བརྡ་ཆད་ཚད་ལྡན་ཅན་

ཡོང་ཁུངས་Wikipedia

བརྡ་ཆད་ཚད་ལྡན་ཅན་ཞེས་པའང་བརྡ་ཆད་རྣམས་བྲིས་གཟུགས་གཅིག་གྱུར་ཙམ་མ་ཡིན་པར་ཐ་ན་སྒྲ་གདངས་ཀློག་ཚུལ་དང་བཅས་པ་གཅིག་མཐུན་ཡིན་དགོས། དེང་དུས་མང་པོ་ཞིག་གིས་བརྡ་ཆད་ཚད་ལྡན་ཅན་ཞེས་རྒྱུན་དུ་གླེང་བ་ནའང་། བརྡ་ཆད་ཚད་ལྡན་ཅན་དུ་གཏོང་བའི་རྩ་དོན་དང་འགྲོས་རིམ། དེར་འཛོམ་དགོས་པའི་ཆ་རྐྱེན། རིམ་པ་དང་དམིགས་ཡུལ་སོགས་ལ་རྒྱུས་ལོན་ཡོད་པ་ཤིན་ཏུ་ཉུང་། མི་རིགས་ཤིག་གི་སྐད་དང་ཡི་གེ་འཕེལ་རྒྱས་འབྱུང་དགོས་ན་ངེས་པར་དུ་དེའི་རྨང་གཞིར་གྱུར་བའི་བརྡ་ཆད་རྣམས་ཚད་ལྡན་དུ་གཏོང་རྒྱུ་ནི་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཡིན་པ་དང་། ལྷག་ཏུ་ཆ་འཕྲིན་དུས་རབས་འདིར་མཚོན་ན་དེ་བས་ཀྱང་གལ་ཆེའོ།།

བརྡ་ཆད་ཚད་ལྡན་ཅན་གྱི་གོ་དོན་དང་གནས་བབ[རྩོམ་སྒྲིག]

བརྡ་ཆད་ཚད་ལྡན་ཅན་ཞེས་པའང་བརྡ་ཆད་རྣམས་བྲིས་གཟུགས་གཅིག་གྱུར་ཙམ་མ་ཡིན་པར་ཐ་ན་སྒྲ་གདངས་ཀློག་ཚུལ་དང་བཅས་པ་གཅིག་མཐུན་ཡིན་དགོས། དེང་དུས་མང་པོ་ཞིག་གིས་བརྡ་ཆད་ཚད་ལྡན་ཅན་ཞེས་རྒྱུན་དུ་གླེང་བ་ནའང་། བརྡ་ཆད་ཚད་ལྡན་ཅན་དུ་གཏོང་བའི་རྩ་དོན་དང་འགྲོས་རིམ། དེར་འཛོམ་དགོས་པའི་ཆ་རྐྱེན། རིམ་པ་དང་དམིགས་ཡུལ་སོགས་ལ་རྒྱུས་ལོན་ཡོད་པ་ཤིན་ཏུ་ཉུང་། མི་རིགས་ཤིག་གི་སྐད་དང་ཡི་གེ་འཕེལ་རྒྱས་འབྱུང་དགོས་ན་ངེས་པར་དུ་དེའི་རྨང་གཞིར་གྱུར་བའི་བརྡ་ཆད་རྣམས་ཚད་ལྡན་དུ་གཏོང་རྒྱུ་ནི་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཡིན་པ་དང་། ལྷག་ཏུ་ཆ་འཕྲིན་དུས་རབས་འདིར་མཚོན་ན་དེ་བས་ཀྱང་གལ་ཆེའོ།།

སྤྱིར་འཛམ་གླིང་གི་ཁྱབ་ཁོངས་ནས་བཤད་ན། ཚད་ལྡན་ཅན་ལ་དུས་ཀྱི་ཆ་ནས་གནའ་རབས་ཚད་ལྡན་ཅན་དང་དེང་རབས་ཚད་ལྡན་ཅན་གཉིས་ཏེ། བཟོ་ལས་གསར་བརྗེའི་སྔོན་གྱི་ཚད་ལྡན་ཅན་ལ་གནའ་རབས་ཚད་ལྡན་ཅན་དང་དེའི་ཕྱིས་ཀྱི་ཚད་ལྡན་ཅན་ལ་དེང་རབས་ཚད་ལྡན་ཅན་ཟེར། བསྐྱར་ལས་རང་བཞིན་ལྡན་པའི་དངོས་པོ་དང་དོན་སྤྱིར་དམིགས་ཏེ་ཆེད་དུ་བཅོས་པའི་གཅིག་གྱུར་གྱི་རྩ་དོན་ཞིག་ལ་ཚད་ལྡན་ཟེར་ཞིང་། ཚད་དང་ལྡན་པ་དེའང་ཚན་རིག་དང་ལག་རྩལ། དངོས་ཡོད་ཉམས་མྱོང་སོགས་ལས་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་སྟེང་འབྲེལ་ཡོད་སྡེ་ཁག་དང་གྲོས་མོལ་བརྒྱུད་དེ་གཅིག་མཐུན་བྱུང་རྗེས། ཁྱབ་བསྒྲགས་བྱས་ན་ཐུན་མོང་གིས་བརྩི་སྲུང་བྱ་བའི་རྩ་དོན་ཁུངས་ཐུབ་བྱེད་པ་ཞིག་ལ་ཚད་ལྡན་ཅན་ཞེས་བརྗོད། བརྡ་ཆད་ཚད་ལྡན་ཅན་གཉིས་ཀྱང་མི་འདྲ་སྟེ།སྔ་མ་ནི་ཚད་ལྡན་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་ཚད་གཞི་ཅན་གྱི་བརྡ་ཆད་མ་ལག་ལ་གོ་བ་དང་། ཕྱི་མ་ནི་དབང་གྲགས་ལྡན་པའི་སྡེ་ཁག་གིས་ཚད་དང་ལྡན་པའི་བརྡ་ཆད་གཏན་ཁེལ་དང་ཁྱབ་བསྒྲགས་བྱས་ཏེ་ལག་ཏུ་བསྟར་བའི་བྱ་འགུལ་ཞིག་ལ་གོ་དགོས། བརྡ་ཆད་ཚད་ལྡན་དུ་གཏོང་དགོས་ན་ཐོག་མར་བརྡ་ཆད་རིག་པའི་གཞུང་ལུགས་གཞིར་བཟུང་ནས་བརྡ་ཆད་གཏན་ཁེལ་བྱེད་པའི་ཚད་ལྡན་གྱི་རྩ་དོན་དང་བྱེད་ཐབས་གཏན་ལ་ཕབ་པ་ལ་བརྟེན་ནས། དོན་སྤྱི་གང་རུང་ལས་མཚན་ཉིད་རྩ་དོན་དང་བྱེད་ཐབས་གཏན་ལ་ཕབ་པ་ལ་བརྟེན་ནས། དོན་སྤྱི་གང་རུང་ལས་མཚན་ཉིད་འགོད་པ་དང་། དེ་ལས་གྲུབ་མིང་ཐོབ་པའི་རྩ་བའི་བརྒྱུད་རིམ་དང་མཐུན་ལ། སྐད་རིགས་གཅིག་དང་མ་མཐའ་ཡང་ཆེད་ལས་ཁྱབ་ཁོངས་གཅིག་གི་ནང་བརྡ་ཆད་རེར་དོན་སྤྱི་གཅིག་རེ་མ་གཏོགས་ཡོད་མི་ཆོག་པའི་དོན་རྐྱང་རང་བཞིན་གྱི་རྩ་དོན་དང་མི་འགལ་བའི་ཆ་རྐྱེན་འོག གང་གཏན་ཁེལ་བྱས་པའི་བརྡ་ཆད་དེས་དོན་སྤྱི་མཚོན་ཐུབ་ཅིང་བསྡུས་ཤིང་གསལ་བའི་ཁྱད་ཆོས་ལྡན་པ། བརྡ་ཆད་གཞན་འགྲུབ་བྱེད་ཀྱི་ནུས་པ་དང་ལྡན་པ་ཞིག་ཡིན་དགོས། དེང་དུས་བརྡ་ཆད་ཚད་ལྡན་དུ་གཏོང་ཚུལ་ལ་རིགས་གསུམ་ཡོད་དེ། བརྡ་ཆད་ཀྱི་དཀར་ཆག་དང་དེའི་མཚན་ཉིད་དུ་གཏོང་ཚུལ་ལ་རིགས་གསུམ་ཡོད་དེ། བརྡ་ཆད་ཀྱི་དཀར་ཆག་དང་དེའི་མཚན་ཉིད་དམ་ཡི་གེའི་གསལ་བཤད་བཅས་ལྡན་པའི་ཚད་ལྡན་དང་། བརྡ་ཆད་དཀར་ཆག་དང་རི་མོ་ཁོ་ནས་མེད་པའི་བརྡ་ཆད་ཚད་ལྡན་ཅན་བཅས་སོ།། དེ་རྣམས་གཏན་ལ་འབེབས་ཕྱོགས་ཆེད་ལས་ཁག་གཉིས་སུ་བསྡུ་ཆོག་སྟེ། ཆེད་ལས་གསར་བའི་ཁྱབ་ཁོངས་ཀྱི་བརྡ་ཆད་གཏན་ཁེལ་བྱེད་པ་དང་། ཆེད་ལས་གསར་བའི་ཁྱབ་ཁོངས་ཀྱི་བརྡ་ཆད་གཏན་ཁེལ་བྱེད་པ་དང་། ཆེད་ལས་རྙིང་བའི་ཁྱབ་ཁོངས་སུ་གཏན་ཁེལ་བྱས་པའི་བརྡ་ཆད་འབྲེལ་མཐུན་བྱེད་པའོ།།

དེང་དུས་སྔོན་ཐོན་གྱི་རྒྱལ་ཁབ་མང་པོ་ཞིག་གིས་གསར་བྱུང་གི་བརྡ་ཆད་ལ་ཞིབ་འཇུག་བྱ་བའི་ལས་དང་དུ་བླངས་པ་བརྒྱུད་ནས། བརྡ་ཆད་རིག་པ་ཞེས་རིག་གཞུང་གསར་བ་ཞིག་གསར་དུ་བཏོན་ཞིང་། རིག་གཞུང་དེར་བརྟེན་ནས་བརྡ་ཆད་ཚད་ལྡན་རྣམས་ཚད་ལྡན་དུ་བཏོན་ཞིང་། རིག་གཞུང་དེར་བརྟེན་ནས་བརྡ་ཆད་ཚད་ལྡན་དུ་གཏོང་བའི་ཐབས་ལམ་དང་རྩ་དོན་གཏན་ལ་ཕབ་སྟེ། རིག་ཚན་སོ་སོའི་བརྡ་ཆད་རྣམས་ཚད་ལྡན་དུ་བཏང་དང་གཏོང་བཞིན་མཆིས་པས། འཛམ་གླིང་ཁྱབ་ཁོངས་སུ་ཚན་རྩལ་དང་དཔལ་འབྱོར། རིག་གནས་བཅས་ཀྱི་འབྲེལ་འདྲིས་ཁྲོད་བྱེད་ནུས་བླ་མེད་ཐོན་བཞིན་ཡོད། ཡིན་ཡང་བོད་མི་རིགས་ལ་མཚོན་ན་བཙན་པོའི་དུས་སྐབས་ནས་ནང་བསྟན་ཕྱོགས་ཀྱི་བརྡ་ཆད་གང་མང་ཞིག་གཏན་ཁེལ་དང་ཚད་ལྡན་དུ་བཏང་བའི་སྲོལ་རྒྱུན་ཡོད་མོད། ཕྱིས་སུ་རིམ་གྱིས་ལོ་ཙཱའི་བྱ་བ་ཕྱོགས་ཡོངས་ནས་ཉམས་རྒུད་དུ་སོང་བ་དང་། ལྷག་ཏུ་ད་ལྟ་བོད་ཁུལ་གྱི་ཚན་རྩལ་འཕེལ་ཁ་ཧ་ཅང་དབལ་བ་དང་། ལོ་ཙཱ་གཉེར་མཁན་རྣམས་ཀྱིས་ཀྱང་ཚན་རྩལ་ལོ་ཙཱ་ལ་དོ་སྣང་ཆེན་པོ་བྱེད་མ་ཐུབ། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ཡས་མས་ཙམ་ནས་བཟུང་བོད་ཡིག་ཁྲོད་ཀྱི་བརྡ་ཆད་རྣམས་གཏན་ཁེལ་དང་ཚད་ལྡན་དུ་གཏོང་བའི་ལས་ཀ་གཉེར་མོད། ད་ལྟའི་བར་དུ་བླངས་པའི་འབྲས་བུ་ནི་རྒྱལ་ཕྱིའི་སྔོན་ཐོན་མི་རིགས་དང་བསྡུར་ན་གནམ་སའི་ཁྱད་པར་ཡོད་ལ། རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་དག་ལ་བསྡུར་ནའང་བར་ཁྱད་ཤིན་ཏུ་ཆེ། མདོར་ན། བརྡ་ཆད་ཚད་ལྡན་དུ་གཏོང་བའི་རྩ་དོན་དང་ཐབས་ལམ། རིག་ཚན་སོ་སོའི་བརྡ་ཆད་གཏན་ལ་ཕབ་པ། བརྡ་ཆད་ལ་ཞིབ་འཇུག་བགྱིས་པ་སོགས་ཕྱོགས་གང་ཐད་ནས་ཅུང་རྗེས་ལུས་ཡིན།

བརྡ་ཆད་ཚད་ལྡན་མིན་པ་ལས་ལོ་ཙཱར་ཐེབས་པའི་ཤུགས་རྐྱེན[རྩོམ་སྒྲིག]

སྤྱིར་ཤེས་བྱ་རིག་པའི་གནས་གང་ཞིག་ནང་འདྲེན་བྱེད་དུས་ཀྱང་དེ་དང་འབྲེལ་བའི་བརྡ་ཆད་རྣམས་སྔོན་ལ་གཏན་དུ་ཕབ་རྒྱུ་ནི་ཤུན་ཏུ་གལ་ཆེ། དེ་ཡང་བསྒྱུར་བྱའི་བརྡ་ཆད་གང་ཞིག་གཅིག་གྱུར་ཡིན་ན་ཚན་ལྡན་ཡིན་པས་མ་ཁྱབ་ལ། ཚན་ལྡན་ཡིན་ན་གཅིག་གྱུར་ཡིན་པས་མ་ཁྱབ་པ་ཡིན། ང་ཚོས་རྒྱུན་དུ་བརྡ་ཆད་གཅིག་གྱུར་ཡིན་དགོས་པར་གླེང་བའང་དོན་དམ་པར་ཚད་གཞི་ཅན་དང་ཚད་ལྡན་ཅན་ཁ་ཕྱོགས་པ་དེར་དམིགས་པ་ཡིན། འོ་ན་བརྡ་ཆད་ཚད་ལྡན་མིན་པ་ལས་ལོ་ཙཱར་སྐྱོན་ཇི་ལྟར་ཐེབས་ཞེ་ན། འདིར་ཡང་སྤྱིར་བཏང་དུ་ཕྱོགས་གཉིས་ཙམ་སྣང་སྟེ། གཅིག་ནི་སྒྱུར་བྱའི་མ་ཡིག་གི་བརྡ་ཆད་རྣམས་ཚད་ལྡན་མིན་པ་ལས་ལོ་ཙཱའི་བྱ་བར་ཐེབས་པའི་སྐྱོན་ཡིན། མིག་སྔར་ང་ཚོ་བོད་ཀྱི་བརྡ་ཆད་གསར་བ་རྣམས་ཀྱི་ཁུངས་གཙོ་བོ་རྒྱ་ཡིག་ཡིན་པ་དང་། རྒྱ་ཡིག་གི་བརྡ་ཆད་ཀྱི་ཁུངས་གཙོ་བོ་ནི་དབྱིན་ཡིག་ཡིན། དེས་ན་བོད་ཡིག་ལ་སུམ་འགྱུར་གྱི་སྒོ་ནས་གཏན་ལ་ཕབ་བཞིན་ཡོད་པས་གོ་རིམ་འགའ་བརྒྱུད་ནས་ཐོན་པ་ཡིན། བརྡ་ཆད་མང་པོ་ཞིག་རྒྱ་ཡིག་ཁྲོད་ཡུན་རིང་ལ་གཅིག་གྱུར་བྱེད་མ་ནུས་པ་དེས་བོད་ཀྱི་འགྱུར་ལའང་ཤན་ཤུགས་མི་ཉུང་བ་ཞིག་ཐེབས་བཞིན་ཡོད། ལྷག་པར་དུ་རྒྱ་སྐད་རང་སྟེང་ནས་སྒྲ་གདངས་ཇི་བཞིན་འགོད་པའི་ནུས་པ་ཅུང་ཞས་པས་སྒྲ་ཇི་བཞིན་སོར་འཇོག་བྱེད་མི་ནུས། བཙན་གྱིས་སྒྲ་བསྒྱུར་བའི་བརྡ་ཆད་མང་པོ་ཞིག་མ་སྐད་ལས་རིང་དུ་གྱེས་ཡོད། དེ་ལྟ་བུའི་སྒྲ་དེ་བོད་སྐད་དུ་ཡང་བསྐྱར་སྒྲ་ཇི་བཞིན་བསྒྱུར་ཚེ་མ་སྐད་དང་རྒྱང་ཐག་ལྷག་ཏུ་གྱེས་འགྲོ་བ་ནི་དཔེར་ན་མི་མིང་དང་ས་མིང་། རྒྱལ་ཁབ་ཀྱི་མིང་སོགས་བསྒྱུར་བ་ལས་རྟོགས་སླའོ།། གཉིས་པ་ནི་བོད་རང་གི་བརྡ་ཆད་ཚད་ལྡན་མིན་པས་ལོ་ཙཱའི་བྱ་བར་ཤན་ཤུགས་ཆེན་པོ་ཐེབས་པའི་སྐྱོན་ཡིན། ཆེད་ལས་ཀྱི་བརྡ་ཆད་བསྒྱུར་བ་དེ་སྤྱིར་བཏང་བའི་ཐ་སྙད་སྒྱུར་སྟངས་དང་མི་འདྲ་བ་སྟེ། དེ་ཡང་ཐོག་མར་གང་བསྒྱུར་བ་དེ་དོན་རྐྱང་རང་བཞིན་དང་ཚན་རིག་རང་བཞིན་སོགས་ཀྱི་རྩ་དོན་དང་མཐུན་མིན་དང་། བསྒྱུར་བྱ་གང་དེའི་དོན་སྤྱི་ཇི་བཞིན་མཚོན་ཡོད་མེད་སོགས་ལ་ལེགས་པར་གཞིགས་ཏེ་གཅིག་གྱུར་དང་ཚད་ལྡན་ཕྱོགས་སུ་བསྟུན་ཅི་ནུས་བྱ་དགོས། དེ་ལྟར་མིན་པར་ལོ་ཙཱ་བ་སོ་སོས་རང་གི་འདོད་མོས་ལྟར་སྐབས་བསྟུན་གྱིས་བསྒྱུར་ན། བསྒྱུར་བྱ་གཅིག་ལ་བརྡ་ཆད་མང་དུ་བྱུང་ནས་གང་ཞིག་གཞིར་འཛིན་པའང་མི་ཤེས་པའི་གནས་སུ་འགྱུར། བོད་དུ་རང་བྱུང་ཚན་རིག་གི་བསླབ་བྱའི་སྐོར་ནི་རྒྱ་ཡིག་སྟེང་ནས་འཁྲིད་ན་ལེགས་ཞེས་འབོལ་སྐུལ་གཏོང་བའང་མཐར་གཏུགས་ན་བརྡ་ཆད་ཚད་ལྡན་མིན་པས་ལན་པ་དང་། བོད་ཀྱི་སྤྱི་ཚོགས་སུ་བོད་སྐད་བཀོལ་སྤྱོད་བྱེད་པར་ཡང་ངན་ཤན་ཚབས་ཆེན་ཐེབས་བཞིན་ཡོད།

བརྡ་ཆད་ཚད་ལྡན་དང་ལོ་ཙཱའི་འབྲེལ་བ་ཇི་ལྟར་བེད་སྤྱོད་ཚུལ[རྩོམ་སྒྲིག]

ང་ཚོས་འདས་ཟིན་པའི་ལོ་རྒྱུས་དང་ད་ལྟའི་སྤྱི་ཚོགས་གནས་བབ་གང་ལ་བལྟས་ཀྱང་། ལོ་ཙཱའི་ལས་དོན་ཇི་ལྟར་འཕེལ་ན་བརྡ་ཆད་ཚད་ལྡན་ཅན་དུ་གཏོང་བའི་མཁོ་གལ་དེ་ལྟར་ཆེ་བ་དང་། བརྡ་ཆད་ཚད་ལྡན་ཅན་དུ་གཏོང་བ་ཇི་ལྟར་སྔ་ན་ཡིག་སྒྱུར་བྱ་བར་དེ་ཙམ་གྱིས་ཕན་ནུས་རླབས་ཆེ་བ་ཐོན་པ་ཤེས་ཐུབ། དེས་ན་ལོ་ཙཱའི་ཐབས་ལ་བརྟེན་ནས་བརྡ་ཆད་ཚད་ལྡན་ཅན་དུ་ཇི་ལྟར་གཏོང་དགོས་ཞེ་ན། བརྡ་ཆད་ཚད་ལྡན་ཅན་དུ་གཏོང་བའི་ལས་ཁུངས་བཙུགས་ནས་འབྲེལ་ཡོད་སྒྲིག་ཁྲིམས་གཏན་འཁེལ་བྱེད་དགོས། ཚན་རྩལ་སྐོར་གྱི་བརྡ་ཆད་མང་པོ་གཅིག་གྱུར་དང་ཚད་ལྡན་བྱ་བ་ནི་དེང་རབས་ཆ་འཕྲིན་སྤྱི་ཚོགས་ཀྱི་དགོས་མཁོ་ཡིན་ལ། འཛམ་གླིང་དཔལ་འབྱོར་གཞི་གཅིག་ཏུ་འགྱུར་བའི་ལས་འགན་གཙོ་བོའང་ཡིན། དེང་དུས་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་བརྡ་ཆད་གསར་བ་མང་དུ་བྱུང་དང་འབྱུང་བཞིན་ཡོད་མོད། ཡིན་ནའང་བོད་དུ་བརྡ་ཆད་གསར་བ་ཞིབ་འཇུག་དང་གཏན་འབེབས་བྱ་བའི་རྒྱ་ཡོངས་རང་བཞིན་གྱི་ལས་ཁུངས་དང་ཚོགས་པ་དབང་གྲགས་ལྡན་པ་ཞིག་མེད་པས། ས་ཁུལ་སོ་སོས་བསྒྱུར་བའི་བརྡ་ཆད་རྣམས་གཅིག་མཐུན་ཡིན་མིན་གང་རུང་བྱུང་བ་དང་། རྒྱུན་སྤྱོད་ཀྱི་དངོས་པོ་གང་མང་ཞིག་ལ་བོད་སྐད་ཀྱི་བརྡ་སྦྱར་མེད་པར་ལུས་ཡོད། བརྡ་ཆད་སྐོར་ཞིག་ནི་ཡིག་ཐོག་ནས་གཅིག་གྱུར་བྱས་ནའང་བརྡ་ཆད་ལོ་ཙཱའི་རྩ་དོན་དང་མི་མཐུན་པས་ཁྱབ་གདལ་བྱེད་མ་ནུས་པའང་མཆིས། དེ་བས་ཐོག་མར་ཚན་རྩལ་བརྡ་ཆད་རྣམས་གཅིག་གྱུར་དང་ཚད་ལྡན་དུ་གཏོང་བའི་རྒྱལ་ཡོངས་རང་བཞིན་གྱི་ལས་ཁུངས་གསར་དུ་འཛུགས་དགོས་ལ། དེའི་ཕྱོགས་ཀྱི་འབྲེལ་ཡོད་སྒྲིག་ཁྲིམས་དང་བརྩི་སྲུང་བླང་བྱ་གསལ་བོར་གཏན་ལ་ཕབ་སྟེ་ཧུར་བརྩོན་དང་གཟབ་ནན་གྱིས་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། དུས་ལྟར་དུ་བོད་ཁམས་ཡོངས་ཀྱི་མཁས་པའམ་ལོ་ཙཱ་བ་མང་པོ་བསྡུས་ནས་གསར་དར་གྱི་བརྡ་ཆད་རྣམས་ཇི་ལྟར་བསྒྱུར་དགོས་པར་གཅིག་གྱུར་གྱི་ཚད་གཞི་བཟོས་ནས་འགྱུར་མིང་གཏན་དུ་འཁེལ་དགོས་ལ། གཏན་དུ་ཁེལ་བའི་བརྡ་ཆད་གསར་བ་རྣམས་བོད་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་ཁྱབ་བསྒྲགས་བྱས་ནས་ངེས་སུ་འཇུག་པ་དང་། ལོ་ཙཱའི་བྱ་བ་གཉེར་མཁན་དག་གིས་ཀྱང་དེ་ལ་བརྩི་སྲུང་དང་དང་ལེན་གང་ལེགས་བྱས་ཏེ་ཕྱིན་ཆད་མིང་དེ་དག་ལས་མི་འདའ་བར་བྱས་ཏེ། བོད་བྱིངས་སུ་གཅིག་གྱུར་དང་ཚད་ལྡན་དུ་འགྲོ་བར་རང་ནུས་གང་ཡོད་འབུལ་དགོས།

ཚན་རྩལ་སྐད་བརྡ་རྒྱལ་ཁབ་ཕྱི་ནང་གི་ཚད་གཞི་དང་མཐུན་པར་སྦྱར་ཏེ་ཚད་ལྡན་ཅན་དུ་གཏོང་བ[རྩོམ་སྒྲིག]

མགྱོགས་མྱུར་དང་ཡང་དག་པའི་སྒོ་ནས་ཚན་རྩལ་བརྡ་འཕྲིན་ནང་འདྲེན་དང་བརྒྱུད་སྒྲོག་བྱེད་པའི་ཆེད་དུ། ཚན་རྩལ་རྩོམ་ཡིག་གི་སྐད་བརྡ་དེ་རྒྱལ་ནང་དང་རྒྱལ་སྤྱིའི་འབྲེལ་ཡོད་ཚད་གཞི་དང་ཆོད་དོན་ལྟར་གཟབ་ནན་བྱེད་དགོས། དཔེར་ན། ཚད་འཇལ་གྱི་རྩིས་གཞི་མཚོན་སྐབས། “སྤྱི་ལོ1984ལོའི་ཟླ3པའི་ཚེས4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་གནང་བའི《རང་རྒྱལ་དུ་གཅིག་གྱུར་གྱིས་ལག་བསྟར་བྱེད་པའི་ཁྲིམས་བཅད་ཚད་འཇལ་རྩིས་གཞི་སྐོར་གྱི་བཀའ་འབེབས》ཞེས་པར་བསྟུན་ནས་བསྒྱུར་དགོས་ཏེ། ཁྲིམས་བཅད་ཚད་འཇལ་རྩིས་གཞི་ནི་རྒྱལ་སྤྱིའི་རྩིས་གཞིའི་རྨང་གཞི་ཡིན། ”དེ་བཞིན་དུ་རྒྱལ་སྤྱིའི་སྟེང་གཅིག་མཐུན་དུ་སྤྱོད་པའི་མཚོན་རྟགས་སྣ་ཚོགས་དང་། སྤྱི་འགྲོས་མང་པོ། ཕྱི་ཡིག་གི་གསལ་བྱེད་ཚང་མར་གཟབ་ནན་སྒོས་གོང་རིམ་ནས་ཐག་བཅད་པ་བཞིན་འབྲི་དགོས། དཔེར་ན།འཛམ་གླིང་འཕྲོད་བསྟེན་རྩ་འཛུགསཀྱིས་གཏན་དུ་ཕབ་པའི་སྨན་རྫས་བཏགས་མིང་དང་རྒྱལ་སྤྱིའི་ཆེད་ཁེ་མ་ཡིན་པའི་སྨན་མིངལྟ་བུ་ལོ་ཙཱ་བྱེད་དུས་ངེས་པར་དུ་དེའི་ཐད་ཀྱི་རྩ་བའི་སྒྱུར་ཐབས་ཏེ། སྒྲ་སྒྱུར། དོན་སྒྱུར། སྒྲ་དོན་བསྲེས་སྒྱུར་བཅས་སྤྱད་ནསཡི་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པར་བྱེད་དགོས་ལ། རྩ་འཛུགས་དེས་གཏན་དུ་ཁེལ་བའི་མིང་འདོགས་རྩ་དོན་བཞིན་ལ་ཏིན་གྱི་ཡི་གེ་དང་། དབྱིན་ཡིག ཧྥ་ཡིག ཨུ་རི་སིའི་ཡི་གེ འཇར་པན་གྱི་ཡི་གེ་བཅས་ཀྱི་ཤན་སྦྱར་ལ་བསྟུན་ནས་སྒྲ་སྒྱུར་གཙོ་བོར་སྤྱད་དེ་རྟོགས་སླ་བ་དང་ཀློག་བདེ་མོར་གཏོང་དགོས། དོན་སྤྱི་གསར་པ་མཚོན་པའི་ཐ་སྙད་སྡུད་ལེན་བྱེད་སྐབས། ཕྱི་ཡིག་གི་ཐ་སྙད་གྲུབ་ཚུལ་གྱི་དོན་སྤྱི་དེར་བསམ་གཞིགས་ལེགས་པར་བྱས། བོད་རང་གི་མིང་འདོགས་ལུགས་དང་ཐ་སྙད་སྦྱོར་སྟངས་ལ་སྒོ་བསྟུན། རྒྱལ་སྤྱིའི་གཅིག་གྱུར་གྱི《མིང་འདོགས་རྩ་དོན》ལ་གཞི་བཅོལ་ཏེ། ནང་དོན་དང་རྣམ་པ་གང་ཡང་རྒྱལ་སྤྱི་དང་མཐུན་པའི་མིང་བརྡ་གསར་བ་བཟོ་དགོས། དེ་ལྟར་ན་ད་གཟོད་བོད་མི་རྣམས་ཀྱིས་དང་ལེན་ཤེས་རྟོགས། བཀོལ་སྤྱོད། ཁྱབ་གདལ་བཅས་བྱེད་སླ་བར་མ་ཟད། བརྡ་ཆད་དེའི་ཚན་རིག་རང་བཞིན་དང་རྒྱལ་སྤྱི་པའི་བྱ་རིམ་ཞིག་དང་། ཧ་ཅང་དོན་སྙིང་ལྡན་ཞིང་དཀའ་ཚེགས་ཆེ་བའི་ལས་དོན་ཞིག་ཀྱང་ཡིན་པས། རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་སྟེང་དུ་ཆེད་གཉེར་ལས་ཁུངས་བཙུགས་ནས་བྱ་བ་འདི་སྒྲུབ་བཞིན་ཡོད། དཔེར་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྡ་ཆད་རིག་པའི་རྨང་གཞི་ཚིག་མཛོད་ཀྱི་ཚད་གཞི》ཞེས་པ་དང་། རྒྱལ་སྤྱིའི་ཚད་གཞི་ཅན་གྱི་རྩ་འཛུགས་ཨངཔའི་ལག་རྩལ་ཨུ་ཡོན་ལྷན་ཁང་གིས《དོན་སྤྱི་དང་བརྡ་ཆད་ཀྱི་རྒྱལ་སྤྱི་གཅིག་གྱུར》《བརྡ་ཆད་རིག་པའི་རྩ་དོན་དང་བྱེད་ཐབས》ཞེས་པ་སོགས་མཛད་པ་ལྟ་བུས་མཚོན་ནོ།།