བདེན་དོན་བཅུ་གཉིས་

ཡོང་ཁུངས་Wikipedia

བདེན་དོན་བཅུ་གཉིས་ནི་བདེན་བཞིའི་རྣམ་པ་བཅུ་གཉིས་ཏེ། 《མཛོད་རང་འགྲེལ》ལས། ཇི་ལྟར་རྣམ་པ་བཅུ་གཉིས་ཡིན་ཞེ་ན། བདེན་པ་རྣམས་ལ་སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་ཞེས་བྱ་བ་དང་། ཡོངས་སུ་ཤེས་པར་བྱ། སྤང་བར་བྱ། མངོན་སུམ་དུ་བྱས། བསྒོམ་པར་བྱ་ཞེས་བྱ་བ་དང་། ཡོངས་སུ་ཤེས། སྤངས། མངོན་སུམ་དུ་བྱ། བསྒོམས་ཞེས་བྱ་བ་རྣམ་པ་གསུམ་དུ་བྱས་པའི་ཕྱིར་རོ་ཞེས་བདེན་བཞིའི་རང་གི་ངོ་བོ་ལ་དམིགས་པ་རྣམ་པ་བཞི་དང་། བྱ་བ་ལ་དམིགས་པ་རྣམ་པ་བཞི་དང་། མཐར་ཐུག་ལ་དམིགས་པ་རྣམ་པ་བཞི་སྟེ་བཅུ་གཉིས་སོ། །