བཙུན་མོ་རིན་ཆེན་
Appearance
རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་ཡ་གྱལ། བཙུན་མོ་རིན་པོ་ཆེ།
1. 《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》ལས། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་ཡ་གྱལ་ཏེ། 《དྲན་པ་ཉེར་བཞག》ལས། བཙུན་མོ་རིན་པོ་ཆེ་ནི་ལུས་ལ་ཙནྡན་དང་ཁ་ལ་ཨུཏྤལའི་དྲི་འབྱུང་ཞིང་། རེག་ན་ཉོན་མོངས་མེད་པས་མི་ཐམས་ཅད་ཀྱིས་མ་དང་སྲིང་མོ་ལྟར་མཐོང་བ། གླིང་དེའི་བཀྲེས་སྐོམ་ཐམས་ཅད་སེལ་བར་བྱེད་ཅིང་བསམ་པ་དང་མཐུན་པ། བུ་མང་པོ་བཙའ་ཞིང་ཁྱིམ་ཐབས་མེད་ཀྱང་འདོད་ཡོན་ལྔའི་དབང་དུ་མི་འགྱུར་བ་ཞིག་ལྡན་པ་ལ་སོགས་པ་དེའོ། ། 2. 《དུང་དཀར་ཚིག་མཛོད་ཆེན་མོ》ལས། བཙུན་མོ་རིན་པོ་ཆེ་ནི་གཟུགས་མཛེས་ཤིང་བལྟ་ན་སྡུག་པ། བུད་མེད་ཀྱི་སྐྱོན་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་དང་ལྡན་པ། ཡིད་དུ་འོང་བའི་དྲི་དང་རེག་བྱ་དང་ལྡན་པ་ལ་སོགས་པ་དེའོ། །