་ཀྱི་སྒྲ། གཉའ་བོ་ནི་དཔང་པོ། ཡ་ལད་ནི་གོ་ཆ་སྤྱི་དང་བྱེ་བྲག་རྨོག་ལ་འཇུག་ པའང་ཡོད་དོ། །གྱུར་ཅིག་གུ་ལྟ་བུའི་གུ་ནི་སྨོན་པའི་ཚིག །གསང་ཁུང་ནི་བཤང་ལམ། ནོད་པ་ནི་ཐོབ་པ། བསྙིལ་བ་ནི་དོར་བའམ་ཕྱིར་བསྐྲད་པ། གཞི་བོ་ནི་གཞི་མ། བསྒོ་བ་རྣར་གཟོན་ནི་བསྒོ་བ་ལ་མི་ཉན་པ། འཆབ་པ་ནི་གསང་བའམ་སྦེད་པ། བཅབས་པ་ནི་སྦས་པ། འཁུ་བ་ནི་ཞེ་སྡང་བ། གྱ་ཚོམ་ནི་མ་བརྟགས་པ། བརྟས་པ་ནི་རྒྱས་པ། ད་ཀོ་ནི་ད་ནི། འདི་ཀོ་ནི་འདི་ནི། ཁྱོ་ཤུག་ནི་གཟའ་ཚོ། མཐར་གྱིས་ནི་རིམ་གྱིས། གྱ་ནོམ་པ་ནི་ཕུན་སུམ་ཚོགས་པ། ཚོམ་ངམ་ནི་འཇིགས་སྟངས། བབ་ཅོལ་ནི་མ་བརྟགས་པ་སྨྲ་བའམ་འཕྲལ་མ། ཡོང་ཡེ་ནི་ངེས་པར་རམ་རྣམ་པ་ཀུན་ཏུ། བས་པ་ནི་ཟད་པའམ་མཐའ་དག་པ། མཐའ་གྲུ་ནི་རྒྱ་ཁྱོན་ནོ། །ཐ་གྲུ་ཀྱང་ཡོད། ཁད་ཀྱིས་ནི་དལ་བུས། ཡོལ་གོ་ནི་སྣོད། བསྙེངས་པ་ནི་འཇིགས་པ། བསྙེམས་པ་ནི་ང་རྒྱལ། སུག་པ་ནི་ལག་པ། ནེམ་ནུར་ནི་ཡིད་གཉིས། རྒྱ་ཅང་ནི་སྐ་རགས། གྱི་ན་ནི་དམན་པའམ་དོན་མེད་པ། ལ་གོར་ནི་མྱུར་བའམ་མགྱོགས་པ། མུར་འདུག་ནི་མུ་སྟེགས། ཅོ་འདྲི་ནི་ཐོ་འཚམ་པ། ཕྱ་ལེ་བ་ནི་མཉམ་པ། མོལ་བ་ནི་གཏམ་མམ་གྲོས། ཉེར་བསྡོགས་ནི་སྟ་གོན། ཉག་ཕྲན་ནི་མདའ། གོར་མ་ཆག་པ་ནི་ཐེ་ཚོམ་མེད་པ། གནམ་རུ་ནི་གཞུ། བཀར་བཏགས་ནི་ཁྲིམས་བསྒྲགས་པ། སྒམ་པ་ནི་ཟབ་པ། བགམ་པ་ནི་ཉམས་སད་པ། མནབས་པ་ནི་གྱོན་པ། ཚར་ཕྱིན་ནི་མཐར་ཕྱིན། དབབ་པ་ནི་འབེབས་པ། གཟས་པ་ནི་བརྩམས་པ་སྟེ། དཔེར་ན་བརྡེག་པ་བརྩམས་པ་ལྟ་བུའོ། །འཛེར་བ་ནི་སྨྲས་པའམ་ཟེར་བ། འཆེལ་བ་ནི་ཞེན་པའམ་འཆང་བ། གླལ་བ་ནི་ཁ་གདངས་བའམ་རྣམ་པར་བསྒྱིངས་བ། བཀླུབས་པ་ནི་གྱོན་པ། གཡེམ་པ་ནི་འདོད་པ། ཆབས་ཅིག་ནི་ལྷན་ཅིག །ཆུབ་པ་ནི་རྟོགས་པ། མཆིལ་བ་ནི་ལྕགས་ཀྱུ། ལྕགས་ཀྱོ་ཡང་ལྕགས་ཀྱུའོ། །ཟང་ཟིང་ནི་ཟས་གོས་སོགས། རུམ་ནི་ལྟོ་བའམ་ཕག །འཕྱོ་བ་ནི་ལྡིང་བ། འགེམས་པ་ནི་འཇོམས་པ་སྟེ། ཆག་སྟེ་དུམ་བུ་སོང་བ་ལའང་འཇུག །དབྲོག་པ་ནི་འཕྲོག་པ། གླེབས་པ་ནི་མནན་པ། རྗེན་པ་ནི་གཅེར་བུའམ་རྐྱང་པ་སྟེ་མདོར་ན་བཅོས་བསྒྱུར་མ་བྱས་པའོ། །རླུགས་པ་ནི་ལུག་པ་སྟེ་ཟས་མ་ཞུ་བ་ཕྱིར་བྱུང་བ། ནོངས་པ་ནི་ཉེས་པ། འཕྱེ་བོ་ནི་ཡན་ལག་མེད་པར་ལྟོ་བས་འགྲོ་བ། སློག་པ་ནི་པགས་པའི་གོས། གསེག་ཤང་དང་གསིལ་བྱེད་ནི་ཁར་གསིལ། གསོང་པོར་སྨྲ་བ་ནི་དྲང་པོར་སྨྲ་བ། དོ་ཀེར་ནི་ཐོར་ཅོག །དཔེ་མཁྱུད་ནི་ཆོས་སྟོན་འོས་པ་ལའང་སྦ་བ། འབེལ་གཏམ་ནི་ཡང་དག་པའི་གཏམ། གཏོལ་མེད་ནི་ཐབས་མེད་པའམ་རྒྱུས་མེད་པ། དཔྱིས་ཕྱིན་པ་ནི་མཐར་ཕྱིན་པ། སྨྱན་ནི་གཉེན། འབགས་པ་ནི་ཉམས་པ། ཤིད་ནི་གཤིན་པོ་ལ་དམིགས་པའི་དགེ་བ་སྒྲུབ་པ། བརྟུན་པ་ནི་གཙོན་པ། སྒོ་འཕར་ནི་སྒོ་གླེགས། སྤྱོས་པ་ནི་བསྡིགས་པའམ་ཁྲོས་པ། གཡེན་སྤྱོ་ནི་ཅོ་འདྲི་བའམ་སྡང་བར་བྱེད་པ། བྱ་མ་རྟ་ནི་བང་ཆེན། བྲོ་འཚལ་བ་ནི་ནད་པ། གཙུག་ལག་ནི་སྡེ་སྣོད། གཞོགས་སྟེགས་ནི་ཟུར་མིག་གམ་སྒེག་ཆོས། ཤུར་བུ་ནི་སྐ་རགས། ལག་གི་བླ་ནི་ལས་དེ་དང་དེ་ལ་བསྐོས་པ། བརླང་པོ་ནི་རྩུབ་མོ། འཐབ་ཀྲོལ་ནི་གནོད་རྒྱུད། གཡར་ནི་ཁའམ་གདོང་ངམ་མདུན། ཧྭགས་ནི་བུ་རམ་གྱི་དྭངས་མའམ་ཤ་ཁ་ར། བརྔན་ནི་མཆོད་པ། བརྒྱད་དཀག་ནི་བཀའ་བཀྱོན། བཟླུགས་པ་ནི་ཞུས་པའམ་དྲིས་པ། སྤྱོན་ནི་འབོད་པའི་བརྡ་ཚུར་ཤོག་ཅེས་པ་སྟེ། བྱོན་ནི་སླེབ་ཟིན་པའི་དོན་ནོ། །སྨག་ནི་མུན་པ། ཡ་མ་བརླ་ནི་སྙིང་པོ་མེད་པའམ་མི་བདེན་པ། སླད་ནི་ཕྱི་སྟེ། དཔེར་ན། སླད་རོལ་ནི་ཕྱི་རོལ། སླད་མ་ནི་ཕྱི་མ། སླད་ནས་ནི་ཕྱི་ནས་སོགས་སོ། །མི་འགོང་ནི་མི་ཞུམ། ཐན་ཀོར་ནི་ཉེ་འཁོར། སྟེས་དབང་ནི་སྟོབས་ཤུགས། གནའ་བོ་ནི་སྔོན། སྣ་བོ་ནི་གཙོ་བོ། སྲོ་གང་ནི་ཁྲུས་དང་བཀུ་མཉེ་དྲིལ་ཕྱི་སོགས་བྱེད་པའི་མིང༌། འདི་ལ་བསྲོ་ཁང་ཞེས་པའང་སྣང་སྟེ་དེ་ལྟར་ན་ཁྲུས་དང་བཀུ་མཉེ་དྲིལ་ཕྱི་སོགས་ཀྱི་སྐབས་མེར་བསྟན་པའི་ཁང་པའོ། །རྨང་ལམ་ནི་རྨི་ལམ། རྔུབ་ནི་ནང་དུ་འཇིབ་པ། ཉུག་རུམ་ནི་རླིག་ཕྱུང་སྟེ་བཙུན་མོའི་འཁོར། གཞའ་ཚོན་ནི་འཇའ་ཚོན། དགོན་དུང་ནི་ཆུ་མེད་པ། ཚ་སྒོ་ཅན་ནི་བ་ཚ་ཅན། རྨོངས་རྟུལ་ནི་བླུན་པོ་སྟེ་མོང་རྟུལ་ཀྱང་ཡོད། མཚུན་ནི་ལྷའམ་ཕ་མེས། འཆེས་པ་ནི་ཁས་ལེན་པ། ཕྱང་ཕྲུལ་ནི་རྒྱན་ནམ་སྤུད་པ། དབུ་རྨོག་ནི་དབུ་འཕང༌། ཡིད་སྨོན་ནི་ཡིད་དགའ། གཉི་གཟེར་ནི་ཉི་ཟེར། རྙོང་བ་ནི་བརྐྱང་བ། འབྱེར་བ་ནི་འགྲོ་བ། འདྲིད་པ་ནི་བསླུ་བ། གཟོད་མ་ནི་དང་པོ། རིལ་ནི་ཐམས་ཅད། གཟེབ་ནི་གུར། ཀློང་དུ་གྱུར་པ་ནི་ཁོང་དུ་ཆུད་པ། མི་བཟད་པ་ནི་དྲག་པོ་དང་དྲག་ཤུལ་དང་མི་སྡུག་པ། གཅམ་བུ་ནི་བཅོས་མ། བརྐམ་པ་ནི་འདོད་ཞེན། གཞིབ་པ་ནི་འཇིབ་པ། དོང་སྟེ་ནི་སོང་སྟེ། འདོང་བ་ནི་འགྲོ་བ། དཔེན་པ་ནི་ཡིད་དུ་འོང་བ། སྔར་མཁོ་ནི་སྔར་བཞིན། ནོག་ནི་བ་ལང་གི་སོག་པའི་སྟེང་གི་འབུར་པོ། ལྐོག་ཤལ་ནི་བ་གླང་གི་ལྐོག་མའི་པགས་པ་འཕྱང་བ། ལྡེམ་པོ་ནི་དྲང་པོ་མིན་པ། རངས་པ་ནི་དགའ་བ། འཕན་པ་ནི་ཆག་པའམ་ཉམས་པ། འབོག་པ་ནི་རྒྱལ་བ། བང་སོ་ནི་དུར་གྱི་གནས། འོན་ཏང་ནི་འོན་ཀྱང༌། འོར་བ་ནི་བོར་བ་སྟེ་སྤྱོད་འཇུག་ལས། འཇིགས་པ་བོར་ལ་རིངས་པར་ཚུར་ཤོག ། བུས་པ་ནི་བྱིས་པ། འཇེབས་པ་ནི་ལེགས་པའམ་སྙན་པ། ནན་ཏུར་ནི་ཆད་ལས། གཤོར་བ་ནི་རྩུབ་པ། འཕྱན་པ་ནི་འཁྱམས་པ། ཀླག་ཅོར་ཅ་ཅོ། པར་ཏང་དང༌། དྲེའུ་རྡོག་ནི་སྟན་ཁྲ་བོ། མ་ལ་ནི་ཀྱེ་མའམ་ཀྱི་ཧུད། མདུན་ནས་བདར་ནི་མདུན་ནས་བསྒྲིགས་པའོ། །ལྡོངས་པ་ནི་ལོང་བ། དམིགས་བུ་ནི་ལོང་ཁྲིད། མོད་མི་དམའ་བ་ནི་དཔངས་མཐོ་བའམ་ཕྲ་མོ་མ་ཡིན་པ། སྐྱང་ནུལ་ནི་ཞལ་བ། འཛེར་ཏོ་ནི་ཟེར་རོ། །ཚང་མང་ནི་ཐབ་ཚང༌། བཤུལ་ནི་ལམ། སྤྱན་པ་ནི་བྱ་ར་བ། བཀང་ས་ནི་འདུག་པ། སྐྱེས་ཕྲན་ནི་དར་ལ་བབ་པ། ཆན་པ་ནི་སྐྲ་གྲི། སྐྱོ་སྡོགས་ནི་འཁྲུག་ལོང༌། ནོད་པ་ནི་ལེན་པའམ་ཐོབ་པ། བརྙན་པ་ནི་གཡར་བ། ཡུ་བུ་དང༌། འུ་བུ་ནི་རང་རེའམ་བདག་ཅག །འཁོབ་པ་ནི་ངན་པ། རྫི་ནི་རླུང༌། འཁྲུན་རིང་ནི་དཀྱུས་རིང༌། མནགས་པ་བཟོད་པའམ་བསྲན་པ། འཁམས་པ་ནི་བརྒྱལ་བ། གཡར་དམ་ནི་དམ་བཅའ། གཡར་ལམ་ནི་མདུན། མི་ངས་ནི་རིམས་ནད། རྩེན་པ་ནི་བརྩེ་བའམ་རོལ་པ། བླ་གབ་ནི་སྟེང་གཡོགས། མཐོལ་བ་ནི་སྨྲ་བའམ། མི་སྦད་པ། གཤོས་པ་ནི་འཁྲིག་པ། རེག་ཟིག་ནི་ཟིན་བྲིས། ཇ་ཧོང་ནི་བཙད་མདོག །ཀ་ཅ་ནི་ནོར་གྱི་སྤྱི་མིང༌། དཀྱེལ་ཆེ་བ་ནི་ཁོང་ཡངས་པ། བཀྲབས་པ་ནི་མང་པོའི་ནང་ནས་འདམས་ པ། བསྐྲུན་པ་ནི་བསྐྱེད་པའམ་བཙུགས་པ། བསྒྲུན་པ་ནི་འགྲན་པ། གཅོམ་བསྐྱུངས་ནི་འཇིགས་ནས་སྐད་ཆུང་ངུར་སྨྲ་བའམ་ཁ་རོག་འདུག་པ། འཇུངས་པ་ནི་ཞན་ཆགས་ཆེ་བ། ལག་ཉ་ནི་བྱིན་ལེན་མ་བྱས་པར་ལེན་པ། ཉེ་རེག་ནི་ཁྲུས། ཤ་འཁོན་ནི་འཁོན། ཕྱག་བརྙན་ནི་འཁོར་གཡོག །བལྟམས་པ་ནི་འཁྲུངས་པའམ་སྐྱེས་པ། རྟུལ་ཕོད་པ་ནི་སྙིང་སྟོབས་ཆེ་བ། བརྟུལ་ཞུགས་ཀྱི་བརྟུལ་བ་ནི་བརྡ་རྙིང་སྟེ་ གསར་བཅད་ལ་བསྡུས་པའོ། །དཔེར་ན། ཤ་མི་ཟ་བའི་བརྟུལ་ཞུགས་ནི། ཤ་ཟ་བའི་སྤྱོད་པ་བསྡུས་ནས། མི་ཟ་བའི་སྤྱོད་པ་ལ་ཞུགས་པའོ། ། དགུང་ནི་གནམ། གདུགས་ནི་ཉི་མའམ་ཉིན་པར། ཁོ་ལག་ནི་ཞིང་ངམ་སྦོམས། བདའ་བ་ནི་ཞིམ་པ། མནག་དཀའ་ནི་སྲན་དཀའ་བ། མནོག་ཆུང་ནི་ཁེ་ཆུང་བ། བྱུག་རིས་ནི་གྲལ། ནང་བྱན་ནི་གཡོག །རྩེ་རྒོད་ནི་ལྷ་འབངས། འཚག་ནི་ཤ་ཉམས། གཞེས་པ་ནི་སྡོད་པའམ་བཞུགས་པ། བསྐལ་པ་ནི་བར་ཆོད་པའམ་རྒྱང་རིང་བ། འཁུམས་པ་ནི་ཐོས་པའམ་ཤེས་པ། གཞིབས་པ་ནི་འཇིབ་པ། བཤུང་བ་ནི་ཤུས་བུས་སྨོད་པ། སྐྱོ་མ་ནི་ཕྲ་མ། ཤོ་གམ་ནི་ཡུལ་གྱི་ཁྲལ། དོན་མཐུན་ནི་ཚང་བ། མགྲོན་པོའང་དེ་ཉིད་དོ། །སྟ་ཟུར་ནི་དཔྱི་མགོ། དངགས་ནི་ངག །ཀླད་ནི་གོང་ངམ་སྟེང༌། དབྱིག་ནི་ནོར། བརྗེད་པ་དང་རིམ་གྲོ་དང་བཙུན་པར་བྱ་བ་ནི་བཀུར་སྟི་དང་མཆོད་པའི་མིང་གི་རྣམ་གྲངས། ག་གོན་དང༌། ཚོན་མོ་སྟེང་ནི་ཞ་ཉེ། རོ་ཉེ་ནི་ཞ་ཉེ་ནག་པོ། ཉེ་ཞོ་མེད་པ་ནི་ལེགས་པའམ་སྐྱོན་མེད་པའམ་བཀྲ་ཤིས་པ་སོགས། རྒྱ་ཅང་ནི་སྐེ་རགས་སྦུབ་ཅན། ཤུར་བུ་ནི་སྐེ་རགས་རིང་པོ། ཤུར་བུ་ཕྲའུ་ནི་སྐེ་རགས་ཐུང་ངུ༌། ལྕག་པོད་ནི་ཆབ་མགོ་ཅན་གྱི་སྐེ་རགས། གདོས་བུ་བཙུག་ཞེས་པ་ནི་གྲུ་རྫིང་གི་ཕྱར་དར་རམ་རླུང་གཡོར། དེས་པ་ནི་ངང་རྒྱུད་བཟང་བའམ་མི་གཞི་བཟང་བ། ནོད་པ་ནི་ཐོབ་པ། བཀྲི་བ་ནི་གོ་རིམ་བཞིན་འཁྲིད་པ། ཕྱི་རོལ་མུ་སྟེགས་ཟིལ་གྱིས་གནོན་པས་ན་བླ་མ་པ། ཉན་རང་ཟིལ་གྱིས་གནོན་པས་ན་བླ་ན་མེད་ཡང་ན། ཉོན་སྒྲིབ་སྤངས་པས་ན་བླ་མ། ཤེས་སྒྲིབ་སྤངས་པས་བླ་ན་མེད་པ་ཞེས་ས་སྡོ་ནས་བཤད་དོ། །འོན་ཅིག་ཅེས་པ་ཚུར་ང་ལ་ཕྲོད་ཅེས་པའམ་ ཁྱེར་ཤོག །དགོན་དུང་ནི་ཆུ་མེད་པའི་ས་ཕྱོགས། གྱོས་བོ་ནི་ཁྱིམ་དེའི་ཕ་རྒན། སྒྱུག་མོ་ནི་ཁྱིམ་དེའི་མ་རྒན། མཆིས་འབྲང་ནི་ཆུང་མ། སྐུད་པོ་ནི་མནའ་མའི་སྤུན། རིགས་རུས་ནི་ཕ་ཕྱོགས་ཀྱི་གཉེན། ཆོ་འབྲང་ནི་མའི་ཕྱོགས་ཀྱི་གཉེན། ཆབ་ཤོག་ནི་བཀའ་ཤོག །བྱུང་རྒྱལ་དུ་སྨྲ་བ་ནི་གྱ་ཚོམ་དུ་སྨྲ་བ། མ་བརྟག་པར་སྨྲ་བ། བབ་བཅོལ་དུ་སྨྲ་བ། མུ་ཅོར་སྨྲ་བ། བླ་རྡོལ་དུ་སྨྲ་བ། ཟུ་ལུམ་དུ་སྨྲ་བ། རང་བཟོར་སྨྲ་བ། མུན་སྤྲུལ་དུ་སྨྲ་བ། གང་དྲན་དྲན་དུ་སྨྲ་བ་སྟེ་བཅུ་པོ་ཕལ་ཆེར་འདྲ། ཐེ་ཚོམ། ཡིད་གཉིས། ནེམ་ནུར། འཕྱང་མོ་ཉུག ། སོམ་ཉི། སོམ་ཉིའི་དྲ་བ། མཐའ་གཉིས་སུ་དོགས་པ་རྣམས་ཐེ་ཚོམ་གྱི་མིང་གི་རྣམ་གྲངས། བསྒོ་བ་རྣ་ལ་བཟོན་པ་ནི་བསྒོ་བ་མི་ཉན་པ། དྲི་བ་རྣ་ལ་བཟོན་པ་ནི་དྲི་བ་དངོས་སུ་མི་བཤད་པ། གཅན་ཅེས་པ་སྡེར་ཆགས་སམ་རྔོན་པ་དང༌། གཟན་ཅེས་པ་ཤ་ཁྲག་གི་གཟན་ཚོལ་བ་འཇུག་གོ། །ལྡོང་རུས་ནི་རྡོ་དམར་སེར་ལི་ཁྲིའི་མདོག་ ཅན་མུ་ཟིའི་དྲི་ལས་ཁྱད་པར་དྲི་ངན་མནམ་པའོ། །རོ་ནུས་སོགས་དང་མེར་བསྲེག་ན་ དུད་པ་སེར་པོ་བཅས་ཞུ་བ་རྣམས་བ་བླ་དང་ འདྲ་ཡང་ངོ་བོ་ཐ་དད་ཡིན་ནོ། ། ༈ དངོས་པོ་རྣམས་རང་བཞིན་མེད་པ་སོབ་སོབ་པོ་ལྟར་བརྟན་པ་མེད་པས་གསོག་དང༌། སེང་གེ་ལ་སོགས་པ་ལྟར་བཅོས་པའི་གཟུགས་བརྙན་ལྟ་བུ་གསོབ་དང༌། རང་སྐྱ་མི་ཕེར་བར་གཞན་ལ་ལྟོས་པ་གྱ་གྱུ་ཡིད་གཏད་མི་ཕར་བས་ན་ཡ་མ་བརླ་ཞེས་སོགས་དོན་དུ་བརྫུན་པའི་ཚིག་གི་རྣམ་གྲངསསོ། ། པཱ་ཀ་ནི་རྒྱ་ནག་གི་སྐད་དེ་བོད་སྐད་ལ་ཕྱག་རྒྱའམ་མཚན་མ་ཟེར། སྤོབས་པའི་གཏེར་ཆེན་པོ་བརྒྱད་ནི། མདོ་རྒྱ་ཆེར་རོལ་པ་ལས་བརྗོད་པ་མེད་པ་དྲན་པའི་གཏེར་དང༌། བློ་གྲོས་རབ་ཏུ་འབྱེད་པས་བློ་གྲོས་ཀྱི་གཏེར་དང༌། མདོ་སྡེ་ཐམས་ཅད་ཀྱི་རྣམ་པ་ཁོང་དུ་ཆུད་པས་རྟོགས་པའི་གཏེར་དང༌། ཐོས་པ་ཐམས་ཅད་ཀུན་ཏུ་འཛིན་པས་གཟུངས་ཀྱི་གཏེར་དང༌། ལེགས་པར་བཤད་པས་སེམས་ཅན་ཐམས་ ཅད་ཚིམ་པར་བྱེད་པས་སྤོབས་པའི་གཏེར་དང༌། དམ་པའི་ཆོས་ཡོངས་སུ་བསྲུང་བས་ ཆོས་ཀྱི་གཏེར་དང༌། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པས་བྱང་ཆུབ་སེམས་ཀྱི་གཏེར་དང༌། མི་སྐྱེ་བའི་ཆོས་ལ་གྲུབ་པ་ཐོབ་པས་སྒྲུབ་པའི་གཏེར་ཏེ་བརྒྱད་དོ། །པུ་ར་ཀ་ནི་ས་བོན་གྱིས་གང་བ་ཅན་ཞེས་པ་སྟེ། ཤིང་ཏོག་སེར་པོ་སྙམ་པ་ཁ་སྦྱར་ཙམ་རོ་བཅུད་ཕུན་སུམ་ཚོགས་པ་ཞིག་གོ་ཞེས་འཇམ་དབྱངས་མཁྱེན་བརྩེའི་གསུངས་སོ། །ཤིང་ཐོག་བི་ཛ་པུ་ར་ཀ་ནི་སེ་འབྲུ་ཡིན་པར་དུས་འཁོར་མཆན་བུ་ལས་བཤད། ཤིང་ཐོག་བིལྦ་ནི་ཤིན་ཏུ་དྭངས་པས་གཟུགས་བརྙན་ཤར་བའི་འབྲས་བུའོ། །བིལྦ་ལྟར་དམར་པོ་ཞེས་པ་ནི་རྒྱ་སྐྱེགས་མེ་ཏོག་ལ་ཤོང་བློ་གྲོས་བསྟན་པས་བཤད། མེ་ཏོག་ཀ་ར་བི་ར་ནི་ཤོག་བུ་བཟོ་རྒྱུའི་རེ་ཅག་མེ་ཏོག་གོ། །ནགས་ཚལ་ནི་མིས་མ་བསྐྱེད་པ། སྐྱེད་ཚལ་ནི་མིས་བསྐྱེད་པའི་ཤིང་སྣ་ཚོགས་སོ། །ལེའུ། ཆོ་ག །སརྒ །སྐབས། རབ་ བྱེད། རབ་ཕྱེད། རྟོག་པ། དུམ་བུ། འདུས་ པ། རྟག་པ། རབ་ཏུ་བརྟག་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །ཚིག་འབྲུ་མི་འཁྲུགས་པ་ཚག་གི་རྒྱ། ཚིག་རྐང་མི་འཁྲུགས་པ་ཤད་ཀྱི་རྒྱ། ཚིག་དོན་མི་འཁྲུགས་པ་ལེའུའི་རྒྱ། ཤོ་ལོ་ཀ་མི་འཁྲུགས་པ་བམ་པོའི་རྒྱ། བརྡ་དཀྲོལ་འདི་ཉིད་ཅུང་ཚང་མེད་པར་འདྲ།